Highlights
- Australia has new Warning System and Fire Danger Rating System.
- The colour-coded Fire Danger Rating System and the Warning System are similar.
- The Australian Fire Danger Rating System is used to define how dangerous a fire could become.
- The Australian Warning System is used to describe the severity of an incident that is already unfolding.
ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་( དཔྱིད་ཀའི་ནག་པོ་ )སྐབས་དེར་ཨོ་སི་ཊོ་ལི་ཡའི་ནང་ཤིང་ཕྲན་མེ་སྐྱོན་ཚབས་ཆེན་འབྱུང་ནས་རྒྱལ་ཁབ་ནང་གཏོར་ཚབ་ཆེ་བའི་གནས་ཚུལ་དེ་འཛམ་གླིང་ཁྱོན་དུ་གསར་འགྱུར་གྱི་ཁ་བྱང་ཆགས་པ་རེད།
མེ་སྐྱོན་གྱིས་ས་གཞི་འཚིགས་ནས་བདུན་ཕྲག་ཁ་ཤས་ལས་མ་འགོར་བར། དེ་གའི་ས་གནས་གཅིག་པ་ཁག་ཅིག་སླར་ཡང་ཆར་ཞོད་དང་དྲག་ཆར་གྱིས་རྐྱེན་པས་ཆུའི་ནང་ནུབ་པ་རེད།
རོབ་ཝི་བྷུ་ Rob Webb ལགས་ནི་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌིའི་ མེ་སྐྱོན་དང་ཛ་དྲག་ཞབས་ཞུའི་རྒྱལ་ཡོངས་བདེ་དོན་ལྷན་ཁང་ (AFAC) གི་འགན་འཛིན་རེད། ཁོང་གིས་མངའ་སྡེ་དང་ས་ཁུལ་ཁག་ ༣༠ ལས་མང་བའི་ནང་ཛ་དྲག་རོགས་རམ་ཞབས་ཞུ་ཡོད་པ་དང་། རང་བྱུང་གོད་ཆགས་སྐབས་ དེ་དག་ཚང་མ་མཉམ་འབྲེལ་གྱིས་ཕན་ཚུན་འབྲེལ་མཐུད་དང་། གྲ་སྒྲིག གདོང་ལེན་བཅས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
Disasters are happening on the back of each other, or are happening over wider areas, and therefore we’re finding more and more that we’re having to share resources across our boarders.Rob Webb, AFAC CEO

Source: AAP
ཉེ་ཆར་ཨོ་སི་ཊོ་ལི་ཡས་ཛ་དྲག་ཉེན་བརྡའི་ཡོ་ཆས་དང་མེ་སྐྱོན་ཉེན་ཁའི་རིམ་པ་སྐོར་གྱི་མ་ལག་གསར་སྒྱུར་དང་སྟབས་བདེ་རུ་བཏང་ནས་རྒྱལ་ཡོངས་སུ་གཅིག་མཐུན་དང་རིམ་པ་སྟར་ཆགས་ཀྱི་མ་ལག་ཅིག་བཏོན་ཡོད།
དེ་ནི་ས་གནས་གང་ཞིག་ཡིན་མིན་ལ་མ་བལྟོས་པར་རང་བྱུང་འབྱུང་བའི་གོད་ཆགས་གནོད་འཚེ་སྐབས། ཛ་དྲག་གདོང་ལེན་བྱེད་མཁན་གྱི་སྡེ་ཚན་ཁག་དང་མི་མང་ལ་གཞི་རྒྱ་ཆེ་བའི་ཤེས་རྟོགས་ཡོང་ཆེད། འགོ་འཚེ་སྐབས་གདོང་ལེན་བྱེད་ཕྱོགས་དང་གནོད་འཚེ་མ་འདྲ་བར་ཉེན་བརྡའི་གོ་དོན་གང་འདྲ་ཡིན་མིན་བསྟན་ཡོད་ཡོད་པ་རེད།
མེ་སྐྱོན་ཚད་སྟོན་དང་ཛ་དྲག་ཉེན་བརྡ་མ་ལག་གཉིས་འདྲ་པོ་ཡོད་ཀྱང་། དེ་ཚོ་ཛ་དྲག་དང་གནོད་འཚེ་མ་འདྲ་བའི་རིམ་པ་སྣ་ཚོགས་ཤིག་ལ་བེད་སྤྱོད་བྱེད་ཀྱི་ཡོད།
ཧྥི་ནཱ་དྷུན་ས་ཐན་ Fiona Dunstan ལགས་ནི་གནམ་གཤིས་ལས་ཁུངས་ (BOM) ཡི་རྒྱལ་ཡོངས་ཚོགས་སྡེ་འབྲེལ་མཐུད་ཀྱི་འགན་འཁུར་དོ་དམ་པ་ཞིག་ཡིན་ཞིང་། ཁོང་གིས་འགྲེལ་བརྗོད་མ་འདྲ་བ་ཞིག་གནང་དོན།
ཁོང་གིས་མེ་སྐྱོན་ཉེན་ཁའི་ཚད་མཇལ་མ་ལག་དེ་གཙོ་བོར་མེ་སྐྱོན་སྐབས་གྲ་སྒྲིག་དང་། ཉེན་ཚབ་ཆེ་ཆུང་གང་འདྲ་ཡིན་མིན། གནམ་གཤིས་ཀྱི་གནས་སྟངས་དང་ཁོར་ཡུག་སྐོར་དོ་སྣང་གང་འདྲ་བྱེད་དགོས་མིན་སོགས་ལམ་སྟོན་བྱེད་ཀྱི་ཡོད། དེར་བརྟེན་གལ་སྲིད་སང་ཉིན་གནམ་གཤིས་ཏོག་ཙམ་ཚ་པོ་དང་རླུང་བུ་རྒྱག་གི་ཡོད་པ་དང་། ང་ཚོར་དུས་ཚོད་ངེས་ཅན་ཞིག་ལ་ཆར་པ་འབབ་མེད་པ་དང་། རྩྭ་དང་རྩི་ཤིང་རིགས་ཏོག་ཙམ་སྐམ་པོ་ཡོད་པ་དང་། སྐབས་དེར་ང་ཚོས་མེ་སྐྱོན་གྱི་ཉེན་ཁའི་ཚད་གཞི་ཅུང་མཐོ་བ་ཡོད་པ་གཏན་འཁེལ་བྱེད་དགོས་པ་དང་། གལ་སྲིད་མེ་སྐྱོན་འབྱུང་ཚེ་ང་ཚོས་དེ་ལ་བབས་པའི་གྲ་སྒྲིག་ལག་བསྟར་བྱེད་དགོས་པ་རེད་ཅེས་གསུངས་འདུག ཡང་ཁོང་གིས་ཨོ་སི་ཊོ་ལི་ཡའི་ཉེན་བརྡ་མ་ལག་དེ་ཛ་དྲག་དང་ཉེན་ཚབ་ཆེ་བའི་གནས་ཚུལ་ལྷག་སྐབས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་ཡང་མེ་སྐྱོན་གཅིག་པུར་མ་ཡིན་པར་རང་བྱུང་གི་གནོད་འཚེའི་ཉེན་ཁ་ཚང་མའི་སྐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག


Strong winds fan Vic bushfires. Source: AAP
གསར་དུ་བཟོ་བཅོས་བརྒྱབ་པའི་མེ་སྐྱོན་གྱི་ཉེན་ཁའི་རིམ་པ་དཔྱད་བསྡུར་མ་ལག་དེ་ཕྱི་ལོ་ ༢༠༢༢ ཟླ་ ༩ པའི་ནང་འགྲེམས་སྤེལ་བྱས་པ་དང་། དེ་ལ་མཚོན་དོན་ཚོན་ལྡན་ཨང་སྒྲིག་རིགས་བཞི་ཡོད་པ་རེད།

Natural disasters in Australia Source: AAP
[It] provides a level of warning depending on the threat to people's lives or their homes or businesses.Fiona Dunstan, AFSM

Examples of the three-tiered Australian Warning levels.
གལ་སྲིད་ཛ་དྲག་གི་གནས་ཚུལ་ཅི་ཞིག་འབྱུང་ཡང་ཁ་པར་ཨང་གྲངས་ཀླད་ཀོ་གསུམ་ ༠༠༠ ལ་འབྲེལ་བ་གནང་དགོས་པ་ཡིན།