གཙོ་དོན།
- ཆུ་རྐྱལ་འཛིན་གྲྭའི་ནང་ཆུའི་ཉེན་ཁ་དང་བདེ་འཇགས་སློབ་ཚན་ཚུད་དགོས།
- ཕྲུ་གུའི་ལོ་ཚད་དང་བསྟུན་ནས་ཁོང་ཚོའི་ཆུའི་ནང་གི་ནུས་པ་ལ་ཁྱད་པར་ཡོད་པ་རེད།
- གཞི་རིམ་སློབ་གྲྭ་ཁག་གི་ནང་ཆུ་རྐྱལ་དང་ཆུའི་བདེ་འཇགས་ཀྱི་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། མངའ་སྡེ་དང་ཁུལ་ཁག་གིས་ཆུ་རྐྱལ་དང་འབྲེལ་བའི་རིན་གོང་དམའ་བའི་ཁེ་ཕན་མང་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་འཚར་ལོང་འབྱུང་བཞིན་པའི་ཕྲུ་གུ་ཞིག་ལ་མཚོན་ན། རྒྱ་མཚོའི་འགྲམ་དང་། རྒྱུགས་ཆུའི་ཁ། མཚེའུ་འགྲམ་དང་། རྐྱལ་རྫིང་ལ་འགྲོ་བ་དང་དེར་ཆུ་རྐྱལ་བ་ནི་འཚོ་བ་དང་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་རེད།
ལོ་ལྔ་མན་ཆད་ཀྱི་ཕྲུ་གུ་རྣམས་ལ་ཆུའི་ནང་ལ་ནུབ་ནས་དོན་རྐྱེན་འབྱུང་བའི་ཉེན་ཁ་ཆེ་ཤོས་ཡོད་པ་རེད། ཕྲུ་གུ་ཆུ་ལ་ནུབ་པ་ལ་བརྟེན་ནས། ལོ་རེར་ཆ་སྙོམས་ཀྱིས་ཕྲུ་གུ་ ༢༣ འདས་གྲོངས་སུ་འགྲོ་ཡི་ཡོད་ལ། ཕྲུ་གུ་ ༡༨༣ ཙམ་སྨན་ཁང་ལ་སླེབ་ཀྱི་ཡོད་པ་རེད།
འོན་ཀྱང་། ཆུ་རྐྱལ་དང་ཆུའི་རྒྱུན་ཤེས་སྦྱངས་པ་ལ་བརྟེན་ནས། འདས་གྲོངས་སུ་འགྲོ་བ་ལྟ་བུའི་དོན་རྐྱེན་དག་སྔོན་འགོག་བྱེད་ཐུབ་པ་རེད།
སྨན་པ་སུང་ཌ་ཕན་ (SV Soundappan) གྱིས། ཕ་མ་སུ་འདྲ་ཞིག་ཡིན་ནའང་། ཆུའི་ནང་ནུབ་ནས་འདས་གྲོངས་སུ་འགྲོ་བའི་དོན་རྐྱེན་དེ་ལྟ་བུ་རང་ཉིད་ཀྱི་ཕྲུ་གུའི་མགོ་ཐོག་ལ་ཡོང་གི་མ་རེད་དྲན་གྱི་ཡོད་པ་རེད། ཡིན་ནའང་། ང་ཚོ་ལ་དེ་ལྟ་བུའི་བསམ་བློ་དེ་ཡོད་མི་ཉན་པ་རེད། དོན་རྐྱེན་དེ་ལྟ་བུ་སུ་ལའང་འབྱུང་སྲིད་པ་ཞིག་རེད། ལྷག་པར་དུ་ལོ་ལྔ་མན་ཆད་ཀྱི་བྱིས་པ་ལ་མཚོན་ན། ཁྱེད་ཀྱིས་ལྟ་རྟོག་མ་བྱས་ཚེ་མིག་རྡེབ་དབང་ཙམ་ཡང་མ་བྱིན་པར་ཆུའི་ནང་ནུབ་འགྲོ་བ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Learning to swim and be safe around water can open the way to a range of outdoors recreation activities Credit: Mike Kemp/Getty Images/Tetra images RF
མི་ཚང་མ་ཆུ་འགྲམ་ལ་འགྲོ་བ་ཡོངས་གྲགས་རེད། ཨོ་སི་ཊོ་ལི་ཡ་ནི་ཆུ་ལ་དགའ་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། ང་ཚོ་ཚང་མ་ཆུ་དང་འབྲེལ་བའི་རྩེད་མོ་རྩེ་བ་དང་། མཚོ་འགྲམ་ལ་འགྲོ་བ་དང་། ཆུ་རྐྱལ་ས་ལ་འགྲོ་རྒྱུར་དགའ་པོ་ཡོད་པ་རེད། དེ་བས། ང་ཚོས་ཕ་མ་ཚོ་ལ་དྲན་སྐུལ་བྱས་ཏེ་རང་ཉིད་ཀྱི་ཕྲུ་གུ་ཆུ་ཁ་ནས་བདེ་འཇགས་ཡོད་པ་ཞིག་བྱེད་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།སྨན་པ་སུང་ཌ་ཕན་ (SV Soundappan) གྱིས།
སྨན་པ་སུང་ཌ་ཕན་ (Dr Soundappan) གྱིས། ཕྲུ་གུ་ཆུ་ལ་ནུབ་པའི་དོན་རྐྱེན་བྱུང་བའི་རྗེས་ལ། ཕྲུ་གུ་དེ་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོང་གི་ཡོད་སྐོར་བརྗོད་དོན།
ཁོང་གིས། གལ་སྲིད། མི་ཞིག་ཆུའི་འོག་ཏུ་དུས་ཡུན་སྐར་མ་གསུམ་དང་། ཡང་ན། དེ་ལས་མང་བ་འགོར་ཚེ། མི་དེའི་དབང་རྩ་ལ་གནོན་སྐྱོན་ཆེན་པོ་ཐེབས་སྲིད་པ་ཞིག་པ་རེད། ཡང་། གལ་སྲིད། ཕྲུ་གུ་ཞིག་ཆུ་ལ་ནུབ་ནས་དུས་ཡུན་སྐར་མ་གསུམ་ལས་ཉུང་བ་འགོར་ཚེ། ཕྲུ་གུ་དེའི་སྦྱང་སྟོབས་ཀྱི་ནུས་པ་ལ་ཤུགས་རྐྱེན་ཐེབས་པ་རེད། ཅེས་བརྗོད་བྱུང་།

ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་ཆུའི་ནང་དུ་ལྟ་རྟོག་ཡག་པོ་དགོས་ཞེས་པའི་དོན་ནི། ཕྲུ་གུ་མི་དེའི་ལག་པས་སྙོབ་ཐུབ་ས་ཞིག་ཏུ་ཡོད་པའི་དོན་རེད། Source: Moment RF / Yasser Chalid/Getty Images
ཆུ་རྐྱལ་སྦྱོང་བའི་ན་ཚོད་བཟང་ཤོས་ནམ་ཡིན་ནམ།
སི་ཊད་སེ་ཕེ་ཇིན་ (Stacey Pidgeon) ནི་ (Royal Life Saving) ཚོགས་པའི་རྒྱལ་ཡོངས་སྤྱི་གཉེར་བ་ཞིག་ཡིན་པ་རེད། ཁོང་མོ་ལྟར་ན། ཆུ་ལ་ནུབ་ནས་འདས་གྲོངས་སུ་འགྲོ་བའི་དོན་རྐྱེན་ལ་སྔོན་འགོག་བྱེད་ཐབས་ཡོད་པ་རེད།
སྔོན་འགོ་གི་ཐབས་གཅིག་ནི། ཕྲུ་གུ་ཆུའི་ནང་རྩེད་མོ་རྩེ་ཡི་ཡོད་སྐབས། ངེས་པར་དུ་བལྟས་ནས་འདུག་དགོས་པ་དེ་ཡིན་པ་དང་། གཞན་ཕྲུ་གུ་ཆུ་ནང་ལ་ནུབ་ནས་དབུགས་འགག་ཡོད་པའི་གནས་སྐབས་སུ། དབུགས་གསོ་ཐབས་ཀྱི་རྒྱུན་ཤེས་ (CPR) ཤེས་དགོས་པ་དང་། དེ་མིན། ཕྲུ་གུ་ལོ་ལྔ་མན་ཡིན་ཚེ་ཆུ་ཁར་འགྲོ་བ་འགོག་པ་བཅས་ཡིན་སྐོར་བརྗོད་བྱུང་།
ཆུ་རྐྱལ་ཐོག་མར་སྦྱོང་སྐབས་ལོ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་། ཆུ་རྐྱལ་རྩལ་དང་ཆུའི་བདེ་འཇགས་ཤེས་བྱ་གཉིས་ཀ་སྦྱང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་རེད།
ཁོང་མོས། དེ་བས། ཆུའི་ཁ་ནས་གཡེང་བ་དང་། ཆུའི་ནང་ལ་འཛུལ་བའི་རྩལ་དེ་ཚོ་སྦྱང་དགོས་པ་བཞིན། གལ་སྲིད། མི་ཞིག་ཆུའི་ནང་ནས་སྐྱོབ་དགོས་ཚེ། རང་ཉིད་ལ་ཉེན་ཁ་མེད་པའི་ཐོག་ནས་གཞན་དེ་ཇི་ལྟར་སྐྱོབ་པ་དང་། ཉེན་ཁའི་སྐབས་ལ་སུ་དང་འབྲེལ་བ་བྱེད་དགོས་པ་སོགས་ཀྱང་སྦྱང་དགོས་པ་རེད། གང་ལྟར་ཀྱང་། ཉེན་ཁའི་སྐབས་སུ་ ༠༠༠ ཐོག་ཁ་པར་གཏོང་དགོས་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

ཆུ་ཁ་རུ་ཕྲུ་གུ་རྣམས་རང་བཞིན་གྱིས་ཤེས་འདོད་ཀྱི་བློ་ཞིག་སྐྱེ་ཡི་ཡོད་པ་རེད། དེ་བས་ཁོང་ཚོས་ཆུའི་ཉེན་ཁ་མཐོང་མི་ཐུབ་རེད། -སྨན་ པ་སུང་ཌ་ཕན་ (SV Soundappan) གྱིས་བརྗོད། Source: Moment RF / Isabel Pavia/Getty Images
སི་ཊད་སེ་ཕེ་ཇིན་ (Stacey Pidgeon) གྱིས། ཕྲུ་གུའི་ཆུ་རྐྱལ་སྦྱོང་སྐབས། ལོ་ ༦ དང་། ལོ་ ༡༢ དང་། ལོ་ ༡༧ བཅས་སུ་རིམ་པ་བགོས་ཡོད་སྐོར་བརྗོད་བྱུང་།
རང་ལོ་བཅུ་གཉིས་ལ་སླེབས་པའི་ཕྲུ་གུ་ཚོས་མི་ཊར་ ༥༠ ལ་རྐྱལ་ཐུབ་ཀྱི་ཡོད་པ་དང་། སྐར་མ་གཉིས་རིང་ཆུ་ཁ་ལ་གཡེང་ནས་འདུག་ཐུབ་པ་མ་ཟད། ཁོང་ཚོས་མྱུར་སྐྱོབ་སྒྲིག་ཆས་གྱོན་ཚེ་མི་གཞན་ཞིག་གི་སྲོག་སྐྱོབ་ཐུབ་པའི་ནུས་པ་ཡོད་པ་རེད།སི་ཊད་སེ་ཕེ་ཇིན་ (Stacey Pidgeon) གྱིས།
ཡང་ཁོང་མོས། ང་ཚོས་ཕྲུ་གུ་ཚོ་གཞི་རིམ་གྱི་སློབ་གྲྭ་མ་ཐོན་པའི་སྔོན་ནས་ཆུ་རྐྱལ་རྩལ་དེ་ཚོ་ཤེས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་བྱས་བྱུང་།
ཨོ་སི་ཊོ་ལི་ཡའི་སློབ་གྲྭ་ཚང་མའི་ནང་གཞི་རིམ་སློབ་གྲྭའི་སྐབས་སུ་སློབ་མ་ཚོར་ཆུ་རྐྱལ་དང་ཆུའི་རྒྱུན་ཤེས་ཀྱི་སྐོར་སྦྱོང་བའི་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད།
ཕྲུ་གུའི་ཆུ་རྐྱལ་གྱི་སློབ་ཚན་གྱི་ཆེད་དུ་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ཁུལ་ཁག་གི་ལུས་རྩལ་ཁྱལ་བསྒྲགས་དང་འབྲེལ་ནས་voucher མང་པོའི་ཁེ་ཕན་ལེན་རྒྱུ་ཡོད་པ་རེད།

ཕ་མ་ཚོས་རང་གི་ཕྲུ་གུའི་ཆུ་རྐྱལ་རྩལ་རིམ་པ་གང་འཚམ་ཞིག་ལ་མ་སླེབས་བར་དུ་ཕྲུ་གུའི་ཆུ་རྐྱལ་འཛིན་གྲྭ་མུ་མཐུད་ལེན་དགོས་པ་རེད། Credit: FatCamera/Getty Images
ཕྲུ་གུའི་ཕ་མའི་ལས་འགན།
བྷི་རན་ཌོན་ཝར་ཌི་ (Brendon Ward) ནི་ཨོ་སི་ཊོ་ལི་ཡའི་ཆུ་རྐྱལ་དགེ་རྒན་ཚོགས་པའི་སྤྱི་གཉེར་བ་ཡིན་པ་རེད།
ཁོང་གིས། ཕྲུ་གུ་ཚོས་གཞི་རིམ་སློབ་གྲྭ་ལ་མ་སོང་གོང་ནས་ཆུ་རྐྱལ་རྩལ་སྦྱངས་ན་ཤེས་ཐུབ་པའི་ནུས་པ་ཡོད་སྐོར་བརྗོད་བྱུང་།
ཕྲུ་གུ་ཟླ་དྲུག་ཙམ་ནས་བཟུང་ཆུ་རྐྱལ་རྩལ་ཤེས་ཐུབ་ཀྱི་ཡོད་པ་རེད། དེ་ནི་གཙོ་བོ་ཕྲུ་གུ་ཚོ་ཆུ་ལ་གོམས་སུ་བཅུག་ནས། རིམ་པར་རྨང་གཞིའི་ཤེས་བྱ་ཁག་ཅིག་ཤེས་སུ་འཇུག་རྒྱུ་དེ་ཡིན་འདུག
ཁོང་གིས། ལོ་ན་གསུམ་དང་བཞི་ཙམ་གྱི་རྗེས་ནི། ཕྲུ་གུ་ཚོས་དངོས་སུ་ཆུ་རྐྱལ་རྩལ་སྦྱོང་བ་དང་། ཆུའི་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་བ། ཆུ་ཁར་གཡེང་བའི་རྩལ་སོགས་སྦྱོང་བའི་དུས་ཚོད་ཡག་ཤོས་དེ་ཡིན་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།
ཕྲུ་གུ་བདེ་འཇགས་ཀྱི་ཆུ་རྐྱལ་མཁན་ཞིག་ཆགས་ཐབས་སུ་ཕ་མས་ཆུའི་རང་བཞིན་དང་ཉེན་ཁ་དག་ཕྲུ་གུ་ལ་ངོ་སྤྲོད་བྱས་ནས་བྱིས་པ་ལ་རམ་འདེགས་བྱེད་ཐུབ་པ་རེད།

Introducing your toddler to the feel of water can be a special parent-child bonding experience. Source: Moment RF / Navinpeep/Getty Images
ཕ་མ་རྣམས་ཆུའི་ནང་དུ་ཕྲུ་གུ་བདག་སྐྱོང་བྱེད་པ་ལ་གདེང་ཚོད་དང་འཇོན་ཐང་ཡོད་དགོས་པ་རེད།
འོན་ཀྱང་། ཨོ་སི་ཊོ་ལི་ཡའི་ནང་གཞིས་སྤོ་བྱས་པའི་ཕ་མ་མང་པོ་ཞིག་གིས་གཞིས་སྤོ་མ་བྱས་སྔོན་ལ་ཆུ་རྐྱལ་མི་ཤེས་མཁན་མང་པོ་ཡོད་པ་རེད།
སྨན་པ་སུང་ཌ་ཕན་ (Dr Soundappan) ཡིས་ཚོད་རྩིས་བྱས་པ་ལྟར་ན། ཆུའི་ནང་ལ་ནུབ་ནས་འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་ལྔ་ཡི་ནང་ནས་གཅིག་ནི་ཨོ་སི་ཊོ་ལི་ཡའི་ནང་གཞིས་སྤོ་བྱས་པའི་ཕ་མའི་ཕྲུ་གུ་ཡིན་འདུག
ཁོང་དར་མ་ཡིན་སྐབས་ཨོ་སི་ཊོ་ལི་ཡའི་ནང་ཆུ་རྐྱལ་རྩལ་སྦྱངས་ཡོད་པ་རེད། ཁོང་གིས་ཕ་མ་དང་ཕྲུ་གུ་གཉིས་ཀ་སུ་ཡིན་ཡང་། ཆུ་རྐྱལ་རྩལ་སྦྱོང་བ་ལ་ལོ་ན་ག་ཚོད་ཆུང་ཆུང་ཡིན་ན་ཡག་པོ་ཡོད་སྐུལ་མ་བྱེད་ཀྱི་ཡོད་པ་རེད།
ཁོང་གིས། ང་ཨོ་སི་ཊོ་ལི་ཡ་ནང་སླེབས་རྗེས། ཆུ་ཁ་ལ་ཏོག་ཙམ་གཡེང་བའི་རྩལ་དེ་སྦྱངས་འགོ་བཙུགས་པ་ཡིན། དེ་བས། ངས་བལྟས་ན། ང་ལྟ་བུ་སྤྱི་ཚོགས་གཞན་ཞིག་ནས་འདིར་ཡོང་མཁན་གྱི་ཕ་མ་མང་པོ་ཞིག་གིས་ཀྱང་ཆུ་རྐྱལ་མི་ཤེས་པ་རེད། ཅེས་བརྗོད་འདུག
ཡང་ཁོང་གིས། སྟབས་ལེགས་པ་ཞིག་ལ། ཨོ་སི་ཊོ་ལི་ཡའི་ནང་། ང་ཚོས་ཕྲུ་གུ་ཚོ་ཧ་ཅང་བདེ་འཇགས་ཡིན་པའི་རྐྱལ་རྫིང་གི་ནང་དུ་ཁྲིད་ཆོག་པ་དང་། དེ་རུ་ནར་མ་སོན་པའི་ཕྲུ་གུ་ཚུན་ཆད་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། དེ་བས། གལ་སྲིད། ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱེད་མཁན་ཞིག་ཡིན་ཚེ། རྒྱ་མཚོ་དང་རྒྱུགས་ཆུ། རྐྱལ་རྫིང་སོགས་ཀྱི་ཆུའི་རྩེད་མོ་ཞིག་ལ་འཕྲད་རྒྱུ་ཡིན་པ་ཐག་གིས་ཆོད་སྟབས། སྔོན་ཚུད་ནས་ཆུ་རྐྱལ་སྦྱང་རྒྱུ་གལ་ཆེན་ཡིན་པ་རེད། ཅེས་བརྗོད་བྱུང་།

Getting your child used to putting on their swim wear in the days before their first lesson can help them feel comfortable and excited about the upcoming class. Credit: FatCamera/Getty Images
བྷི་རན་ཌོན་ཝར་ཌི་ (Brendon Ward) ཡིས་བཤད་པའི་དོན་ཚན་འགའ།
- ཆུ་རྐྱལ་འཛིན་གྲྭ་དེ་ལ་ཚད་ལྡན་གྱི་དགེ་རྒན་ཡོད་མེད།
- དགེ་རྒན་དེ་ལ་གདེང་འཇོག་བྱེད་ཀྱི་ཡོད་མེད་ལ་ལྟ་ཡི་ཡོད།
- སློབ་གྲྭ་དེ་ཡིས་འགན་ཡག་པོ་འཁུར་གྱི་ཡོད་མེད།
- གཙང་མ་དང་གྲ་དག་པོ་ཡོད་མེད་རེད།
མངའ་སྡེ་དང་ཁུལ་ཁག་གི་ནང་ཆུ་རྐྱལ་དང་ལུས་རྩལ་དང་འབྲེལ་བའི་ Voucher ཀྱི་ཁེ་ཕན་ཁག
ནེའུ་སོཐི་ཝལ་མངའ་སྡེའི་ནང་།
NT
QLD
SA
TAS
VIC
WA