སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨོ་སི་ཊོ་ལི་ཡའི་ནང་གཟིགས་སྐོར་དང་མི་མང་ལ་གསུང་བཤད་གནང་བ།

Penpa Tsering.jpg

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་ ༢༥ བར་ཁྱོན་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་ནིའུ་ཛི་ལན་ཌི་དང་ཨོ་སི་ཊོ་ལི་ཡའི་ནང་གཟིགས་སྐོར་གནང་བཞིན་པའི་ནང་། ནིའུ་ཛི་ལན་ཌིའི་མཛད་རིམ་ཁག་གྲུབ་ནས་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གྱི་སྔ་དྲོར་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་དུ་གཟིགས་སྐོར་དང་སློབ་མ་རྣམས་ལ་གསུང་བཤད་དང་ཕྱི་དྲོར་སིཌ་ནིང་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་དྲི་བར་དྲིས་ལན་གནང་ཡོད་པ་རེད།



Share