རིན་པོ་ཆེ་མཆོག་ནས་ཆོས་ལ་ཡིད་ཆེས་བློ་གཏད་དེ་གལ་ཆེན་པོ་ཡིན་ཡང་། དེ་དང་མཉམ་དུ་དུས་རྒྱུན་དུ་ལུས་པོ་བདག་སྐྱོང་གནང་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་དང་། ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གཞན་ལ་ཕྲག་དོག་དང་། གནག་སེམས་གནོད་སེམས། སྐྱོན་འཛུགས་སོགས་བྱེད་མི་རུང་བ་སོགས་བཀའ་སློབ་ལམ་སྟོན་གནང་།
གདུང་བརྒྱུད་རིན་པོ་ཆེས་སིཌ་ནིང་བོད་མིར་ཚེ་དབང་དང་བཀའ་སློབ་གནང་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༡ རེས་གཟའ་ཉི་མའི་ཉིན་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་དུ་ཡོད་པའི་ས་སྐྱ་ཐེག་པ་གླིང་ཆོས་ཚོགས་ནང་། སྤྲུལ་སྐུ་གདུང་བརྒྱུད་རིན་པོ་ཆེ་མཆོག་ནས་བོད་མི་དང་ཕྱི་རྒྱལ་གྱི་མི་སྣ་ཁག་ཅིག་ལ་ཚེ་དབང་དང་། བཀའ་སློབ་ལམ་སྟོན་གནང་སོང་།
Share