ཨོ་གླིང་གི་རྒྱལ་ས་ཁེམ་བྷེ་རར་གསུམ་བཅུ་དུས་དྲན་སྲུང་བརྩི།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷ་ར་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བཙན་འཛུལ་བཙན་གནོན་ལ་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཞི་བའི་ངོ་རྒོལ་ཡར་ལངས་བྱས་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་དང་། རྒྱལ་ས་ཁེམ་བྷེ་རར་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་དང་སྐད་འབོད་བྱས། གཞན་ཡང་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་ཚོས་སིཌ་ནིང་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
Share