ཨོ་སི་ཊོ་ལི་ཡའི་ནང་དྲ་ཐོག་ནས་ཅ་དངོས་ཉོ་སྐབས་ཉེན་ཁ་སོགས་ཁྱེད་ཀྱིས་ཤེས་དགོས་པའི་གནས་ཚུལ་ཁག་ཅིག

Overhead View Of Young Woman Doing Online Shopping With Laptop

Although technology has made shopping easier, it comes with risk. Source: Moment RF / Oscar Wong/Getty Images

དྲ་ཐོག་ནས་ཅ་དངོས་ཉོ་ཚོང་དེས་ཅ་དངོས་ཉོ་མཁན་རྣམས་ལ་སྟབས་བདེ་དང་དུས་ཚོད་དང་འགྲོ་སོང་སོགས་གྲོན་ཆུང་ཐུབ་ཀྱི་ཡོད། འོན་ཀྱང་དེའི་བརྒྱུད་ནས་ཉེན་ཁའང་མེད་པ་མིན། དེ་དང་ཆབས་ཅིག་དྲ་ཐོག་ཚོང་གཉེར་ཁང་ཚོས་མི་སྒེར་གྱི་གནས་ཚུལ་བསྡུ་རུབ་དང་དྲ་རྐུན་ཚོས་དེའི་བར་ནས་ཉམས་མྱོངས་ཞན་པའི་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ཀྱི་སྒོར་མོ་གཡོ་ལེན་དང་མགོ་སྐོར་བསླུ་བྲིད་སོགས་གཏོང་བར་གོ་སྐབས་འཚོལ་བཞིན་ཡོད།


Key Points
  • As e-commerce in Australia booms, online shoppers are also increasingly exposed to scams
  • Many retailers’ loyalty programs offer discounts to collect customers’ personal data for marketing purposes
  • Hackers are interested in this data for their own gain, as it can be sold on the black market for profit
  • Cyber criminals also set up fake online shops to steal peoples’ money and identities
སྤྱིར་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་ནང་ཨོ་སི་ཊོ་ལི་ཡའི་ནང་དྲ་ཐོག་ནས་ཅ་དངོས་ཉོ་ཆ་རྒྱག་མཁན་རིམ་བཞིན་ཇེ་མང་དུ་ཕྱིན་པ་དང་། ལྷག་པར་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱིས་བཀག་སྡོམ་སྐབས་སུ་དྲ་ཐོག་ནས་ཉོ་ཆ་རྒྱག་མཁན་འབར་གས་འཐོར་བ་ལྟར་སྔར་ལས་ཇེ་མང་དུ་ཕྱིན།

ཉེ་ཆར་ཞིབ་འཇུག་སྙན་ཐོ་ཞིག་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་མི་ལྔའི་ནང་ནས་ཉུང་མཐར་མི་གཅིག་གིས་བཟའ་བཅའི་རིགས་དྲ་ཐོག་ནས་ཉོ་བཞིན་ཡོད་སྐོར་གསལ་འདུག ཉམས་ཞིབ་གཞན་ཞིག་གིས་ནད་དུག་འགོས་ཁྱབ་སྐབས་དྲ་ཐོག་རང་འདེམས་ཚོང་ར་གཅིག་པུའི་དྲ་ཐོག་ནས་ཅ་དངོས་ཉོ་ཚོང་གི་ཚད་གཞི་དེ་སྔ་ལས་ལྡབ་གསུམ་འཕར་ཡོད་སྐོར་བརྗོད་འདུག

ཌོ་ཊར་ལོ་སི་གྷ་རེ་མར་ Dr Louise Grimmer ལགས་ནི་ཏཱ་སི་མ་ནིང་ཨའི་དཔལ་འབྱོར་དང་ཚོང་ལས་མཐོ་རིམ་སློབ་གཉེར་ཁང་གི་ཉམས་ཞིབ་པ་དང་འཆད་ཁྲིད་སློབ་དཔོན་རྒན་པ་ཞིག་རེད། ཁོང་གིས་སྤྱིར་སིལ་འཚོང་ཚོང་ལས་ཁང་ཆེན་པོ་ཁག་ཅིག་ལ་ནད་ཡམས་འགོས་ཁྱབ་མ་བྱུང་སྔོན་ནས་དྲ་ཐོག་ནས་ཚོང་ལས་ཡག་པོ་ཡོད་པ་རེད། ཉེན་ཁ་དེས་ཚོང་ལས་ཁང་མང་པོ་ཞིག་ལ་ཞབས་ཞུ་དང་དྲ་ཐོག་ལས་དོན་ཡར་རྒྱས་མ་བཏང་ཀ་མེད་བཟོས་ཡོད་པ་རེད་ཅེས་གསུངས་འདུག

"ནད་ཡམས་མ་ཁྱབ་སྔོན་ལ་ཨོ་སི་ཊོ་ལི་ཡའི་ནང་དྲ་ཐོག་ནས་ཉོ་ཆ་རྒྱག་མཁན་གྱི་བརྒྱ་ཆ་ ༤༠ ཙམ་ཡིན་ཡང་། ནད་ཡམས་འགོས་ཁྱབ་བྱུང་ནས་དྲ་ཐོག་ནས་ཉོ་ཆ་རྒྱག་མཁན་གྱི་གྲངས་ཚད་ཡར་འཕར་ཏེ་ད་ཆ་དྲ་ཐོག་ནས་རྒྱུན་ལྡན་ཉོ་ཆ་རྒྱག་མཁན་གྱི་བརྒྱ་ཆ་ ༥༠ ཟིན་ཡོད་འདུག"

ཌོ་ཊར་གྷ་རེ་མར་ལགས་ཀྱིས་སིལ་འཚོང་བ་མང་པོ་ཞིག་གིས་ཁོང་ཚོའི་ཚོང་ལས་རྒྱུན་གནས་ཐུབ་ཆེད་ཁོང་ཚོའི་དྲ་ཚིགས་ཤུགས་སྣོན་བརྒྱབ་ནས་ཚོང་འགྲུལ་བ་རྣམས་ལ་ཞབས་ཞུ་ཡར་རྒྱས་གཏོང་བ་དང་དངོས་ཟོག་སྐྱེལ་འདྲེན་གྱི་བདམ་གའི་ཁྲོད་གཞན་ལ་ཁེ་ཕན་དང་རྣམ་པ་ཇེ་བཟང་དུ་བཏང་ཡོད། འོན་ཀྱང་དེར་ཡང་འགྲོ་སོང་འཕར་མ་གཏོང་དགོས་པ་ཞིག་རེད་ཅེས་བརྗོད་འདུག

དྲ་ཐོག་སིལ་འཚོང་དྲ་ཚིགས་ཀྱིས་རྒྱུན་དུ་ཚོང་འགྲུལ་པར་ཕྱིར་འཚོང་དྲིལ་བསྒྲགས་སམ་ཡང་ན་ཚོང་འགྲུལ་པར་བྱ་དགའ་སྤྲོད་པའི་བྱེད་ཐབས་སྤྱད་དེ་དངུལ་གྲོན་ཆུང་བྱེད་པར་རོགས་རམ་བྱེད་ཀྱིན་ཡོད།
འོན་ཀྱང་འཛད་སྤྱོད་པ་ཚོས་ཤེས་དགོས་པ་ཞིག་ནི། ལྷག་བསམ་རྣམ་དག་གི་འཆར་གཞི་འདོན་སྤྲོད་བྱེད་པའི་ཚོང་ཁང་འདི་དག་གིས་ཀྱང་མི་སྒེར་གྱི་གནས་ཚུལ་བསྡུ་རུབ་དང་། དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་བྱ་སྤྱོད་ལ་རེའུ་མིག་ནང་ཉར་ཚགས་བརྗེ་རེས་བྱེད་བཞིན་ཡོད།
Obviously they are going to be tracking what you do on the website and you obviously have to hand over some of your personal information.
Dr Louise Grimmer, Researcher and Senior Lecturer in Marketing at the University of Tasmania’s College of Business and Economics
Blue silhouette hacker
Source: Getty / Getty Images
ཅ་དངོས་ཉོ་འཚོང་སྐབས་ཡིག་ཚགས་ནང་འདུས་པའི་འཛད་སྤྱོད་པའི་གནས་ཚུལ་དང་བསྡུ་རུབ་བྱས་པའི་ཡིག་ཆ་དེ་དག་ཁྲིམས་དང་མཐུན་པའི་ཐོག་ནས་ཚོང་པ་ཚོས་ཚོང་རའི་དམིགས་ཡུལ་འཆར་གཞི་ཐོག་བེད་སྤྱོད་གཏོང་བ་དང་། ད་དུང་ཁོང་ཚོས་སྤྱོད་མཁན་གྱིས་མོས་མཐུན་གན་རྒྱག་འོག་ཁྲིམས་དང་མཐུན་པའི་ཐོག་ནས་དངུལ་བཟོ་ཐབས་དང་ཚོང་གཉེར་ཁང་གསུམ་པ་ཞིག་ལ་གཙོང་བཞིན་ཡོད།

འོན་ཀྱང་དྲ་རྒྱ་ཉེན་གསོག་པ་ཚོ་དང་དྲ་ཇག་ཚོས་གནས་ཚུལ་དེ་དག་རྐུ་འཁྱེར་བྱེད་ནས་མི་སྒེར་གྱི་གནས་ཚུལ་དེ་ཚོ་ཁེ་འབབ་ཆེད་ནག་ཚོང་རྒྱག་ནས་ཁོང་ཚོར་ཁེ་ཕན་ཐོབ་ཐབས་བྱེད་བཞིན་ཡོད།
དྲ་ཐོག་ཚོང་ཁག་རྫུན་མ་དང་ངོ་རྟགས་རྐུན་མ་རྒྱག་མཁན།

དྲ་ཐོག་ཅ་དངོས་ཉོ་བར་ཉེན་ཁ་ཆེ་ཤོས་ཤིག་ནི་ཁ་བསླུས་རྒྱག་མཁན་དེ་ཚོས་མི་སྒེར་གྱི་གནས་ཚུལ་དང་སྒོར་མོ་རྐུ་མ་རྒྱག་ཆེད་དྲ་ཐོག་ཚོང་གཉེར་རྫུན་མ་བཟོ་བཞིན་ཡོད་པ་དེ་རེད།
ཨོ་སི་ཊོ་ལི་ཡའི་འགྲན་རྩོད་དང་འཛད་སྤྱོད་ལྷན་ཁང་གི་འགན་འཛིན་གཞོན་པ་དྷེ་ལཱ་རི་ཁར་ཌི་ Delia Rickard ལགས་ཀྱིས་"དེང་སང་མགོ་སྐོར་གཏོང་མཁན་ཚོས་དྲ་ཐོག་དང་ཡང་ན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་བརྒྱུད་ཚོང་ཁང་རྫུན་མ་བཟོ་བཞིན་ཡོད་པ་རེད་"ཅེས་གསུངས་འདུག

ལྕམ་རེ་ཁར་ཌི་ལགས་ཀྱིས་དྲ་ཐོག་མགོ་སྐོར་གཏོང་མཁན་ཚོས་གཞན་གྱིས་ཡིད་ཆེས་རྙེད་ཐབས་སུ་རྒྱུན་དུ་ནས་ཨོ་སི་ཊོ་ལི་ཡའི་མིང་གྲགས་ཡོད་པའི་ཚོང་ལས་ཁང་དེ་དག་བརྫུས་ནས་དེ་དག་གི་ལས་རྟགས་བེད་སྤྱོད་གཏོང་གི་ཡོད་པས་མགོ་སྐོར་གཏོང་མཁན་གྱི་དྲ་ཚིགས་དེ་ཚོ་ངོས་ཟིན་པར་དཀའ་ལས་ཁག་པོ་ཡོད་སྐོར་ཉེན་བརྡ་བཏང་འདུག
They advertise products often with very low prices or amazing benefits that are too good to be true.
ཁོ་མོས་"ཁོ་ཚོས་རྟགས་པར་ཨོ་སི་ཊོ་ལི་ཡའི་བཟོ་ཚོང་ཁང་དེ་ཚོ་ཡིན་ཁུལ་བྱེད་ནས་ཁོང་ཚོའི་ ABN ཨོ་སི་ཊོ་ལི་ཡའི་ཚོང་ལས་ཨང་རྟགས་བརྐུས་པ་དེ་ཚོ་བེད་སྤྱོད་གཏོང་གི་ཡོད་པ་རེད་" གལ་སྲིད་ཁོང་ཚོས་རྒྱུན་ལྡན་མ་ཡིན་པའི་ལམ་ནས་དངུལ་སྤྲོད་ཤོག་ཟེར་ན་དེ་ནི་རྫུན་མ་རེད། གལ་སྲིད་ཁྱེད་རང་མགོ་སྐོར་འོག་ཚུད་འདུག་སྙམ་ན་དེ་མ་ཐག་དངུལ་ཁང་ལ་འབྲེལ་བ་བྱེད་དགོས་པ་རེད་ཅེས་ལམ་སྟོན་གནང་འདུག
The quicker you recognise you have been scammed and let your bank know, the better you can protect yourself.
Delia Rickard, ACCC Deputy Chair
ད་དུང་ཁོ་མོས་མི་རྣམས་ལ་དགོས་མཁོ་ཇེ་ཆེར་སོང་བ་དེས་ཐོན་རྫས་སྐྱེལ་འདྲེན་བྱེད་ཚད་ཇེ་དལ་དུ་བཏང་བས། ཚོང་འགྲུལ་པས་ཁྲིམས་མཐུན་གྱི་འགོར་འགྱངས་དེ་ལ་བསླུ་བྲིད་པས་མགོ་སྐོར་བཏང་ཡོད་མེད་དེ་བས་ཀྱང་ཤེས་ཁག་པོ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་ཁྱེད་རང་ལ་མགོ་སྐོར་ཐེབས་ཡོད་ན་ག་རེ་བྱེད་དགོས།

དྲ་ཐོག་ནས་མགོ་སྐོར་གཏོང་མཁན་མང་པོ་ཞིག་གིས་མི་སྒེར་གྱི་གནས་ཚུལ་དཔེར་ན་མིང་དང་། ལོ་ཚད། ཁ་བྱང་བཅས་རྐུ་བཞིན་ཡོད། ད་དུང་དེ་ལས་ཚབ་ཆེ་བ་ནི་ཁ་ལོ་ཆོག་ཡིག་དང་། ཕྱིར་སྐྱོད་ལག་འཁྱེར་གྱི་ཨང་གྲངས་བཅས་རྐུ་བཞིན་ཡོད། སྤྱི་བཏང་མགོ་སྐོར་གཏོང་མཁན་དེ་ཚོས་མི་རྣམས་ཀྱི་ངོ་རྟགས་ཡིག་ཆ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད།

གལ་སྲིད་ཁོང་ཚོར་ཁྱེད་རང་གི་མིང་དང་། ཁ་བྱང་། སྐྱེས་ལོ་སྐྱེས་ཚེས། ཁ་པར་ཨང་གྲངས་སོགས་རག་ཡོད་ཚེ་ཁོང་ཚོས་ཁྱེད་རང་ཡིན་ཁུལ་བྱེད་ནས་ཁྱེད་ཀྱི་སྒོར་མོ་དང་དཔལ་འབྱོར་བརྐུ་ཐབས་བྱེད་ཀྱི་ཡོད་ཅེས་མེལ་བྷོན་གཙུག་ལག་སློབ་གཉེར་ཁང་གི་རྩིས་རྒྱག་དང་ཆ་འཕྲིན་མ་ལག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྲན་ཏུང་ཆང་ Shanton Chang ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཡང་ཁོང་གིས་གཞུང་འབྲེལ་གྱི་ཚོགས་པ་ཁག་ཚང་མས་ཁྱེད་རང་སུ་ཡིན་མིན་ངོ་རྟགས་ཆོད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ལྕམ་རེ་ཁར་ཌི་ Ms Rickard ལགས་ཀྱིས་གལ་སྲིད་མི་སུ་ཞིག་ལ་མི་སྒེར་གྱི་གནས་ཚུལ་བརྐུས་འཁྱེར་གྱི་དཀའ་ངལ་འཕྲད་པ་ཤེས་རྟོགས་བྱུང་ཚེ་མགོ་སྐོར་ལྟ་རྟོགས་བྱེད་མཁན་ ལ་གང་མགྱོག་འབྲེལ་གཏུགས་སྙན་ཞུ་དང་རོགས་རམ་ཞུ་དགོས་པ་རེད་ཅེས་གསུངས་འདུག

ལྕམ་རེ་ཁར་ཌི་ Ms Rickard ལགས་ཀྱིས་དྲ་ཐོག་ནས་ཅ་དངོས་ཉོ་མཁན་ཚོས་དྲ་ཚིགས་ དང་ཡང་ན་ཁོང་ཚོའི་ སོགས་ལས་རྒྱུན་དུ་བརྟག་དཔྱད་བྱེད་དགོས་པ་དང་། དྲ་ཐོག་རྐུན་མ་ལས་སྲུང་སྐྱོབ་བྱེད་ཐབས་སྐད་ཡིག་མ་འདྲ་བ་ ༡༠ ཙམ་གྱི་ནང་འགྲེལ་བརྗོད་བྱས་ཡོད་པ་རེད་ཅེས་གསུངས་འདུག
གཞན་ཡང་ ཞེས་པ་དེ་ཡང་རྐུན་མ་ངོ་རྟགས་བརྩད་གཅོད་ཆེད་བཟོས་པའི་དྲ་ཚིགས་ཤིག་ཡིན།
SCAM CONCEPT
Scam Source: Getty / Getty Images
ཌོ་ཊར་གྷེར་མར་ Dr Grimmer ལགས་ཀྱིས་དྲ་ཐོག་ནས་ཅ་དངོས་ཉོ་མཁན་ཚོས་སོ་སོས་རང་ཉིད་སྲུང་སྐྱོབ་ཆེད་ཅ་དངོས་ཉོས་ནས་རང་ཉིད་ཀྱི་མིང་དང་ཁ་བྱང་དང་སྒོར་མོ་མ་སྤྲད་སྔོན་ལ་བརྟག་དཔྱད་ནན་ཏན་བྱེད་དགོས་སྐོར་གསུངས་འདུག

ཁྱེད་རང་གིས་དྲ་ཚིགས་ཤིག་ཁ་འབྱེད་སྐབས་དྲ་བྱང་ཡོད་སའི་ཟུར་དེར་ལས་རྟགས་ལྟར་བུ་ཆུང་ཆུང་ཞིག་ཡོད་པས་དེའི་ཐོག་ནས་ཀྱང་དྲ་ཚིགས་ཚད་ལྡན་ཡིན་མིན་ཤེས་ཐུབ་ལ། མ་ཚད་དྲ་ཐོག་ནས་ཁྱེད་རང་གིས་ཅ་དངོས་ཉོ་སའི་དྲ་ཚིགས་དེ་ཚད་ལྡན་ཡིན་མིན་ཞིབ་འཇུག་དང་དྲ་ཚིགས་དེ་ཡོངས་གྲགས་ཀྱི་དྲ་ཚིགས་ཤིག་ཡིན་མིན་བརྟག་དགོས་པ་ཡིན།

ཁོ་མོས་གལ་སྲིད་ཁྱེད་རང་དྲ་ཐོག་ནས་ཅ་དངོས་ཉོ་མཁན་གསར་པ་ཞིག་ཡིན་ཚེ་ཉམས་མྱོངས་ཡོད་པའི་ཁྱེད་རང་གི་ནང་མི་དང་གྲོགས་པོ་གྲོགས་མོ་སོགས་ལ་ཡིད་ཆེས་ཆོག་པའི་དྲ་ཐོག་ཅ་དངོས་ཉོ་སའི་དྲ་ཚིགས་དང་སྡིང་ཆ་ག་རེ་ཡིན་མིན་བཀའ་འདྲི་ཞུ་བའམ་རོགས་རམ་ཞུ་དགོས་པ་རེད་ཅེས་གསུངས་འདུག

གནས་ཚུལ་དེ་འདྲ་ལྷག་སྐབས་ངེས་པར་དུ་ཉེན་རྟོགས་པ་ལ་ཞུ་དགོས་པའི་ངེས་པ་མེད་ཀྱང་མཚམས་རེར་མགོ་སྐོར་གཏོང་མཁན་དེ་དག་ཨོ་སི་ཊོ་ལི་ཡའི་ནང་ཡོད་ཚེ་ཉེན་རྟོགས་པས་རོགས་རམ་བྱེད་ཐུབ་ཀྱི་ཡོད།

Share