ད་ཐེངས་ཀྱི་རིག་གཞུང་འགྲན་བསྡུར་འདིའི་ཐོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་དང་། ཝི་ཊོ་རི་ཡ། ཁེམ་བྷེལ་ཊོན། ཌེ་ཝེ། གནས་མཁར་གསར། ནོར་ར་བཅས་ས་གནས་ཁག་དྲུག་གི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་སློབ་མ་རྣམས་རིག་གཞུང་འཁྲབ་སྟོན་ལ་མཉམ་ཞུགས་དང་། རིག་གཞུང་འཁྲབ་སྟོན་འདིའི་ཐོག མཉམ་གཞས་དང་། རྐྱང་གཞས། འཁྲབ་གཞས་བཅས་སྡེ་ཚན་ཁག་གསུམ་ལ་དབྱེ་ནས་སློབ་མ་ཚོས་བོད་མིའི་རིག་གཞུང་གཞས་དང་ཞབས་བྲོ་འཁྲབ་སྟོན་གནང་ཡོད་པ་རེད།
རིག་གཞུང་འདུ་འཛོམས་འདི་འགྲན་སྡུར་གྱི་ངོ་བོ་མིན་པར་སྡིངས་ཆ་དང་གོ་སྐབས་བསྐྲུན་ཆེད་ཡིན།

ཨོ་སི་ཊོ་ལི་ཡའི་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་ཌེ་ཝེ་ས་གནས་སུ་བོད་མིའི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འཁྲབ་སྟོན་འདུ་འཛོམས་ཐེངས་དང་པོ་གནང་ཡོད་པ་རེད།
Share