ཨོ་སི་ཊོ་ལི་ཡའི་ནང་ས་གནས་གང་སར་མི་མང་གི་ལུས་རྩེད་རྩེ་ས་ཡོད་པ་དང་། དེ་དག་གསར་དུ་འབྱོར་བའི་གཞིས་སྤོ་བ་རྣམས་ལ་ཕན་ཐོགས་ཆེན་ཆགས་བཞིན་ཡོད།
མེལ་བྷོན་གྲོང་ཁྱེར་ནང་ས་གནས་གྲོང་སྡེ་ལྷན་ཁང་གི་རྐང་རྩེད་སྤོ་ལོ་རྩེ་ཐང་ཞིག་མེལ་བྷོན་གྲོང་ཁྱེར་སྤྱི་ཚོགས་རྐང་རྩེད་སྤོ་ལོ་གྱི་མི་རིགས་སྣ་ཚོགས་དང་རིག་གཞུང་སྣེ་མང་འདུ་འཛོམས་བྱེད་སའི་ཁྱིམ་གཞིས་ལྟ་བུ་ཞིག་ཆགས་ཡོད།
མེལ་བྷོན་སྤྱི་ཚོགས་རྐང་རྩེད་སྤོ་ལོ་རྩེ་ཐང་ནི་མི་རྣམས་དུས་ཚོད་ངེས་མེད་དུ་ཡོང་ནས་སྤོ་ལོ་རྩེ་བ་དང་ལུས་སྦྱོང་སོགས་བྱེད་ཀྱི་ཡོད་པ་དང་། རྩེད་ཐང་དེ་ནི་ད་ཆ་ཝི་ཊོ་རི་ཡ་མངའ་སྡེའི་ནང་སྤྱི་ཚོགས་རྐང་རྩེད་སྤོ་ལོའི་རྩེ་ཐང་ཆེ་ཤོས་ཤིག་ཆགས་ཡོད་སྐོར་རྩེད་ཐང་གསར་འཛུགས་བྱེད་མཁན་གྲས་སྐུ་ཞབས་མེ་ཤལ་མཱ་ཨར་ཐུར་ Michael McArthur ལགས་ཀྱིས་འགྲེལ་བརྗོད་གནང་འདུག
We don’t train. We just turn up on a Saturday or during the week. It’s a fun game, it’s competitive, but we’re not playing for any ultimate purpose.Michael McArthur, MSS co-founder
ཁོང་གིས་རྩེད་ཐང་འདིར་རྩེད་མོ་རྩེ་མཁན་མང་ཆེ་བ་ནི་རྒྱལ་སྤྱི་ནས་སླེབས་ནས་སློབ་ཕྲུག་དང་། གསར་དུ་འབྱོར་བའི་གཞིས་སྤོ་བ་སོགས་ཡིན་པ་དང་། ཁོང་ཚོ་མང་པོ་ཞིག་ནི་གཅིག་པུར་འདིར་ཡོང་ནས་རྩེད་མོ་རྩེ་བ་དང་དགའ་པོ་དང་བདེ་འཇགས་ཚོར་བཞིན་འདུག རྩེད་མོ་རྩེ་ས་འདིར་མི་སྣ་འདྲ་མིན་སྣ་ཚོགས་ཐུག་གི་ཡོད་པ་དང་ཚང་མ་འཆམ་མཐུན་གྱི་ཁོར་ཡུག་ཞིག་ཆགས་ཡོད་པ་རེད། ང་རྩོས་སྦྱོང་བརྡར་དེ་འདྲ་སྤྲོད་བཞིན་མེད། གཟའ་ཟླ་བ་ནས་སྤེན་པ་བར་སྒོ་ཕྱེ་བཞིན་ཡོད་པ་རེད། ཁོང་ཚོས་ཐེངས་རེ་བདུན་ཕྲག་རེར་རྩེད་མོའུ་རུ་ཁག་མ་འདྲ་བ་རེ་རེ་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག
རྩེད་མོར་ལ་རིན་པ་ཨོ་སྒོར་ ༡༠ རེ་ཙམ་སྤྲོད་དགོས་ཀྱི་ཡོད་པ་དང་། དེ་ཡང་འཛུལ་ཞུགས་ཐོ་འགོད་བྱེད་པར་རྩལ་དང་ལུས་སྦྱོང་གི་རིམ་པ་དེ་འདྲའི་ཆ་རྐྱེན་གང་ཡང་མེད་པ་རེད་འདུག

Women playing basketball Credit: Getty Images/Peathegee Inc
How does sport benefit multicultural women?
སྐུ་ཞབས་མཱ་ཨར་ཐུར་ Mr McArthur ལགས་ཀྱིས་མི་རྣམས་ལུས་རྩལ་དེར་འཛུལ་ཞུགས་བྱེད་པར་རྒྱུན་མཚན་སྣ་ཚོགས་ཤིག་ཡོད་སྐོར་བརྗོད་འདུག
ལུས་བཟོ་ལུས་སྦྱོང་བྱེད་ནས་ཁེ་ཕན་ཏན་ཏན་ཡོད་པ་དང་། མི་རྣམས་ཁང་པའི་ཕྱི་རོལ་ལ་ཐོན་ནས་འགུལ་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནི་མི་རྣམས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན་མིན་ཇི་ལྟར་ཡང་། འདིར་ཡོང་ནས་ལུས་རྩལ་སྦྱོང་སྐབས་ཚོགས་ཆུང་ནང་མི་མང་པོ་ཞིག་ངོ་ཤེས་ཆགས་ཐུབ་ཀྱི་ཡོད་པ་རེད།
མཚམས་རེར་མི་རྣམས་རྩེད་མོ་ཚར་རྗེས་འཐུང་བར་འགྲོ་བ་དང་། རེས་གཟའ་སྤེན་པ་ཉིན་དེ་ལ་བུད་མེད་ཀྱི་རྩེད་རིགས་ཤིག་ཡོད་པ་དང་། བུད་མེད་རྣམས་སྔར་ལྷག་གི་མཉམ་འཛོམས་ཤིག་ཆགས་ཀྱི་ཡོད་པ་རེད། དོན་དངོས་སུ་ཁོང་ཚོའི་ཚོགས་པ་རྣམས་མགྱོག་པོར་མི་མང་པོ་ཞིག་ཆགས་ནས་དེ་ལྟའི་ཆར་ཚོགས་པ་དེའི་ནང་འཚང་ཁས་འཁེངས་ཡོད་པ་རེད་ཅེས་གསུངས་འདུག
བུད་མེད་དེ་ཚོ་མི་རིགས་དང་རིགས་གཞུང་འདྲ་མིན་སྣ་ཚོགས་ནས་ཡིན་ཞིང་། ཁོང་ཚོས་རིག་གཞུང་སྣ་ཚོགས་ཀྱི་བུད་མེད་ལུས་རྩལ་ཚོགས་པ་ MWIS དེ་གསར་འཛུགས་གནང་མཁན་དཔེར་ན་མོ་ལེ་ནཱ་ཨ་སི་ཐཱ་ནེ་ Molina Asthani ལྟ་བུར་ལ་ཐུགས་རྗེ་ཆེ་ཞུ་བཞིན་འདུག

Kayakers Credit: Getty Images/Robyn Wood
ཚོགས་པ་དེས་རིག་གཞུང་སྣ་ཚོགས་ནས་ཡིན་པའི་བུད་མེད་རྣམས་ལ་བུད་མེད་ཡིན་པའི་འཚེར་སྣང་དེ་སྤངས་ནས། སོ་སོའི་ནུས་པ་གོང་མཐོར་གཏོང་ཆེད་དང་། སོ་སོའི་ལུས་སེམས་བདེ་ཐང་། སྤྱི་ཚོགས་ནང་འཛུལ་ཞུགས་ཐུབ་པར་ལུས་རྩལ་ཚོགས་པ་དེའི་ནང་མཉམ་ཞུགས་བྱེད་དགོས་པའི་སེམས་ཤུགས་སྤར་བཞིན་ཡོད་པ་རེད།
It gives you confidence, self-esteem and empowers you. It helps you overcome issues of isolation and depression in a new country, find peer support from sporting groups, develop comradery, and get the support, strength and self-belief sometimes to come out of abusive relationships. It also challenges gender norms predominant in some of these cultures.Molina Asthani, Founder of Multicultural Women in Sport (MWIS)

Community soccer Credit: Melbourne Social Soccer
The benefits include meeting new friends, getting connected to local employment opportunities through your local sports clubs, and it’s also just a great physical and mental tool for young people.Jay Panchal, Sports and Recreations Project Officer at CMY
ལུས་རྩལ་སྤྲོ་སྐྱིད་ཁང་དེ་ད་ཡོད་རིག་གནས་ནི་སྐྱེས་པ་ཚོས་གཙོ་ཁྲིད་བྱེད་བཞིན་ཡོད་པ་དང་། Anglo-Saxon ལྟ་བུར་སྐྱེས་པ་འགའ་ཤས་ཀྱིས་སྐབས་རེར་ཆང་རག་འཐུང་བ་སོགས་ཀྱིས་རྐྱེན་པས། རྒྱལ་ཇོངས་མི་འདྲ་བའི་བུད་མེད་ཚོ་ལ་མཚོན་ནི་ཧ་ཅང་ཉེན་འཚབ་ཅན་ཞིག་མཐོང་གི་ཡོད། མ་ཚད་མཚམས་རེར་དཔལ་འབྱོར་གྱི་འགལ་རྐྱེན་ཡང་ཡོད་པ་རེད། ལུས་རྩལ་ནི་ཁོང་ཚོའི་ལས་དོན་ནང་གལ་གནད་ཆུང་ཤོས་ཀྱི་བྱ་བ་ཞིག་ཡིན་སྲིད་ལ། ད་དུང་རིག་གནས་ཁ་ཤས་ལ་མཚོན་ནས་བཤད་ན་རིག་གཞུང་ལ་མཐོང་ཆེན་བྱེད་པ་ལས་ལུས་རྩལ་ལ་མཐོང་ཆེན་བྱེད་མཁན་དཀོན་པོ་རེད་ཅེས་གསུངས་འདུག
MWIS ལུས་རྩལ་ཁང་དེའི་ནང་བུད་མེད་རྣམས་ཀྱི་ཆེད་དུ་རྩེད་མོ་གོ་སྒྲིག་པ་དང་། རྩེད་མོ་རྩལ་ཁྲིད་པ་བུད་མེད་ཁོ་ན་དང་། ད་དུང་ལུས་རྩལ་ར་བ་དེའི་ནང་འཛིན་སྐྱོང་བྱེད་མཁན་བུད་མེད་ཁོ་ན་ཇེ་མང་དུ་འགྲོ་ཐབས་བྱེད་བཞིན་ཡོད་པ་རེད།
ཞིབ་ཕྲ་གནས་ཚུལ་དང་ཁྱེད་རང་གི་ཉེ་འཁོར་དུ་ལུས་རྩལ་སྤྲོ་སྐྱིད་ཁང་ཡོད་མེད་ཨོ་སི་ཊོ་ལི་ཡའི་ལུས་རྩལ་ལྷན་ཚོགས་ཀྱི་དྲ་ཚིགས་ sportaus.gov.au ཐོ་ག་ལ་གཟིགས།

Running group Credit: Getty Images/Belinda Howell