ཕྱོགས་གཞན་པ་ཞིག་ནས་ས་ཁང་མ་འཛུགས་ཤིག་ལས་ཁང་གླ་སོགས་ཀྱི་ཡོང་འབབ་དེ་ས་ཁང་དེའི་བུན་གཡར་གྱི་སྐྱེད་ཀ་ཚུད་པའི་དགོས་ངེས་ཀྱི་འགྲོ་གྲོན་ཡོང་རྫོགས་ཁེབས་ཐབས་བྱེད་པ་དེ་ལ་དྲང་ཕྱོགས་སོ་འཁོར་ Positively Geared སྤྱད་ཆོག
མཱ་སེ་ཝེལ་ཤེ་མན་ Maxwell Shifman ལགས་ནི་ Intrapac Property ཞེས་པའི་ཨོ་སི་ཊོ་ལི་ཡའི་ནང་ས་ཁང་ཆེད་ལས་ཁང་ཆེ་ཤོས་ཤིག་གི་སྤྱི་ཁྱབ་ལག་བསྟར་འགན་འཛིན་ཞིག་རེད།
ཁོང་གིས་གོ་ལྡོག་སོ་འཁོར་ Negative gearing ནི་ཨོ་སི་ཊོ་ལི་ཡའི་ནང་དཔྱ་ཁྲལ་མཇལ་མཁན་སུ་ཞིག་ས་ཁང་མ་འཛུགས་ཀྱི་བདག་པོ་ཡིན་མཁན་རྣམས་ལ་ཐབས་ཤེས་རིག་པ་ methodology ཤིག་ཡིན་པ་དང་། ཐབས་ལམ་དེའི་ཐོག་ནས་ས་ཁང་གི་བུན་ཆད་དང་ས་ཁང་བདག་སྐྱོང་ཆེད་དུ་ཕྱིན་པའི་འགྲོ་སོང་རྣམས་དཔྱ་ཁྲལ་འཇལ་དགོས་པའི་དངུལ་འབོར་ལས་གཅོག་འཕྲི་བྱེད་ཆོག་གི་ཡོད་སྐོར་བརྗོད་འདུག
ས་ཁང་མ་འཛུགས་བྱེད་པ་ནི་ཁེ་བཟང་རེག་ཆེད་ཡིན་པ་དང་། གོ་ལྡོག་སོ་འཁོར་ Negative gearing དེས་མ་འཛུགས་བྱེད་མཁན་རྣམས་ལ་སེམས་ཤུགས་གཅོག་དགོས་དོན་མེད།
ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་གྱི་ཁྲིམས་ལུགས་ནང་། གལ་སྲིད་ས་ཁང་དེ་ཁང་གླ་བཏང་ཚར་བ་དང་གཏོང་རྒྱུ་ཡིན་ཚེ་ས་ཁང་དེའི་བུན་གཡར་གྱི་ཕྱིར་སྤྲོད་དངུལ་འབོར་དང་སྐྱེད་ཀ་དེ་བཞིན་དཔྱ་ཁྲལ་ལས་ཆགས་ཡངས་ཞུས་ཆོག་གི་ཡོད།
སྐུ་ཞབས་མཱ་སེ་ཝེལ་ Maxwell ལགས་ཀྱིས་ས་ཁང་མ་འཛུགས་བདག་པོ་ལ་བུན་ལོན་དང་ས་ཁང་བདག་སྐྱོང་བཅས་ཀྱི་ཆེད་དུ་འགྲོ་སོང་ཚང་མ་དང་། འགྲོ་སོང་ཆེ་ཤོས་ཤིག་ནི་བུན་ལོན་གྱི་སྐྱེད་ཀ་འགྲོ་སོང་དེ་རེད། འགྲོ་སོང་དེ་ཚོ་ཆུ་རྫིང་ལྟ་བུ་ཞིག་བཟོ་དགོས་པ་དང་ད་དུང་ས་ཁང་ནས་ཀྱང་ཡོང་འབབ་རག་གི་རེད། ཁྱེད་རང་གིས་ཁང་པ་བོགས་གཏོང་གི་ཡོང་འབབ་དེ་འགྲོ་སོང་ལ་ཁ་འཐབ་ཡོང་བ་བྱ་རྒྱུ་དང་། གལ་སྲིད་འགྲོ་སོང་དེ་ཁྱེད་རང་གི་ཡོང་འབབ་ལས་མཐོ་བ་ཡོད་ཚེ་འགྲོ་སོང་འཕར་མ་དེ་ཚོ་ཁྱེད་རང་གི་རྒྱུན་ལྡན་གྱི་ཡོང་འབབ་དཔེར་ན་ལས་ཀ་སོགས་ཀྱི་ཡོང་འབབ་ལས་ཁ་འཐབ་ཡོང་བ་བྱ་རྒྱུ་དེ་རེད་ཅེས་བརྗོད་འདུག
གོ་ལྡོག་སོ་འཁོར་ Negative gearing ཞེས་པའི་ཚིག་དོན་དེ་ཨོ་སི་ཊོ་ལི་ཡའི་ནང་རྒྱུན་ལྡན་དུ་ལག་ལེན་བསྟར་བཞིན་པའི་གནས་ཚུལ་ཞིག་དང་དེ་ནི་མ་འཛུགས་ཚང་མ་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་ལ་དགེ་སྐྱོན་གཉིས་ཀ་ཡོད།
སྐུ་ཞབས་ཤེ་མན་ Shifman ལགས་ཀྱིས་གོ་ལྡོག་སོ་འཁོར་ Negative gearing དེ་མ་འཛུགས་དེ་ལས་མང་བ་དང་ཡང་ན་དཔྱ་ཁྲལ་དུས་འགྱང་བྱེད་པ་ལས་དཔྱ་ཁྲལ་ཆགས་ཡང་བཏང་བ་ཞིག་མིན་སྐོར་བརྗོད་འདུག
འཛམ་གླིང་ནང་ཨོ་སི་ཊོ་ལི་ཡ་ལ་དེའི་ཐད་བྱེད་ཐབས་ལམ་ཁ་མ་འདྲ་བ་ཞིག་ཡོད་པ་རེད། འོན་ཀྱང་འཛམ་གླིང་ནང་ས་ཁོངས་ཁག་ཅིག་ལ་བྱེད་སྟངས་ཏོག་ཙམ་མ་འདྲ་བ་རེར་ཡོད་པ་རེད། ཕལ་ཆེར་ས་ཆ་ཁག་ཅིག་དང་མཚམས་རེར་འཛམ་བུ་གླིང་ནང་ས་ཁང་དེ་ག་རང་ནས་ཡོང་འབབ་དང་ས་ཁང་བདག་སྐྱོང་གི་འགྲོ་སོང་ཁོ་ན་ཁ་འཐབ་ཏུ་གཏོང་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག
གོ་ལྡོག་སོ་འཁོར་ Negative gearing ལས་ཕན་ཐོགས་ཡོད་པ་ཡིན། དང་པོ་སྦྱིན་བདག་ཚོས་དཔྱ་ཁྲལ་མཇལ་དགོས་པའི་ཡོང་འབབ་ཉུང་དུ་གཏོང་ནས་བོགས་མར་གཏོང་ལེན་གྱི་མ་གནས་དམའ་རུ་གཏོང་དགོས་པ་དང་།
གཉིས་པ། དེས་ས་ཁང་གི་མ་གནས་མཐོ་རུ་གཏོང་ཐུབ་པ་དང་། གོ་ལྡོག་སོ་འཁོར་ Negative gearing དེས་ནས་དཔྱ་ཁྲལ་ཁེ་འབབ་ལས་ས་ཁང་ཉོ་མཁན་ཚོ་ཡིད་སེམས་འགུག་ཐུབ།
སེ་ཊེ་ཕན་མེ་ཁན་བྷར་གྷར་ Stephen Mickenberger ལགས་ནི་དཔལ་འབྱོར་ཞབས་ཞུ་ཚོགས་པའི་རྒྱུན་ལས་ཚོགས་མི་ཞིག་རེད། ཁོང་གིས་གོ་ལྡོག་སོ་འཁོར་ Negative gearing དེས་ས་ཁང་ཁྲོམ་རར་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་གནང་དོན།
ཨོ་སི་ཊོ་ལི་ཡའི་གཞུང་གིས་གོ་ལྡོག་སོ་འཁོར་ Negative gearing འགྲོ་སྟངས་དེའི་ཐོག་ནས་མི་མང་གི་ས་ཁང་མ་འཛུགས་བྱ་རྒྱུ་སྐུལ་འདེད་གཏོང་གི་ཡོད་པ་དང་། ད་ལྟ་ས་ཁང་གི་ཡོང་འབབ་ཀྱི་ཚད་གཞི་མར་ལྷུང་བ་དང་། ཁང་གླ་མཐོ་རུ་ཕྱིན་པ། སྡོད་ཁང་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་ནས་མི་རྣམས་ལ་སྡོད་ཁང་མེད་པའི་གནས་སུ་གྱུར་བཞིན་ཡོད་ཅེས་གསུངས་འདུག
གོ་ལྡོག་སོ་འཁོར་ Negative gearing ཞེས་པའི་འགྲོ་སྟངས་དེར་ཆབ་སྲིད་པའི་ཁྲོད་ནས་ལོ་ཁ་ཤས་སྔོན་ནས་ད་བར་རྩོད་རྙོག་གི་བརྗོད་གཞི་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༡༩ ལོར་དབུས་འོས་བསྡུ་སྐབས། ངལ་རྩོལ་ཚོགས་པས་གོ་ལྡོག་སོ་འཁོར་ Negative gearing ཐོག་ནས་ས་ཁང་ལས་དཔྱ་ཁྲལ་ཁེ་བཟང་དེའི་ཐད་དམ་བསྒྲགས་བྱ་རྒྱུ་ཁས་ལེན་དང་སྤྱི་ཚོགས་འདྲ་མཉམ་མེད་པ་ཆགས་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་ཡོད།
འོན་ཀྱང་སྲིད་བློན་ཨན་ཐོ་ནིང་ཨལ་བྷ་ནེ་སེས་ Anthony Albanese ད་ལྟའི་གོ་ལྡོག་སོ་འཁོར་ Negative gearing སྲིད་བྱུས་དེར་རྒྱབ་སྐྱོར་མུ་མཐུད་གནས་ཡོད་པ་རེད།
ཕྱོགས་གཞན་པ་ཞིག་ནས་གུང་ཡངས་ཚོགས་པ་ Liberal Party ངོས་ནས་ས་ཁང་བདག་པོ་མ་འཛུགས་བྱེད་མཁན་རྣམས་གོ་ལྡོག་སོ་འཁོར་ negative gearing སྤྱད་ནས་དཔྱ་ཁྲལ་ཆགས་ཡངས་ཐད་ལ་མུ་མཐུད་དགའ་མོས་བྱེད་བཞིན་ཡོད།
ཨོ་སི་ཊོ་ལི་ཡའི་ལོ་འཁོར་དཔྱ་ཁྲལ་དེ་བཞིན་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ལོ་གཅིག་གི་དུས་ཚོད་མཐའ་མ་དེ་ཆགས་བཞིན་ཡོད་པ་དང་དཔྱ་ཁྲལ་ཕྱིར་ལེན་གྱི་རྩིས་ཁྲ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣༡ སྔོན་ནས་ཚར་བ་བྱེད་དགོས་ཀྱི་ཡོད་པ་རེད།