དབྱིན་ཇིའི་རྒྱལ་པོ་ལམ་ལུགས་དེ་ཨོ་སི་ཊོ་ལི་ཡའི་ནང་དུ་དབང་ཤུགས་གང་འདྲ་ཡིན་ནམ།

QE2 Members Of The Royal Family Attend Events To Mark The Centenary Of The RAF

LONDON, ENGLAND - JULY 10: (L-R) Prince Charles, Prince of Wales, Prince Andrew, Duke of York, Camilla, Duchess of Cornwall, Queen Elizabeth II, Meghan, Duchess of Sussex, Prince Harry, Duke of Sussex, Prince William, Duke of Cambridge and Catherine, Duchess of Cambridge watch the RAF flypast on the balcony of Buckingham Palace, as members of the Royal Family attend events to mark the centenary of the RAF on July 10, 2018 in London, England Credit: Chris Jackson/Getty Images

ཨོ་སི་ཊོ་ལི་ཡའི་ནང་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་རྗེས་ཤུལ་ཏེ་དབྱིན་ཇིའི་རྒྱལ་པོ་ལམ་ལུགས་མུ་མཐུད་གནས་ཡོད་པ་དང་། ཉེ་ཆར་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༨ ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་རྫ་བྷི་ཐི་གཉིས་པ་དེ་དགུང་གྲངས་ ༩༦ ཐོག་འདས་གྲོངས་སུ་གྱུར་ཡོད་པ་དང་། དབྱིན་ཇིའི་རྒྱལ་པོ་ལམ་ལུགས་དེ་དུས་ད་ལྟ་ཡང་ཨོ་སི་ཊོ་ལི་ཡའི་ནང་དབང་ཤུགས་གང་འདྲ་ཡིན་ནམ།


ཨོ་སི་ཊོ་ལི་ཡའི་མང་གཙོ་འགྲེམས་སྟོན་ཁང་གི་ཞིབ་འཇུག་པ་ཁེམ་བྷེལ་རོ་ཌིས་ Campbell Rhodes ལགས་ཀྱིས་ཨོ་སི་ཊོ་ལི་ཡ་ནི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་བཙུགས་པ་ཞིག་ཡིན་པས། ཨོ་སི་ཊོ་ལི་ཡར་དབྱིན་ཇིའི་སྲོལ་རྒྱུན་གྱི་རིག་གཞུང་མང་པོ་ཤུགས་རྐྱེན་ཐེབས་ཡོད་པ་དང་། དེའི་ནང་གཅིག་ནི་ (རྒྱལ་པོའི་ལམ་ལུགས་) ཡིན་ཞིང་། དབྱིན་ཇིའི་རྒྱལ་པོ་ནི་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་དབུ་འཛིན་ཡང་རེད་ཅེས་གསུངས་འདུག

རྒྱལ་མོ་ཨེ་ལི་རྫ་བྷི་ཐི་ Elizabeth Alexandra མཆོག་ནི་ཁོ་མོས་ཕྱི་ལོ་ ༡༩༥༢ ཟླ་ ༢ པའི་ནང་རྒྱལ་སྲིད་འཛིན་པ་ནས་བཟུང་དབྱིན་ཡུལ་གྱི་རྒྱལ་མོ་དང་། གཞན་ཡང་ཀོ་མོན་ཝལ་ཐི་ Commonwealth (ཆབ་སྲིད་དམ་དཔལ་འབྱོར་གྱི་དགོས་དམིགས་གཅིག་མཚུངས་ཡོད་པའི་རྒྱལ་ཁབ་མང་པོ་འདུས་པའི་ཚོགས་པ་ཞིག་) ཁོངས་སུ་གཏོགས་པའི་རྒྱལ་ཁབ་ ༡༤ ཡི་རྒྱལ་མོ་ཆགས་ཀྱི་ཡོད་པ་རེད།

རྒྱལ་མོ་ཨི་ལི་རྫ་བྷི་ཐི་གཉིས་པ་ནི་དབྱིན་ཇིའི་ལོ་རྒྱུས་ནང་རྒྱལ་སྲིད་དུས་ཡུན་རིང་ཤོས་བཟུང་མཁན་དེ་ཡིན་ཞིང་། ཁོ་མོ་འདས་རྗེས་ཁོང་གི་སྲས་ཆར་ལེ་སི་དབྱིན་ཡུལ་གྱི་རྒྱལ་པོ་ཆགས་ཡོད་པ་དང་། ཁོང་ནི་རྒྱལ་པོ་ཆར་ལེ་སི་གསུམ་པ་དེ་ཡིན།
ཀོ་མོན་ཝལ་ཐི་ Commonwealth མངའ་དབང་འོག་ཡོད་པའི་རྒྱལ་ཁབ་ཚང་མ་ལ་སོ་སོའི་གཞུང་དང་ཁྲིམས་ལུགས་རེ་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་གི་རྒྱལ་ཡོངས་འགན་འཛིན་སན་ཌེ་བྷར་ Sandy Biar ལགས་ཀྱིས་ང་ཚོ་ཨོ་སི་ཊོ་ལི་ཡའི་གཞུང་ནི་དབང་ཆ་དང་གྲུབ་ཚུལ་ནི་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ཀྱི་འོག་ཏུ་འདུས་ཡོད་པ་རེད་ཅེས་གསུངས་འདུག

"ཨོ་སི་ཊོ་ལི་ཡར་ཡིག་ཐོག་ཏུ་རྩ་ཁྲིམས་ཡོད་པས། དེ་ནི་བཅའ་ཁྲིམས་གཞན་དག་ཐམས་ཅད་ལ་དབང་སྒྱུར་བྱེད་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། རྩ་ཁྲིམས་དེའི་ནང་གི་ཆེས་མཐོ་བའི་མི་སྣ་ནི་དབྱིན་ཇིའི་རྒྱལ་མོ་དང་ཡང་ན་རྒྱལ་པོ་སྟེ་ང་ཚོའི་རྒྱལ་ཁབ་ཀྱི་གཙོ་འཛིན་དེ་ཆགས་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་གཙོ་འཛིན་འཛམ་གླིང་གི་ས་ཕྱོགས་གཞན་ཞིག་ཏུ་བཞུགས་ཡོད་པའི་རྐྱེན་གྱིས་ཁོང་ཚོའི་སྐུ་ཚབ་ཞིག་བསྐོ་བཞག་བྱས་ཡོད་པ་རེད། སྐུ་ཚབ་དེས་རྒྱལ་པོའམ་རྒྱལ་མོའི་ཚབ་བྱས་ནས་ལས་དོན་སྒྲུབ་བཞིན་པ་དང་གཞུང་གི་དབུ་ཁྲིད་ཆགས་ཡོད།"ཅེས་གསུངས་འདུག
QE2 Camilla and Charles
With the death of Queen Elizabeth II, her son Charles became King. He has begun his reign as King Charles III. Credit: Carl Court/AP/AAP Image

ང་ཚོའི་རྒྱལ་རྒྱུད་ལམ་ལུགས་དེ་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པས་ཨོ་སི་ཊོ་ལི་ཡ་ནི་རྒྱལ་རྒྱུད་ལམ་ལུགས་ཆགས་ཀྱི་ཡོད།

ལཱ་ཊོར་བྷེ་གཙུག་ལག་སློབ་གཉེར་ཁང་ La Trobe University ཁང་གི་སློབ་དཔོན་ཇོ་དྷེ་ཐི་བྷེ་རེ་ཊི་ Judith Brett ལགས་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་གཙོ་བདག་དེ་བཞིན་མཚོན་དོན་རང་བཞིན་ཀྱི་གནས་བབས་ཤིག་ཆགས་ཡོད་ཅེས་དང་།
ཁོང་གིས་"ཁོ་ཚོར་སྲིད་འཛིན་གྱི་དབང་ཆ་མེད་ཀྱང་སྲིད་འཛིན་གྱི་དབང་ཆ་ཡོད་པའི་སྲིད་གཞུང་གི་དབུ་འཛིན་ཡིན། དེར་བརྟེན་གཅིག་སྒྲིལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་གཙོ་བདག་དང་འགྲན་རྩོད་རང་བཞིན་གྱིས་སླེབས་པའི་གཞུང་གཉིས་དབར་ལ་དབང་ཆ་ཆ་བགོས་ཡོད་པ་རེད།” རྒྱལ་པོར་ཨོ་སི་ཊོ་ལི་ཡའི་ཉིན་རེ་ཉིན་རེའི་ལས་དོན་ལ་མཉམ་ཞུགས་མེད་ཅིང་། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་གཞུང་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཁ་ཐུག་ཤུགས་རྐྱེན་མེད་སྐོར་བརྗོད་འདུག འོན་ཀྱང་རྒྱལ་པོའམ་རྒྱལ་མོས་ཨོ་སི་ཊོ་ལི་ཡའི་གནད་དོན་ལ་གཟིགས་རྟོགས་དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་ལ་ལམ་སྟོན་བཅས་གནང་ཆོག་གི་ཡོད།

གཞུང་གི་སྤྱི་ཁྱབ་ཀྱི་འགན་དབང་ཅི་ཞིག་ཡིན་ནམ།

རྒྱལ་པོ་ཆར་ལེ་སི་གསུམ་པའི་སྐུ་ཚབ་གཞུང་གི་སྤྱི་ཁྱབ་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རར་ཡོད་པས་མ་ཚད། མངའ་སྡེ་སོ་སོའི་རྒྱལ་ས་ནང་ལའང་ཁོང་གི་གཞུང་འཛིན་སྐུ་ཚབ་ཡོད་པ་རེད།
གཞུང་འཛིན་སྤྱི་ཁྱབ་དེ་བཞིན་རྒྱལ་པོ་དང་རྒྱལ་མོ་གང་རུང་གིས་ཨོ་སི་ཊོ་ལི་ཡའི་གཞུང་གི་ལམ་སྟོན་ཐོག་ནས་བསྐོ་བཞག་གནང་གི་ཡོད་པ་དང་། ད་ལྟའི་ཆར་ང་ཚོའི་གཞུང་འཛིན་སྐུ་ཚབ་ནི་སྐུ་ཞབས་ཌེ་ཝི་ཌི་ཧར་ལེ་ David Hurley མཆོག་རེད།
རྒྱལ་པོ་ལྟར་སྤྱི་ཁྱབ་གཞུང་འཛིན་དེས་ཀྱང་ཨོ་སི་ཊོ་ལི་ཡའི་གཞུང་གི་ཉིན་རེ་ཉིན་རེའི་བྱེད་སྒོ་ཁག་ལ་ཐེ་ཇུས་སམ་མཉམ་ཞུགས་གནང་གི་ཡོད་པ་མ་རེད་ཅེས་སྐུ་ཞབས་སན་ཌེ་བྷར་ Sandy Biar མཆོག་གིས་འགྲེམ་བརྗོད་གནང་།

Queen Elizabeth II watches Tjapukai Aboriginal ceremonial fire performance near Cairns, 2002.
Queen Elizabeth II watches Tjapukai Aboriginal ceremonial fire performance near Cairns, 2002. Credit: Torsten Blackwood/AFP via Getty Images

འབྲེལ་བ་བཅད་པ།

ཕྱི་ལོ་ ༡༩༨༦ ལོར་ཨོ་སི་ཊོ་ལི་ཡས་གཏན་འབེབས་བྱས་པའི་རྩ་ཁྲིམས་ནང་རྒྱལ་པོའི་ལམ་ལུགས་ཕུད་པའི་དེ་མིན་དབྱིན་ཇི་གཞུང་དང་ཨོ་སི་ཊོ་ལི་ཡའི་གཞུང་གཉིས་དབར་སོ་སོར་ཐ་དད་བཟོས། དེ་སྔོན་དབྱིན་ཇིས་མི་སེར་སྤེལ་ཡུལ་དུ་གྱུར་པའི་རྒྱལ་ཁབ་མང་པོ་ཞིག་གིས་དབྱིན་ཇིའི་རྒྱལ་པོའི་ལམ་ལུགས་དང་འབྲེལ་བ་བཅད་པ་དང་། ཉེ་བའི་ཆར་དབྱིན་ཇིའི་རྒྱལ་རྒྱུད་ལམ་ལུགས་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་བཅོ་ལྔ་པ་སྟེ་མཚོ་གླིང་རྒྱལ་ཁབ་ཆུང་ཆུང་བྷར་བྷ་ཌོ་སི་ Barbados ཡིས་རྒྱལ་རྒྱུད་ལམ་ལུགས་དང་འབྲེལ་བ་བཅད། མ་ཚད་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་ངལ་རྩོལ་ཚོགས་པས་སྐུ་ཞབས་མཱ་ཊི་ Matt Thistlethwaite ཐེངས་དང་པོར་སྤྱི་མཐུན་རྒྱལ་ཁབ་ Republic ཀྱི་བློན་ཆེན་ལས་རོགས་ལ་བསྐོ་བཞག་བྱས་ཡོད།

ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་ང་ཚོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་ཚོར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་གི་རྒྱལ་ཡོངས་འགན་འཛིན་སན་ཌེ་བྷར་ Sandy Biar དང་། ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་ ARM བཅས་ནས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་སྒྲོམ་གཞི་འགྱུར་བ་གཏོང་བར་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད།
"ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་གིས་ང་ཚོའི་རྒྱལ་ཁབ་ཀྱི་དབུ་འཛིན་དབྱིན་ཇིའི་རྒྱལ་པོའམ་རྒྱལ་མོ་བྱེད་པ་ལས། ང་ཚོའི་རྒྱལ་ཁབ་ཀྱི་དབུ་འཛིན་ཨོ་སི་ཊོ་ལི་ཡའི་མི་མང་རང་གིས་འདེམས་དགོས་ཀྱི་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད།"- ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་གི་འགོ་འཛིན་སན་ཌེ་བྷར་ Sandy Biar གྱིས། -
Sandy Biar of ARM
འགན་འཛིན་སན་ཌེ་བྷར་ Sandy Biar ལགས་ཀྱིས་ང་ཚོས་བལྟས་ན་དེའི་རྒྱུ་མཚན་ནི་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་གིས་ཚང་མ་མང་གཙོའི་ལམ་ནས་ཐག་གཅོད་བྱས་པ་ཞིག་རེད་བསམས་ཀྱི་ཡོད། ང་ཚོའི་སྐུ་ཚབ་ཚོས་ཨོ་སི་ཊོ་ལིའི་ཁེ་ཕན་ཨང་དང་པོ་འཇོག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སློབ་དཔོན་ཇོ་དྷེ་ཐི་བྷེ་རེ་ཊི་ Judith Brett ལགས་ཀྱིས་དབྱིན་ཇིའི་རྒྱལ་པོའི་ལམ་ལུགས་ཐད་ལ་བསམ་བློའི་འདུ་ཤེས་དེ་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡར་རྒྱལ་རྒྱུད་ཀྱི་འཚམས་གཟིགས་དེ་ཡང་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་དང་བསྡུར་ན་དགའ་མོས་ཇེ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་འདུག

The Duke and Duchess of Cambridge visit Taronga Zoo, Sydney during their official 2014 tour to New Zealand and Australia
The Duke and Duchess of Cambridge visit Taronga Zoo, Sydney during their official 2014 tour to New Zealand and Australia Credit: Anthony Devlin/PA Images via Getty Images
ཁོང་གིས་"ངའི་བསམས་པར་སྔ་མོ་ཕྱི་ལོ་ ༡༩༥༠ ནང་ལོ་གཞོན་རྒྱལ་མོ་ཨེ་ལི་རྫ་བྷི་ཐི་ Queen Elizabeth དང་སྲས་ཕི་ལི་ཕི་ Prince Philip གཟིགས་སྐོར་སྐབས་མི་རྣམས་རྒྱལ་པོའི་ལམ་ལུགས་ལ་སེམས་ཚོར་དེ་ཧ་ཅང་ཆེན་པོ་རེད། དེ་ནི་དམག་འཁྲུག་མཇུག་སྒྲིལ་མ་ཐག་དང་མི་རྣམས་སེམས་ངལ་གྱི་གནོན་ཡོད་པའི་སྐབས་དང་དུས་སྐབས་དེར་གོ་ལའི་རང་བཞིན་གྱི་དགའ་སྤྲོ་དུས་སྟོན་ཞིག་ཆགས་ཀྱི་ཡོད།

རྒྱལ་པོའི་ལམ་ལུགས་སམ་ཀོ་མོན་ཝལ་ཐི་ Commonwealth ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཁག་ཅིག་གཞི་རྩ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་དང་། ཉེ་ཆར་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་རེ་ཝན་དྷ་ Rwanda ནང་ཀོ་མོན་ཝལ་ཐི་གཞུང་གི་དབུ་ཁྲིད་ལྷན་ཚོགས་ (CHOGM) སྐབས་རྒྱལ་པོ་ཆར་ལི་སི་གསུམ་པས་སྒྱུར་བཅོས་སྐོར་ལ་གསལ་འདེབས་གནང་ཡོད་པ་དང་། ཀོ་མོན་ཝལ་ཐི་ནི། "འགྲོ་བ་མིའི་རིགས་ཀྱི་སུམ་ཆ་གཅིག་གི་སྐུ་ཚབ་དང་། རང་བཙན་ལྡན་པའི་རང་དབང་གི་ཚོགས་པ་ཞིག སོ་སོས་གཞུང་སྐྱོང་བྱེད་བཞིན་པའི་རྒྱལ་ཁབ་ཁག་ལས་གྲུབ་ཡོད།"

རྒྱལ་པོ་ཆར་ལི་སིས་"ངས་གསལ་པོ་བྱེད་ནས་བཤད་ཀྱི་ཡོད། ངས་དེ་སྔོན་ནས་བཤད་ཟིན་པ་ལྟར་ཚོགས་མི་ལུང་པ་སོ་སོའི་རྩ་ཁྲིམས་བཀོད་སྒྲིག་དེ་སྤྱི་མཐུན་སྲིད་གཞུང་དང་ཡང་ན་རྒྱལ་པོའི་ལམ་ལུགས་བྱེད་མིན་གྱི་གནད་དོན་དེ་མཐའ་གཅིག་ཏུ་རྒྱལ་ཁབ་སོ་སོའི་ཐག་གཅོད་ཅིག་ཆགས་བསྡད་ཡོད་པ་རེད།"ཅེས་ཁོང་གིས་སྲིད་འཛིན་དང་སྲིད་བློན་གྱི་ལྷན་ཚོགས་དེའི་སྐབས་འགྲེལ་བརྗོད་བྱས་ཡོད་པ་རེད།

འདས་པའི་ལོ་འགའི་ནང་ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ལས་འགུལ་ཁང་ ARM ཡིས་ཨོ་སི་ཊོ་ལི་ཡའི་མི་མང་ ༨༠༠༠ ལྷག་ཙམ་ལ་གོ་བསྡུར་བསམ་ཚུལ་རྒྱུས་ལོན་དང་ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྣམ་པ་གང་འདྲ་ཡིན་མིན་ཨོ་སི་ཊོ་ལི་ཡའི་བདམ་ག་དཔེ་མཚོན་ཟེར་བ་ཞིག་ཕྱི་ལོ་ ༢༠༢༢ ཟླ་ ༡ པོའི་ནང་གསལ་བསྒྲགས་བྱས་ཡོད་པ་རེད། དེས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་སྒྱུར་བཅོས་དང་རྒྱལ་ཁབ་ཀྱི་གཙོ་འཛིན་དེ་ཨོ་སི་ཊོ་ལི་ཡའི་མི་མང་གིས་འོས་འདེམས་བྱེད་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།

Share