Key Points
- ཉིན་རེར་མི་མེད་ལུང་སྟོང་དུ་སྤྲོ་འཆམ་ལ་འགྲོ་མཁན་གཅིག་རེ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། སྤྲོ་འཆམ་ལ་གྲ་སྒྲིག་ཡག་པོ་བྱས་པ་དེ་ཡིས་རང་ཉིད་ཀྱི་ལམ་ཁ་ནོར་ནས་མགོ་འཁོར་བའི་ཉེན་ཁ་ཉུང་དུ་གཏོང་བ་ཡིན།
- གལ་སྲིད་མགོ་འཁོར་བྱུང་ཚེ་མར་བསྡད་ནས་སེམས་པ་ལྷོད་ལྷོད་གནས་ཐབས་བྱས་ཏེ་ལམ་ཁ་ཐག་གཅོད་བྱེད་དགོས།
- མི་མེད་ལུང་སྟོང་ཁུལ་ཕལ་མོ་ཆེ་ལ་ཁ་པར་གྱི་བརྡ་རྟགས་མེད་སྟབས། ཛ་དྲག་མྱུར་སྐྱོབ་དགོས་སྐབས་ཉེན་ཁའི་ནང་ཡོད་པའི་བརྡ་གཏོང་བའི་ལག་ཆ་གླ་རྒྱུ་ཡོད་པ་རེད།
- གནས་སྟངས་ཛ་དྲག་སྐབས་མི་མེད་ལུང་སྟོང་མྱུར་སྐྱོབ་ཚན་པས་ (SES Bush Search and Rescue) ཁྱེད་རང་ལ་རོགས་རམ་བྱེད་ངེས་རེད།
མི་མེད་ལུང་སྟོང་དུ་མགོ་འཁོར་མཁན་མི་བརྒྱ་ཆའི་ ༩༥ ཙམ་ཆུ་ཚོད་ ༡༢ ནང་ཚུད་དུ་ཕྱིར་རྙེད་ཀྱིན་ཡོད་པ་རེད།
དེ་ནི་ཁེ་རོ་ཡན་ལྟ་བུའི་དང་བླངས་མྱུར་སྐྱོར་པ་དག་ལ་བརྟེན་ནས་འབྱུང་གིན་ཡོད་པར། ཁོང་མོས་མི་མེད་ལུང་སྟོང་དུ་འགྲོ་སྐབས་གྲ་སྒྲིག་གང་དག་དགོས་མིན་གྱི་ཐད་སློབ་སྦྱོང་ཡང་སྤྲོད་ཀྱིན་ཡོད་པ་རེད།
ཁོང་མོ་ལྟར་ན། མི་མེད་ལུང་སྟོང་དུ་སྤྲོ་འཆམ་བྱེད་སྐབས་ངེས་པར་དུ་དབྱིན་ཡིག་གི་བསྡུས་ཚིག་འགའ་སེམས་ལ་འཛིན་དགོས་པ་དང་། དེ་ནི་ TREK རེད།
T ནི་ TAKE ཡིན་པ་དང་། དེའི་དོན་ནི་རང་ཉིད་ལ་གང་མཁོ་བ་དེ་མཉམ་འཁྱེར་བྱེད་པ་དེ་ཡིན་འདུག
R ནི་ REGISTER དང་། དེའི་དོན་ནི་རང་ཉིད་གང་དུ་འགྲོ་བ་གཞན་ལ་ཤེས་རྟོགས་ཡོད་པ་བྱེད་དགོས་པ་དེ་ཡིན།
E ནི་ Emergency དང་། དེའི་དོན་ནི་རང་ཉིད་ཛ་དྲག་ཡིན་པ་གཞན་ལ་ཤེས་པར་བྱེད་པའི་ཐབས་དེ་ཡིན།
K ནི་ Know དང་། དེའི་དོན་ནི་རང་ཉིད་ཀྱི་ལམ་ཁ་ལ་རྒྱུས་ལོན་ཡག་པོ་བྱས་ཏེ་གྲ་སྒྲིག་བྱེད་པ་དེ་ཡིན་འདུག

Preparedness will increase the likelihood of being found. Credit: pixdeluxe/Getty Images
ངེས་པར་མཁོ་བ་དག་འཁྱེར་དགོས།
རང་ཉིད་ཀྱི་རྒྱབ་ཁུག་ནང་ངེས་པར་དུ་འཁྱེར་དགོས་པའི་ཅ་ལག་ཁག
ཤིང་ཏོག་གི་འབྲས་བུ་དང་ཅོག་ལེབ་སོགས་ཀྱི་ཞོར་ཟས་དང་ཟ་མ་འདང་ངེས་ཤིག
འཐུང་ཆུ། ཆུ་ཚོད་གསུམ་རེ་མཚམས་སུ་ཆུ་ལེ་ཊར་གཅིག་རེ་འཐུང་ན་འདང་ངེས་ཡོད་པ་ཞིག
གྱོན་པ་ཚོན་མདངས་ཧར་པོ་ཅན་འཁྱེར་བ།
ཞྭ་མོ་དང་ཉི་འགོག་ངོ་སྣུམ།
ལམ་ཁ་རྩུབ་མོ་ནང་གྱོན་ནའང་ཧ་ཅང་བདེ་བའི་ལྷམ་ཆ་གཅིག
ཆར་ལྭ་གཅིག
གལ་སྲིད་ས་ཁྲ་དང་ཕྱོགས་སྟོན་འཁོར་ལོ་སྤྱོད་ཤེས་ཚེ་དེ་གཉིས་མཉམ་འཁྱེར་བྱེད་དགོས་པ་དང་། དེ་མིན་ཁ་པར་ནང་དུ་ཕབ་ལེན་བྱ་དགོས།
སྟབས་བདེ་སྨན་བཅོས་བྱེད་པའི་སྒམ་ཆུང་བཅས་ཡིན།
མི་མེད་ལུང་སྟོང་དུ་རང་ཉིད་གཅིག་པུ་འགྲོ་བ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། གལ་སྲིད་རང་ཉིད་ཀྱི་མཉམ་དུ་རོགས་པ་འགའ་ཡོད་ཚེ། ཁོང་ཚོ་ནི་ཉེན་ཁའི་སྐབས་སུ་རོགས་རམ་བྱེད་མཁན་ཡིན་པ་རེད།ཁེ་རོ་ཡན།
ཉུང་མཐར་མི་བཞི་མཉམ་དུ་འགྲོ་དགོས་པ་དང་། གལ་སྲིད་མི་གཅིག་ལ་རྨས་སྐྱོན་བྱུང་ནས་འགྲོ་མ་ཐུབ་པ་བྱུང་ཚེ། གཅིག་གིས་རྨས་མ་དེ་ལ་སྨན་བཅོས་བྱེད་པ་དང་། གཞན་གཉིས་ཡར་མར་སོང་ནས་རོགས་རམ་བཙལ་ཆོག་པ་རེད།

It's also vital to let other people know your plans. Credit: visualspace/Getty Images
རང་ཉིད་གང་ས་ཆ་གང་དག་ལ་འགྲོ་འཆར་ཡོད་མེད་གཞན་ལ་ཤེས་སུ་འཇུག་པ།
ཁྱེད་ཀྱིས་རྒྱལ་ཡོངས་སྤྱི་གླིང་ཚན་པ་དང་། རི་དྭགས་ཞབས་ཕྱི་ཚན་པ། ཉེན་རྟོག་ཚན་པ་དང་། བློས་འགེལ་ཆོག་པའི་གྲོགས་པོ་ལ་རང་ཉིད་ཀྱི་འཆར་གཞི་རྣམས་ཤེས་རྟོགས་ཡོད་པ་བྱས་ཆོག
རང་ཉིད་གང་དུ་འགྲོ་འཆར་ཡོད་པའི་གནས་ཚུལ་ཞིབ་ཕྲ་གཞན་ལ་བཤད་དགོས་ཏེ། ལམ་ཁ་གང་དུ་འགྲོ་བ་དང་། དུས་ནམ་ཞིག་ལ་ཚར་བ། སྤྲོ་འཆམ་ཚར་རྗེས་ཁོང་ཚོར་འབྲེལ་བ་བྱས་ཏེ་རང་ཉིད་བདེ་འཇགས་ངང་ཕྱིར་ལོག་ཡོད་པའི་བརྡ་ལན་སྤྲོད་དགོས་པའང་བརྗེད་མི་ཉན་པ་རེད།
ཉེན་ཁའི་ནང་ཡོད་པའི་བརྡ་གཏོང་བའི་ལག་ཆ།
མི་མེད་ལུང་སྟོང་གི་ས་ཆ་ཕལ་མོ་ཆེའི་ནང་ཁ་པར་ལ་བརྡ་རྟགས་མེད་སྟབས། མི་ཚོས་རང་ཉིད་ཀྱི་ས་གནས་ངོས་འཛིན་བྱེད་ཆས་ (Personal Locator Beacon) ལག་ཏུ་འཛིན་གྱིན་ཡོད་པ་དང་། དེ་ཡིས་མཁའ་དབྱིངས་ཀྱི་ཟུང་སྐར་བརྒྱུད་ནས་ཁྱེད་རང་གང་དུ་ཡོད་མེད་ངོས་འཛིན་ཐུབ་པ་རེད།
ནིའུ་སོཐི་ཝལ་མངའ་སྡེའི་མི་མེད་ལུས་སྟོང་སྤྲོ་འཆམ་ཚན་པའི་ལས་མི་ཀུར་སི་ཊན་མལ་ཡར་ (Kirsten Mayer) གྱིས་བརྗོད་དོན། གལ་སྲིད་ཁྱེད་རང་དཀའ་ཁག་ཆེན་པོ་ཞིག་གི་ནང་ལྷུང་ཚེ་ས་གནས་ངོས་འཛིན་བྱེད་ཆས་དེ་སྤྱད་ནས་ཉེན་བརྡ་བཏང་ཆོག་ལ། དེ་ནས་ཉེན་རྟོག་པས་ཐད་འཕུར་གནམ་གྲུ་སོགས་སྤྱད་དེ་ཐབས་ལམ་ཡོད་དགུའི་ཐོག་ནས་ཁྱེད་རང་འཚོལ་ངེས་པ་ཡིན་འདུག
ཉེན་རྟོག་པས་ཐད་འཕུར་གནམ་གྲུ་སོགས་སྤྱད་དེ་ཐབས་ལམ་ཡོད་དགུའི་ཐོག་ནས་ཁྱེད་རང་འཚོལ་ངེས་པ་རེད།ཀུར་སི་ཊན་མལ་ཡར་ (Kirsten Mayer) གྱིས་བརྗོད་དོན།
ཉེན་ཁའི་སྐབས་རང་ཉིད་ཀྱི་ས་གནས་ངོས་འཛིན་བྱེད་ཆས་དེ་ནི་ཚོང་ཁང་ཁག་ཅིག་དང་རྒྱལ་ཡོངས་སྤྱི་གླིང་ཚན་པ། དེ་བཞིན་གྲོང་མཐར་གནས་པའི་ཉེན་རྟོག་ལས་ཁུངས་ནང་ཁྱེད་ཀྱིས་རིན་པ་སྤྲད་ནས་གཡར་ཆོག་པ་རེད།
གཞན་རང་ཉིད་ཀྱི་ཁ་པར་ནང་དུ་ཉེན་བརྡའི་མཉེན་ཆས་ (Emergency Plus app) ཕབ་ལེན་བྱས་ཆོག་ནའང་། དེ་ལ་ཁ་པར་གྱི་བརྡ་རྟགས་དགོས་ལ། བརྡ་རྟགས་ཡོད་ཚེ་དེ་ཡིས་རང་ཉིད་ཀྱི་ས་གནས་ཤེས་རྟོགས་དང་གཞན་ལ་ཁ་པར་བཏང་ནས་རོགས་རམ་སློང་ཆོག་པ་རེད།
རང་ཉིད་ཀྱི་ལམ་ཁ་ལ་རྒྱུས་ལོན་ཡག་པོ་བྱས་ཏེ་གྲ་སྒྲིག་བྱེད་དགོས།
ཁེ་རོ་ཡན་གྱིས། རང་ཉིད་ས་ཆ་གང་དང་གང་ནས་འགྲོ་ངེས་ཡིན་པ་ཤེས་དགོས་ལ། ལམ་ཡིག་བཞིན་འགྲོ་བ་དང་། ས་ཁྲ་བེད་སྤྱོད་གཏོང་བ། དུས་ཡུན་ག་ཙམ་གྱི་ནང་འགྲོ་དགོས་པ་བཞིན་འགྲོ་དགོས་པ་ལས་ལམ་བར་ནས་ཁ་ཕྱོགས་གཞན་ལ་བསྒྱུར་མི་འོས་པ་རེད།
ཁྱེད་རང་གང་དུ་འགྲོ་འཆར་ཡོད་པའི་གནས་ཚུལ་མི་གཞན་ལ་བཤད་རྒྱུ་བརྗེད་མི་ཉན་པར། གལ་སྲིད་དེ་ལྟར་བྱུང་ཚེ་ཛ་དྲག་མྱུར་སྐྱོབ་ཚན་པས་ཁྱེད་རང་གང་དུ་འཚོལ་དགོས་མིན་ཤེས་པ་རེད།
རང་ཉིད་ལ་འཚམ་པའི་སྤྲོ་འཆམ་བྱེད་ས་ཞིག་འདེམས་དགོས།Caro Ryan, Deputy Unit Commander, NSW SES Bush Search and Rescue
རྒྱུན་དུ་འཕྲད་པའི་ཉེན་ཁ་གཅིག་ནི་རང་ཉིད་དང་འོས་འཚམ་མིན་པའི་ལམ་ཁ་ཞིག་བརྒྱུད་ནས་སྤྲོ་འཆམ་བྱེད་པ་དེ་རེད།
རི་འཛེགས་བྱེད་སྐབས་ཀྱི་རང་ཉིད་ཀྱི་ལུས་པའི་བདེ་ཐང་གི་གནས་བབས་ནི་གནས་ཚུལ་གཞན་ཞིག་རེད། དེར་ཡར་འཛེགས་དགོས་པ་དང་བྲག་རི་གཟར་མོར་མར་འབེབ་དགོས་པ་རེད་ལ། རང་ཉིད་ཀྱིས་རྒྱབ་ཁུག་ཆེན་པོ་དེ་འདྲ་འཁུར་དགོས་པ་རེད། གནམ་གཤིས་ཚ་བོའི་ནང་ལྷག་ཏུ་དཀའ་ཁག་ཆེན་པོ་ཡོད་པ་རེད།
ཁེ་རོ་ཡན་གྱིས་བརྗོད་པ་ལྟར་ན། རི་འཛེགས་བྱེད་པ་སོགས་ཀྱི་སྤྲོ་འཆམ་བྱེད་སྐབས་མི་ཚོས་རང་ཉིད་ཀྱི་ལུས་ཕུང་ཅི་ཙམ་བདེ་ཐང་ཡིན་མིན་ཐད་དེ་ཙམ་དོ་སྣང་མི་བྱེད་པ་ཡིན་འདུག

If you don’t have an emergency beacon, try your best to make yourself visible. Credit: Nicole Bordes
གལ་སྲིད་ཁྱེད་རང་དངོས་སུ་མགོ་འཁོར་བ་ཡིན་ཚེ་ཅི་བྱེད་དམ།
ཐོག་མའི་བྱ་བ་ནི་རང་ཉིད་མར་བསྡད་ནས་སེམས་ལྷོད་ལྷོད་བྱ་རྒྱུ་དེ་ཡིན་པ་རེད།
ཆུ་ཞིག་འཐུང་། གལ་སྲིད་ཐབ་ཀ་སྟབས་བདེ་དེ་འདྲ་འཁྱེར་ཡོད་ཚེ་ཇ་ཞིག་བསྐོལ་དགོས་པ་བརྗོད་འདུག
མར་བསྡད་ནས་སེམས་ལྷོད་ལྷོད་བྱེད་པ་དེ་ཡིས་རང་ཉིད་ཀྱི་ཐག་གཅོད་གང་བྱས་པ་དེ་བློ་གཟུ་བོས་ངང་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད་འདུག
ལམ་ཁ་ནོར་བ་དེའི་ནང་མུ་མཐུད་ནས་འགྲོ་བའམ་ཡང་ན་འཚབ་བེ་འཚུབ་བེ་ངང་འོལ་ཚོད་ཀྱིས་ལམ་ཁ་ཞིག་འདེམས་ནས་འགྲོ་བ་དེས་རང་ཉིད་ཀྱི་ལམ་ཁ་ཕྱིར་རྙེད་པ་ལ་ཕན་ལས་གནོད་བསྐྱེལ་བ་ཡིན། དེ་ལྟ་བུའི་ཐག་གཅོད་ལ་ཆེད་མཁས་པས་དབྱིན་སྐད་དུ་ bending the map ཟེར་ལ། དེའི་དོན་ནི་ས་ཁྲ་ངོས་ཀྱི་ལམ་ཁ་དངོས་དེ་བཞག་ནས་སེམས་པས་འོལ་ཚོད་ཀྱིས་ལམ་ཁ་གཞན་ཞིག་འདེམས་པ་དེ་ལ་གོ་བ་རེད།
ཁྱེད་ཀྱིས་དེ་སྔོན་རང་ཉིང་གང་དུ་ཡོད་མེད་དྲན་ཀྱིན་འདུག་གམ། གཅིག་བྱས་ན་ཁྱེད་ཀྱིས་རྟགས་སམ་ཡང་ན་དཀྱོགས་མཚམས་དེ་འདྲ་སེམས་ལ་དྲན་ངེས་པ་རེད།
གལ་སྲིད་ཁྱེད་ཀྱིས་རང་ཉིད་ཡོང་ཤུལ་གྱི་རྗེས་ཐག་རིང་པོ་འདེད་མི་ཐུབ་ཚེ། དེའི་བར་དུ་རྟགས་བརྒྱག་དགོས།
གལ་སྲིད་ཁྱེད་རང་ངོ་མ་མགོ་འཁོར་ནས་དཀའ་ཁག་ལ་འཕྲད་ཚེ། རང་ཉིད་གཞན་གྱིས་མཐོང་སའི་ས་ཞིག་ལ་འབུད་དགོས། དེ་ལྟར་བྱུང་ཚེ་གནམ་གཤིས་དང་མཐུན་རྐྱེན་འཛོམས་སྐབས་མྱུར་སྐྱོབ་ཚན་པའི་ཐད་འཕུར་གནམ་གྲུས་བར་སྣང་ནས་ཁྱེད་རང་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་པ་རེད།

Around 95 per cent are found within 12 hours by SES Bush Search and Rescue. Credit: Raoul Wegat/Getty Images
གལ་སྲིད་ཁྱེད་རང་རྨས་པའམ་གནམ་གཤིས་ཧ་ཅང་རྩུབ་མོ་ཞིག་གི་ནང་ལྷག་པ་ཡིན་ཚེ་རང་ཉིད་འདུག་ས་ཞིག་འཚོལ་དགོས་པ་དང་། ལྭ་བ་རློན་པ་རྣམས་ཕུད་དེ་མེ་འབུད་དགོས། མེ་བུད་པ་དེ་ཡིས་ཁྱེད་རང་གང་དུ་ཡོད་མེད་ངོས་འཛིན་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།
རང་ཉིད་ལ་ཡོད་པའི་དངོས་པོ་རྣམས་ལ་གཟབ་ནན་གྱིས་བདག་པོ་བྱེད་དགོས་ལ། གཞན་གྱི་མྱུར་སྐྱོབ་ལ་སྒུག་རིང་ཆུ་དང་ཟ་མའི་རིགས་ཀྱི་དངོས་པོ་ལ་གྲོན་ཆུང་བྱེད་དགོས་སྲིད་པ་རེད།
མི་མེད་ལུང་སྟོང་དུ་སྤྲོ་འཆམ་ལ་མ་སོང་སྔོན་ལ་བྱེད་དགོས་པ་ཁག
རང་ཉིད་དང་ཉེ་འཁོར་གྱི་མི་ལ་སྟབས་བདེ་སྨན་བཅོས་བྱེད་ཐབས་ (first aid) ཀྱི་སློབ་ཚན་ལེན་དགོས་པ་དང་།
གཞན་མི་མེད་ལུང་སྟོང་དུ་སྤྲོ་འཆམ་བྱེད་པའི་ཚོགས་པའི་ནང་འཛུལ་ཞུགས་བྱ་དགོས་པ་གལ་ཆེན་ཡིན་སྐོར་ཀུར་སི་ཊན་མལ་ཡར་ (Kirsten Mayer) གྱིས་བརྗོད་འདུག
ཡང་ཁོང་གིས། མི་མེད་ལུང་སྟོང་དུ་རང་ཉིད་ཀྱི་མཉམ་དུ་ཚོགས་པའི་མི་འགའ་ཡོད་ཚེ་བདེ་འཇགས་ཡིན་པ་དང་། དེའི་ཁྲོད་ཀྱི་མི་རེ་འགས་ས་ཁྲ་ཀློག་པ་དང་ཕྱོགས་སྟོན་འཁོར་ལོ་བེད་སྤྱོད་གཏོང་ཤེས་པ་རེད། དེ་བཞིན་རྨས་སྐྱོན་སོགས་ཀྱི་སྐབས་སྟབས་བདེ་སྨན་བཅོས་བྱེད་པ་དང་ཅི་ཞིག་བྱེད་དགོས་པ་ཤེས་པ་མ་ཟད། ཁོང་ཚོས་ཁྱེད་རང་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་དག་ལ་འཁྲིད་ནས་རང་བྱུང་ཁམས་རོལ་མྱོང་བྱེད་དུ་འཇུག་པ་རེད། ཅེས་བརྗོད་འདུག

Joining a bushwalking group is a great idea to explore Australia's nature. Credit: andresr/Getty Images
Resources
- For bushwalking clubs and safety information across Australia visit .
- You can register your bushwalk plans with .
- Caro Ryan’s
- Caro Ryan’s – Day Hike