རྒས་ཕོགས་གསོག་དངུལ་ཇི་ལྟར་བདག་ཉར་བྱེད་པ་དང་གར་སོང་མ་ཤེས་པ་ཕྱིར་རྙེད་ཐབས། ད་དུང་གནས་ཚུལ་གཞན།

Saving coins

Setting up an online account with your superannuation fund helps you track the mandatory contributions coming in from your employer. Credit: urbancow/Getty Images

རྒས་ཕོགས་གསོག་དངུལ་གྱི་འགྲོ་ལུགས་ནི་ཅུང་མགོ་རྙོག་པོ་ཞིག་ཡིན་པ་རེད། ཁྱེད་ཀྱི་རྒས་ཕོགས་གསོག་དངུལ་གྱི་ཁ་བྱང་གིས་ལས་ཀ་བྱེད་ཀྱི་མེད་ནའང་གསོག་དངུལ་རྦད་དེ་བོར་བརླག་ལ་ཕྱིན་མེད་པ་ཁྱེད་ཀྱིས་ཤེས་སམ། དེ་ལ་འཚོལ་བའི་བརྒྱུད་རིམས་ཤིག་ཡོད་པ་རེད། ཡང་། གལ་སྲིད། ཁྱེད་རང་རྒྱལ་ཁབ་གཞན་ཞིག་ལ་གནས་སྤོ་བྱས་པའམ། འདས་གྲོངས་སུ་ཕྱིན་ཚེ་རྒས་ཕོགས་གསོག་དངུལ་ལ་ཅི་ཞིག་འབྱུང་གི་ཡོད་པ་རེད་དམ། གཤམ་དུ་དྲི་ལན་ཁག་ལ་གཟིགས།


གཙོ་དོན།
  • རྒས་ཕོགས་གསོག་དངུལ་བོར་བརླག་ལ་མི་འགྲོ་བའི་ཆེད་དུ་རང་ཉིད་ཀྱི་ཞིབ་ཕྲའི་གནས་ཚུལ་དག་དུས་ཐོག་ལ་ཁྲལ་བསྡུ་ལས་ཁུངས་ལ་སྤྲོད་པ་ནི་གལ་ཆེན་ཡིན།
  • ཨོ་སི་ཊོ་ལི་ཡའི་མི་སེར་དང་གཏན་སྡོད་ཆོག་པའི་མི་ཞིག་ཡིན་ཚེ། རྒས་ཕོགས་གསོག་དངུལ་དེ་རང་ཉིད་ཀྱི་ལོ་ཚད་ལ་མ་ཐོན་གོང་ནས་ལེན་དགོས་ཚེ། དེ་ནི་དམིགས་བསལ་གྱི་གནས་སྟངས་འོག་ནས་ལེན་པ་མ་གཏོགས་མི་ཆོག་པ་རེད།
  • མི་ཞིག་གི་འདས་གྲོངས་རྗེས་ཀྱི་གསོག་དངུལ་དང་འབྲེལ་བའི་རྩོད་རྙོག་ཁག་ནི་རང་དབང་ལྡན་པའི་འབྲེལ་ཡོད་ལས་ཁུངས་ཤིག་གིས་ཐག་གཅོད་བྱེད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་རྒས་ཕོགས་གསོག་དངུལ་ལ་ Superannuation དང་། ཡང་ན་ super ཅེས་འབོད་ཀྱི་ཡོད་པ་རེད། ཁྱེད་ལ་ལས་ཀ་སྤྲོད་མཁན་གྱིས་རྒྱུན་དུ་གླ་ཆའི་ཆ་ཤས་ཤིག་རྒས་ཕོགས་ཀྱི་ཆེད་དུ་གསོག་གིན་ཡོད་པ་རེད།

ཁྱེད་ཀྱིས་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་མེད་ལ་མ་བལྟས་པར། ལས་ཀ་སྤྲོད་མཁན་སྦྱིན་བདག་གིས་ཁྱེད་ཀྱི་གླ་ཆའི་ནང་ནས་བརྒྱ་ཆའི་གྲངས་ཀ་ཞིག་ངེས་པར་དུ་རྒས་ཕོགས་ཀྱི་ནང་དུ་གསོག་དགོས་པ་རེད་ལ། རྒས་ཕོགས་དེ་ཁྱེད་ཀྱིས་རྒས་ཡོལ་མ་ཞུས་བར་དུ་ཚོང་ལས་གཞན་ཞིག་གི་ནང་མ་རྩ་བཙུགས་ནས་འཇོག་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་། རྒས་ཕོགས་གསོག་དངུལ་རང་ཉིད་ཀྱི་མིང་ཐོག་ཏུ་མ་ཡོང་བར་གར་སོང་ཆ་མེད་དུ་གྱུར་བ་ལྟ་བུའི་གནད་དོན་བྱུང་ཚེ། དེ་ཕྱིར་ལེན་པའི་སྒྲིག་གཞི་ཡོད་པ་རེད།

ཁྱེད་རང་གི་མིང་དང་སྡོད་གནས་ཁ་བྱང་སོགས་བརྗེས་པ་ལ་བརྟེན། ཁྱེད་ཀྱི་རྒས་ཕོགས་གསོག་དངུལ་ཁྱེད་ཀྱི་ཁ་བྱང་ནང་མ་འབྱོར་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་གསོག་དངུལ་དེ་ངེས་པར་དུ་བདག་པོ་མེད་པའི་གསོག་དངུལ་གྱི་ཁོངས་ནས་ཨོ་སི་ཊོ་ལི་ཡའི་ཁྲལ་བསྡུ་ལས་ཁུངས་ ATO ལ་རྩིས་སྤྲོད་བྱེད་དགོས་པ་རེད།

རྒས་ཕོགས་གསོག་དངུལ་གྱི་ཁ་བྱང་གཅིག་གྱུར་བཟོ་བ།

ཁྲལ་བསྡུ་ལས་ཁུངས་ལ་བདག་མེད་ཀྱི་རྒས་ཕོགས་གསོག་དངུལ་དེ་འབྱོར་རྗེས། རིམས་བཞིན་གསོག་དངུལ་དེ་ཕྱིར་བདག་པོ་ལ་འཕྲོད་ཐབས་བྱེད་པ་རེད།

གལ་སྲིད། གར་སོང་ཆ་མེད་དུ་གྱུར་པའི་རྒས་ཕོགས་གསོག་དངུལ་གྱི་ཐད་རྩད་གཅོད་བྱེད་འདོད་ཚེ། ཨོ་སི་ཊོ་ལི་ཡའི་ཁྲལ་བསྡུ་ལས་ཁུངས་ལ་འབྲེལ་བ་བྱེད་པ་ནི་ཐབས་ལམ་ཡག་ཤོས་དེ་ཡིན་པ་རེད།
young asian couple using laptop to pay bill at home
There is no deadline for recovering unclaimed super, but the longer it sits held by the ATO, the longer you are missing out on investment returns. Credit: rudi_suardi/Getty Images
རང་ཉིད་ཀྱི་ཁ་བྱང་དང་དངུལ་བྱང་། མིང་སོགས་བརྗེས་པ་སོགས་ཀྱི་གནས་སྟངས་སྐབས། གང་ལ་འགྱུར་བ་ཐེབས་ཡོད་མེད་ཀྱི་གནས་ཚུལ། ཁྲལ་བསྡུ་ལས་ཁུངས་ལ་དུས་ཐོག་ལ་སྤྲད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་རེད།

ཛད་བིར་ཧད་ལོ་རན་ (Xavier O’Halloran) ནི་ཨོ་སི་ཊོ་ལི་ཡའི་རྒས་ཕོགས་གསོག་དངུལ་འབྲེལ་མཐུད་ཚོགས་པའི་འགན་འཛིན་ཡིན་པ་དང་། དེ་ནི་རྒས་ཕོགས་གསོག་དངུལ་དང་འབྲེལ་བའི་ཞུ་གཏུག་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་རེད།

ཁོང་གིས་མི་གཅིག་གི་མིང་ཐོག་ཏུ་རྒས་ཕོགས་གསོག་དངུལ་ཁ་བྱང་མང་པོ་ཡོད་མཁན་མི་ཉུང་བ་ཡོད་པ་དང་། དེ་རྣམས་གཅིག་གྱུར་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།
Portrait of four factory staff smiling towards camera
When joining a new employer, they can set up your super account automatically with a fund if you don’t nominate yours. Credit: JohnnyGreig/Getty Images
ཁ་བྱང་རྣམས་གཅིག་གྱུར་བཟོས་པ་ལ་བརྟེན་ནས་རང་ཉིད་ལ་ཁེ་ཕན་ཡོད་པ་རེད།
མི་གཅིག་གི་མིང་ཐོག་ཏུ་རྒས་ཕོགས་གསོག་དངུལ་གྱི་ཁ་བྱང་མང་པོ་ཞིག་ཡོད་ཚེ། མི་གཅིག་གི་ལག་ནས་ཨོ་སྒོར་ཁྲི་ ༥ ཙམ་གྱི་གསོག་དངུལ་དོན་མེད་ལ་འཐེན་སྲིད་པ་རེད།
ཨོ་སི་ཊོ་ལི་ཡའི་རྒས་ཕོགས་གསོག་དངུལ་འབྲེལ་མཐུད་ཚོགས་པའི་འགན་འཛིན་ཧད་ལོ་རན་ (O’Halloran) གྱིས།
མི་གཅིག་གི་མིང་ཐོག་ཏུ་རྒས་ཕོགས་གསོག་དངུལ་གྱི་ཁ་བྱང་མང་པོ་ཞིག་ཡོད་ཚེ། མི་གཅིག་གི་ལག་ནས་ཨོ་སྒོར་ཁྲི་ ༥ ཙམ་གྱི་གསོག་དངུལ་དོན་མེད་ལ་འཐེན་སྲིད་པ་རེད།

དེའི་རྒྱུ་མཚན་གཙོ་བོ་ནི། ཁ་བྱང་རེ་རེའི་ནང་དུ་ཁྱེད་ཀྱིས་རང་ཉིད་ཀྱི་ལྟ་སྐྱོང་འགན་ལེན་གྱི་དངུལ་སྤྲོད་པ་དང་། རྒས་ཕོགས་ལས་ཁུངས་ཀྱི་འཛིན་སྐྱོང་གི་གླ་ཆ་སོགས་སྤྲོད་ཀྱི་ཡོད་སྟབས། གལ་སྲིད། ཁྱེད་ལ་ཁ་བྱང་གཉིས་ཡོད་ཚེ། ལྟ་སྐྱོང་འགན་ལེན་གཉིས་དང་འཛིན་སྐྱོང་ཆེད་གླ་ཆ་གཉིས་རེ་སྤྲོད་ཀྱི་ཡོད་པ་རེད།
Adding up the profits
“It really does pay to keep on top of where your super is and consolidate where it's appropriate,” says Mr O’Halloran. Credit: djgunner/Getty Images
མི་ཞིག་ཨོ་སི་ཊོ་ལི་ཡའི་ནང་གནས་སྐབས་ཀྱི་རིང་ཡོང་ནས་ལས་ཀ་བྱས་ཏེ་རྒས་ཕོགས་གསོག་དངུལ་ཅི་ཙམ་གསོག་ཡོད་ནའང་། ཨོ་སི་ཊོ་ལ་ཡ་ནས་ཁ་བྲལ་རྗེས་གསོག་དངུལ་དེ་ལེན་ཆོག་པ་རེད།

རྒས་ཕོགས་གསོག་དངུལ་དེ་ལེན་པའི་ཆེད་དུ་ཨོ་སི་ཊོ་ལི་ཡ་ནས་ཕྱིར་རང་གི་རྒྱལ་ཁབ་ལ་མ་སོང་གོང་ནས་ཨོ་སི་ཊོ་ལི་ཡའི་གསོག་དངུལ་ལས་ཁུངས་Departing Australia Superannuation Payment (DASP) ལ་སྙན་ཞུ་བྲིས་ནས་གསོག་དངུལ་ལེན་པའི་ལས་ཀ་འགོ་འཛུགས་བྱས་ན་འགྲིག་པ་རེད།

གལ་སྲིད། ཁྱེད་རང་ཨོ་སི་ཊོ་ལི་ཡ་ནས་ཕྱིར་རང་གི་རྒྱལ་ཁབ་ལ་སོང་ནས་ཟླ་དྲུག་གི་ནང་ཚུད་དང་། ཡང་ན། ཁྱེད་ཀྱི་མཐོངས་ཆན་དུས་ཡུན་མ་རྫོགས་པའི་ཟླ་དྲུག་གི་དུས་ཡུན་གྱི་ནང་ཚུད་དུ་རྒས་ཕོགས་གསོག་དངུལ་དེ་ཁྱེད་རང་ལ་དགོས་སྐོར་གྱི་སྙན་ཞུ་ཞིག་གསོག་དངུལ་ལས་ཁུངས་ལ་མ་འབྱོར་ཚེ། གསོག་དངུལ་ལས་ཁུངས་ཀྱིས་ཁྱེད་ཀྱི་གསོག་དངུལ་དེ་ཁྲལ་བསྡུ་ལས་ཁུངས་ལ་གཏོང་བ་དང་། དེར་གསོག་དངུལ་དེ་བདག་མེད་ཀྱི་གསོག་དངུལ་ལ་ངོས་འཛིན་བྱས་འགྲོ་བ་རེད།

གསོག་དངུལ་བདག་མེད་དུ་ངོས་འཛོན་བྱས་ཟིན་ནའང་། དེ་ད་དུང་ཁྱེད་ཀྱིས་བླངས་ན་འགྲིག་པ་རེད། འོན་ཀྱང་། དུས་ཡུན་དེའི་རྗེས་ནས་རྒས་ཕོགས་གསོག་དངུལ་དེ་ཁྲལ་བསྡུ་ལས་ཁུངས་ནང་ཡོད་པ་ལས་གསོ་དངུལ་ལས་ཁུངས་ནང་ན་མེད་པ་རེད།
Apple picking during harvest in a fruit orchard
Temporary visa residents can apply to have their super paid to them as a departing Australia superannuation payment (DASP) after leaving the country. Source: Moment RF / Robert Lang Photography/Getty Images
གལ་སྲིད། ཁྱེད་རང་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པའམ། ཡང་ན། གཏན་སྡོད་ཆོག་པའི་མི་ཞིག་ཡིན་པ་དང་། རྒྱལ་ཁབ་གཞན་ཞིག་གི་ནང་ལ་གནས་སྤོ་བྱེད་ཀྱི་ཡོད་ཚེ། དེ་ནི་གནས་སྟངས་ཁ་ཁ་ཞིག་ཆགས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་མི་སེར་དང་གཏན་སྡོད་ཆོག་པའི་མི་ཞིག་ཡིན་ཚེ། ཁྱེད་རང་རྒྱལ་ཁབ་གཞན་དུ་གནས་སྤོ་བྱས་ནའང་། རྒས་ཕོགས་ཀྱི་གསོག་དངུལ་དེ་རྒྱུན་ལྡན་ལྟར་ལེན་དགོས་པ་རེད། ཁྱེད་རང་གཞུང་གིས་གཏན་འབེབ་ཡོད་པའི་ལོ་ཚད་དེ་ལ་ལོན་དགོས་པ་དང་། ཡང་ན། གནས་སྟངས་དམིགས་བསམ་པ་དེ་འདྲ་ཡིན་དགོས་པ་རེད།

ཁྱེད་རང་ཨོ་སི་ཊོ་ལི་ཡ་ནས་ཁ་བྲལ་ནས་བུད་སོང་ནའང་གསོག་དངུལ་དེ་ལོ་ཚད་ལ་མ་ལོན་བར་དུ་ལེན་ཐབས་མེད་པ་རེད། དམིགས་བསལ་གྱི་གནས་སྟངས། དཔེར་ན། ཁྱེད་རང་དཔལ་འབྱོར་གྱི་དཀའ་ཁག་ཆེན་པོ་ཞིག་ལ་འཕྲད་ཡོད་པ་དང་། ཡང་ན། ནད་པ་ཛ་དྲག་ཆགས་ཏེ་གསོག་དངུལ་དེ་སྨན་རིན་ལ་ངེས་པར་དུ་དགོས་པ་སོགས་ཀྱི་གནས་སྟངས་སྐབས་སུ་མ་གཏོགས་མི་སྤྲོད་པ་རེད།

རྒྱལ་ཁབ་གཞན་དུ་བསྡད་ནས་རང་གི་གསོག་དངུལ་ལ་བདག་ཉར་བྱེད་པ།

ཧད་ལོ་རན་ (O’Halloran) གྱིས་དོ་བདག་རྒྱལ་ཁབ་གཞན་ཞིག་ན་ཡོད་སྐབས་རང་ཉིད་ཀྱི་རྒས་ཕོགས་གསོག་དངུལ་བདག་ཉར་བྱེད་ཕྱོགས་ཀྱི་གནད་དོན་འགའ་བཤད་བྱུང་།
  • རང་ཉིད་ཀྱི་རྒས་ཕོགས་གསོག་དངུལ་དང་འབྲེལ་བ་མི་ཆད་པའི་ཆེད་དུ་རང་ཉིད་འབྲེལ་གཏུག་ཁ་བྱང་དུས་ཐོག་ཏུ་ཁྲལ་བསྡུ་ལས་ཁུངས་ལ་སྤྲོད་དགོས།
  • རང་ཉིད་ཀྱི་རྒས་ཕོགས་གསོག་དངུལ་ཀྱི་སྐྱེད་ཀ་མར་མི་ལྷུང་བའི་ཆེད་དུ་ཁྲལ་བསྡུ་ལས་ཁུངས་ཀྱི་, བརྒྱུད་ནས་བདག་ཉར་བྱེད་དགོས།
  • ཁྱེད་ཀྱི་རྒས་ཕོགས་གསོག་དངུལ་གྱིས་ཁྱེད་རང་ཕྱི་རྒྱལ་དུ་ཡོད་སྐབས་ལྟ་སྐྱོང་འགན་ལེན་བྱེད་ཀྱི་ཡོད་མེད་འདྲི་དགོས།
Young woman holding suitcase or baggage with backpack in the international airport.
If you are an Australian citizen or permanent resident, moving overseas does not change the rules around how your superannuation is treated. Source: Moment RF / Mongkol Chuewong/Getty Images
རྒས་ཕོགས་གསོག་དངུལ་ལས་ཁུངས་ཀྱིས་རང་གི་གསོག་དངུལ་དག་འབྲེལ་བ་མེད་པའི་ལས་ཀའི་ཐོག་ལ་གཏོང་གི་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས།

གལ་སྲིད། ཁྱེད་ལ་རྒས་ཕོགས་གསོག་དངུལ་ཁྲི་ལྔ་ཡོད་པ་ཡིན་ན། ལོ་གཅིག་གི་ནང་དེའི་བརྒྱ་ཆའི་གཅིག་ཙམ་ཞིག་གསོག་དངུལ་ལས་ཁུངས་ལ་སྤྲོད་དགོས་པ་རེད། ལས་ཁུངས་གཞན་ཁག་ཅིག་ལ་དེ་ལས་ཉུང་བ་ལས་སྤྲོད་མི་དགོས་པ་དེ་འདྲ་ཡོད་སྟབས། ཁྱེད་རང་ཕྱི་རྒྱལ་དུ་ཡོད་རིང་རང་ཉིད་ཀྱི་རྒས་ཕོགས་གསོག་དངུལ་ཉུང་དུ་མི་འགྲོ་བ་བྱེད་དགོས་པ་གལ་ཆེན་ཡིན་པ་རེད།

ཁྱེད་རང་ཕྱི་རྒྱལ་དུ་ཡོད་ནའང་། ཁྱེད་ཀྱིས་རྒས་ཕོགས་གསོག་དངུལ་གྱི་དངུལ་གྲངས་མང་དུ་གཏོང་ཐབས་ཡོད་པ་རེད།

འདས་གྲོངས་སུ་ཕྱིན་རྗེས་རྒས་ཕོགས་གསོག་དངུལ་སུ་ལ་སྤྲོད་དམ།

མི་ཞིག་འདས་གྲོངས་སུ་འགྲོ་བ་སོགས་ཀྱི་གནས་སྟངས་སྐབས། རང་ཉིད་ཀྱི་གསོག་དངུལ་དེ་མི་གཞན་ཞིག་གི་མིང་ཐོག་ལ་ཡོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད།

མི་ཞིག་འདས་གྲོངས་སུ་ཕྱིན་རྗེས་ཀྱི་རྒས་ཕོགས་གསོག་དངུལ་དང་འབྲེལ་བའི་དཀའ་ངལ་ཁག་ (AFCA) ལས་ཁུངས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

ཧེ་ཐར་གྷི་རེད་ (Heather Gray) ནི་ལས་ཁུངས་དེའི་འགན་འཁུར་བ་གཙོ་བོ་དེ་ཡིན་པ་དང་། ཁོང་མོས། སྤྱི་ཚོགས་ཁྱོན་ཡོངས་སུ་རྒས་ཕོགས་གསོག་དངུལ་དེ་མི་ཞིག་གི་ཤུལ་དུ་ལྷག་པའི་ས་ཁང་གི་ཆ་ཤས་ཤིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ནི་ལྟ་ཚུལ་ནོར་འཁྲུལ་ཅན་ཞིག་ཡིན་སྐོར་བརྗོད་བྱུང་།
མི་མང་པོ་ཞིག་ལ་མཚོན་ནས་བཤད་ན། རང་ཉིད་ཀྱི་ཁྱིམ་ཚང་གི་ས་ཁང་ཕུད་པའི་རྗེས་ལ་གསོག་དངུལ་དེ་རིན་ཐང་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། མི་མང་པོ་ཞིག་གིས་གསོག་དངུལ་དེ་མི་དེ་ལ་སྤྲོད་དགོས་བསམ་པའི་བསམ་བློ་ཡོད་པ་ཙམ་ལས། དེ་ཇི་ལྟར་སྤྲོད་དགོས་པའི་འགྲོ་ལུགས་ཤེས་ཀྱི་མེད་པ་དང་། ཡིག་ཐོག་ནས་གཞན་ལ་སྤྲོད་ཀྱི་མེད་པ་རེད།
ཧེ་ཐར་གྷི་རེད་ (Heather Gray) Australian Financial Complaints Authority ལས་ཁུངས་ཀྱི་འགན་འཛིན།
རྒས་ཕོགས་གསོག་དངུལ་གྱི་བདག་པོ་དེ་ཡིས་རང་ཉིད་ཀྱི་གསོག་དངུལ་དེ་སུ་ལ་སྤྲོད་དགོས་པ་ཐག་གིས་བཅད་ཆོག་པ་རེད། འོན་ཀྱང་། གསོག་དངུལ་དེ་སུ་ལ་སྤྲོད་དགོས་མིན་ཐག་གིས་བཅད་རྗེས། ཡང་དེ་འགྲིག་མི་འདུག་བསམ་ཚེ་ཉིན་གྲངས་ ༢༡ ནང་ཚུད་དུ་མིང་དེ་གཞན་ཞིག་ལ་བརྗེ་ཆོག་པ་རེད།
Retired woman managing on a low income
If you don't make a written death benefit nomination, the trustee of your super fund will decide who receives your death benefit. Credit: Kemal Yildirim/Getty Images
རྒས་ཕོགས་གསོག་དངུལ་སྤྲོད་མཁན་དེའི་ཐག་གཅོད་དང་འབྲེལ་ནས་རྒྱུན་དུ་ཁྱིམ་ཚང་ནང་དུ་རྩོད་རྙོག་ཡོང་གི་ཡོད།

ཧེ་ཐར་གྷི་རེད་ཀྱིས། མི་མང་པོ་ཞིག་གི་ཁྱིམ་ཚང་གི་གནས་སྟངས་མགོ་རྙོག་པོ་ཡོད་པ་རེད། ཁྱིམ་ཚང་གཅིག་གི་ནང་དུ་ཕ་གཅིག་ཀྱང་མ་མི་གཅིག་པའི་ཕྲུ་གུ་མཉམ་དུ་ཡོད་པ་རེད། མ་གཅིག་ནའང་ཕ་མ་གཅིག་པའི་ཕྲུ་གུ་ཚོ་མཉམ་དུ་ཡོད་པ་རེད། དེའི་ནང་དུའང་། ཁ་ཤས་ལ་ཕྲུ་གུ་ཆེ་བ་དེ་ཁྲིམས་མཐུན་གྱི་གཉེན་སྒྲིག་བྱས་རྗེས་སྐྱེས་པའི་ཕྲུ་གུ་ཡིན་པ་དང་། གཞན་དེ་གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་ཡིན་སྲིད་པ་རེད། ཅེས་དང་།

ཡང་། ཁོང་མོས། གཞན་དེ་གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་ཡིན་སྲིད་པ་རེད། གནས་སྟངས་དེ་འདྲའི་སྐབས་སུ། རང་ཉིད་ཀྱིས་རྒས་ཕོགས་གསོག་དངུལ་དེ་བགོ་གཤའ་རྒྱག་སྟངས་ཀྱི་ཐད་ལ་དུས་ཚོད་ཅུང་བཏང་བ་ཡིན་ན། རྗེས་ཕྱོགས་ཁྱིམ་ཚང་གི་ནང་དུ་རྩོད་རྙོག་སོགས་འབྱུང་བའི་ཉེན་ཁ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

གནས་སྟངས་འདི་འདྲའི་སྐབས་སུ་རྒས་ཕོགས་གསོག་དངུལ་དེ་བགོ་བཤའ་རྒྱག་པའི་ཡིག་ཆ་བཟོ་དགོས་པ་རེད།

ཡིག་ཆ་དེ་ལ་འགྱུར་བ་ཞིག་མ་བཏང་ཚུན་ཆད་དུ་ཁྱེད་ཀྱི་གསོག་དངུལ་དེ་སུ་དང་སུ་ལ་ག་ཚོད་ནས་ག་ཚོད་བགོས་ཡོད་པ་དེ་ལ་འགྱུར་བ་མི་འགྲོ་བ་རེད།

Share