གཙོ་དོན།
- རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ནི་གཞུང་གིས་མི་སྒེར་ཞིག་ལ་རླངས་འཁོར་གཏོང་ཆོག་པ་ངོས་འཛིན་བྱས་ནས་སྤྲད་པའི་དཔང་ཡིག་དེ་ལ་ཟེར་གྱི་ཡོད་པ་རེད།
- ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ཁུལ་ཁག་གིས་ཁོ་ལི་བའི་ལག་འཁྱེར་ལེན་པའི་བརྒྱུད་རིམ་ཁག་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། བརྒྱུད་རིམ་ཅུང་མི་འདྲ་བ་རེད།
- ཁ་ལོ་བའི་ལག་འཁྱེར་ཆ་ཚང་ཞིག་མ་རག་བར་དུ་ཡིག་ཚད་ཁ་ཤས་ཤིག་ངེས་པར་དུ་འཕྲོད་དགོས་པ་རེད།
- ཨོ་སི་ཊོ་ལི་ཡིའི་ནང་གཞིས་སྤོར་བྱེད་མཁན་ཚོས་ཁ་ལོ་བའི་ལག་འཁྱེར་ཚུར་བསྒྱུར་དགོས་པ་དང་། ཁོང་ཚོས་བརྒྱུད་རིམ་མང་པོ་ཞིག་བརྒྱུད་ནས་འགྲོ་མི་དགོས་པ་རེད།
རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ནི་གཞུང་གིས་མི་སྒེར་ཞིག་ལ་རླངས་འཁོར་གཏོང་ཆོག་པ་ངོས་འཛིན་བྱས་ནས་སྤྲད་པའི་དཔང་ཡིག་དེ་ལ་ཟེར་གྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་། རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ཞིག་རག་པ་ལ་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་པ་རེད། དེ་བཞིན། རླངས་འཁོར་གྱི་ཆེ་ཆུང་དང་རིགས་མ་འདྲ་བ་གང་གཏོང་གི་ཡོད་མེད་ལ་བརྟེན་ནས་བརྒྱུད་རིམ་དེ་ཡང་མི་འདྲ་བ་རེད།
མངའ་སྡེ་དང་ཁུལ་སོ་སོའི་ནང་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ལེན་པ་ལ་སྒྲིག་གཞི་ཡང་མི་འདྲ་བ་ཡོད་ནའང་། སྒྲིག་གཞི་མང་པོ་ཞིག་གཅིག་མཚུངས་ཡིན་པ་རེད།
ལོ་ཝེ་སི་ཧི་གྷན་ཝི་ཊོན་ (Louise Higgins Whitton) ནི་ནིའུ་སོཐི་ཝལ་མངའ་སྡེའི་འགྲིམ་འགྲུལ་ལྷན་ཁང་གི་གཞུང་ལམ་བདེ་འཇགས་ཀྱི་འཆར་འགོད་དང་སྒྲིག་གཞི་ཚན་པའི་འགན་འཛིན་ཡིན་པ་རེད།
ཁོང་མོས། ནིའུ་སོཐི་ཝལ་མངའ་སྡེའི་ནང་། རླངས་འཁོར་གཏོང་སྟངས་སྦྱོང་བའི་ལག་འཁྱེར་ (learner's driving license) དེ་ལེན་པ་ལ་ཆ་རྐྱེན་ནི། ངེས་པར་དུ་ལོ་ ༡༦ དང་དེའི་ཡན་ཡིན་དགོས་པ་མ་ཟད། མིག་གིས་ཡག་པོ་མཐོང་གི་ཡོད་མེད་དང་། གློག་ཀླད་ཐོག་ནས་རླངས་འཁོར་གཏོང་སྟངས་ག་ཚོད་ཤེས་ཀྱི་ཡོད་མེད་ཀྱི་ཡིག་ཚད་དེ་ཚོ་ཡང་འཕྲོད་དགོས་པ་རེད། རླངས་འཁོར་གཏོང་ཤེས་མིན་གྱི་ཡིག་ཚད་དེ་ནི་ཁྱེད་ཀྱིས་ལམ་ཁའི་འགྲོ་སྟངས་ཅི་ཙམ་ཤེས་ཀྱི་ཡོད་མེད་ལ་ལྟ་ཡི་ཡོད་པ་རེད། ལམ་ཁའི་འགྲོ་སྟངས་ཅི་ཙམ་ཡག་པོ་ཤེས་ན་དེ་ཙམ་གྱི་བདེ་འཇགས་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Expert driving instructors are especially trained to teach learner drivers in a stress-free environment, L Trent's Frank Tumino says. Source: Getty / Getty Images
རླངས་འཁོར་སྦྱོང་བའི་ལག་འཁྱེར་ (learner's driving license) ཡོད་ཚེ། ངེས་པར་དུ་གཟབ་དགོས་པ་ཁག:
- ཁྱེད་ཀྱི་རླངས་འཁོར་ནང་དུ་ངེས་པར་དུ་ཨོ་སི་ཊོ་ལི་ཡའི་ཁ་ལོ་བའི་ལག་འཁྱེར་ཡོད་མཁན་ཞིག་དགོས།
- ཁྱེད་ཀྱིས་རླངས་འཁོར་གྱི་རྒྱབ་ཏུ་དབྱིན་ཡིག་ L ཞིག་སྦྱོར་དགོས།
- ཆང་འཐུང་ཡོད་ན་མི་ཆོག་པ་རེད། གཟུགས་པོ་ནང་གི་ཆང་གི་ཚད་གཞི་ཀླད་གོར་ཡིན་དགོས།
- རླངས་འཁོར་གྱི་མགྱོགས་ཚད་ལ་ཚད་གཞི་ཡོད།
- རླངས་འཁོར་གཏོང་སྐབས་ཁ་པར་གཏན་ནས་བེད་སྤྱོད་གཏོང་མི་ཆོག་པ་རེད།
MORE FROM THE SETTLEMENT GUIDE

What happens when your child turns 18 in Australia?
ཁ་ལོ་བའི་ལག་འཁྱེར་ Probationary License ཡོད་སྐབས།
རླངས་འཁོར་གཏོང་སྟངས་སྦྱོང་བའི་ལག་འཁྱེར་ (learner's driving license) ཡོད་མཁན་ཚོས་རང་ཉིད་ཀྱི་ལོ་ཚད་དང་བསྟུན་ནས། ལོ་ཤས་ལ་ངེས་པར་དུ་ཁ་ལོ་བའི་ལག་འཁྱེར་དེ་བཟུང་ནས་འདུག་དགོས་པ་རེད། དེའི་རྗེས་ནས་གཞན་ཀྱི་ལྟ་རྟོག་མེད་པའི་ཐོག་ནས་རང་ཉིད་གཅིག་པུས་རླངས་འཁོར་གཏོང་ཆོག་པ་ལ། ངེས་པར་དུ་ Probationary license དེ་ལེན་དགོས་པ་རེད། རིམ་པ་དེ་ལ་དབྱིན་ཡིག་ P ཡིས་མཚོན་གྱི་ཡོད་པ་རེད།
ཧྥི་རན་ཁི་ཊོ་མེ་ནོ་ (Frank Tumino) ནི་ཨོ་སི་ཊོ་ལི་ཡའི་རླངས་འཁོར་ཁ་ལོ་བ་སྦྱོང་བརྡར་བྱེད་མཁན་གྱི་སློབ་གྲྭ་ཆེ་ཤོས་ L Trent ཚོགས་པའི་སྦྱོང་བརྡར་སྤྲོད་མཁན་ཞིག་ཡིན་པ་དང་། ཁོང་མོས་རང་ཉིད་ཀྱི་ཁྱིམ་མི་དང་གྲོགས་པོ་དང་གྲོགས་མོ་སོགས་ཀྱི་རོགས་རམ་ལ་བརྟེན་ནས་རླངས་འཁོར་གཏོང་སྟངས་སྦྱང་དགོས་པ་བརྗོད་བྱུང་།
ཡང་ཁོང་མོས། ཁྱེད་ཀྱིས་རླངས་འཁོར་ཁ་ལོ་བ་སྦྱོང་བརྡར་སྤྲོད་མཁན་ཞིག་གླས་ནས་རླངས་འཁོར་གཏོང་སྟངས་སྦྱང་ཆོག་པ་དང་། མི་དེའི་ལག་ནས་རླངས་འཁོར་གཏོང་སྟངས་ཀྱི་རྨང་གཞིའི་ཤེས་བྱ་རྣམས་སྦྱོང་བ་དང་། དེའི་ཐོག་ཏུ་ཤེས་བྱ་འཕར་མ་ཁག་སྦྱངས་ན་འགྲིག་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

The Australian graduated licensing scheme ensures novice drivers slowly build up their driving and road safety skills before they are fully licensed. Source: Getty
རྒྱལ་ཁབ་གཞན་གྱི་ཁ་ལོ་བའི་ལག་འཁྱེར་དེ་ཨོ་སི་ཊོ་ལི་ཡའི་ལག་འཁྱེར་ལ་བསྒྱུར་བ།
ཨོ་སི་ཊོ་ལི་ཡའི་ནང་གཞིས་སྤོ་མ་བྱས་གོང་ནས་རྒྱལ་ཁབ་གཞན་གྱི་ཁ་ལོ་བའི་ལག་འཁྱེར་ཡོད་ཚེ། དེ་ངེས་པར་དུ་ཨོ་སི་ཊོ་ལི་ཡའི་ཁ་ལོ་བའི་ལག་འཁྱེར་ལ་བསྒྱུར་དགོས་པ་རེད།
ལོ་ཝེ་སི་ཧི་གྷན་ཝི་ཊོན་ (Louise Higgins Whitton) གྱིས། རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས། རྒྱལ་ཁབ་གཞན་གྱི་ཁ་ལོ་བའི་ལག་འཁྱེར་དེ་ཨོ་སི་ཊོ་ལི་ཡའི་ལག་འཁྱེར་ལ་བསྒྱུར་བའི་བརྒྱུད་རིམ་མི་གཅིག་ཚུལ་བརྗོད་བྱུང་།
ཡང་ཁོང་གིས། རང་ཉིད་རྒྱལ་ཁབ་གང་གི་ཁོངས་ནས་ཡོང་བ་དང་། ཆ་ས་གང་དུ་ཁ་ལོ་བའི་ལག་འཁྱེར་དེ་བླངས་ཡོད་པ། དུས་ཡུན་ཅི་ཙམ་གྱི་རིང་འགོར་ཡོད་པ་དང་། དེ་སྤྲོད་མཁན་གྱི་རྒྱལ་ཁབ་དེའི་ལམ་ཁའི་སྒྲིག་གཞི་གང་འདྲ་ཡོད་མེད་སོགས་མི་གཅིག་པ་ལ་བརྟེན་ནས། སོ་སོའི་བརྒྱུད་རིམ་ཁ་ཁ་ཡིན་པ་རེད། ཅེས་བརྗོད་བྱུང་།
གལ་སྲིད། ཁྱེད་རང་ཨོ་སི་ཊོ་ལི་ཡའི་ལམ་ཁའི་སྒྲིག་གཞི་དང་ཁ་ཁ་ཡིན་ས་ཞིག་ནས་ཡོང་བ་ཡིན་ཚེ། ཁྱེད་ཀྱིས་ཡིག་ཚད་ལྷག་མ་དེ་འདྲ་གཏོང་དགོས་པ་ཡང་ཆགས་ཀྱི་ཡོད་པ་དང་། དེ་ནི་ཁྱེད་རང་རྒྱལ་ཁབ་གང་ནས་ཡོང་མིན་སོགས་ལ་རག་ལུས་ཀྱི་ཡོད་པ་རེད།ལོ་ཝེ་སི་ཧི་གྷན་ཝི་ཊོན་ (Louise Higgins Whitton) ནི་ནིའུ་སོཐི་ཝལ་མངའ་སྡེའི་འགྲིམ་འགྲུལ་ལྷན་ཁང་གི་ལས་མི་ཡིན།
གལ་སྲིད། ཁྱེད་རང་གིས་རང་ཉིད་ཀྱི་ཁ་ལོ་བའི་ལག་འཁྱེར་དེ་ཨོ་སི་ཊོ་ལི་ཡའི་ཁ་ལོ་བའི་ལག་འཁྱེར་ལ་སྒྱུར་སྐབས། ཁྱེད་ཀྱིས་དངོས་སུ་རླངས་འཁོར་བཏང་ནས་ཡིག་ཚད་ཞིག་གཏོང་དགོས་པ་དང་། ཡིག་ཚད་དེ་ཐེངས་གཅིག་གི་ནང་མ་འཕྲོད་ཚེ། ཁྱེད་ལ་རླངས་འཁོར་གཏོང་སྟངས་སྦྱོང་བའི་ལག་འཁྱེར་ (learner's driving license) སྤྲོད་པ་རེད། སྐབས་དེ་ནས་བཟུང་། ཁྱེད་ཀྱིས་ཡང་བསྐྱར་ཡིག་ཚད་མ་འཕྲོད་བར་དུ་གཞན་གྱི་ལྟ་རྟོག་མེད་ཚེ་རླངས་འཁོར་གཏོང་མི་ཆོག་པ་རེད།
ཡང་རླངས་འཁོར་ཁ་ལོ་བ་སྦྱོང་བརྡར་སྤྲོད་མཁན་ཧྥི་རན་ཁི་ཊོ་མེ་ནོ་ (Frank Tumino) ཡིས། རྒྱལ་ཁབ་གཞན་གྱི་ནང་རླངས་འཁོར་གཏོང་སྟངས་སྦྱངས་ནས་ཁ་ལོ་བའི་ལག་འཁྱེར་བླངས་ཡོད་ནའང་། ཨོ་སི་ཊོ་ལི་ཡའི་ནང་སླེབས་རྗེས་སླར་ཡང་སྦྱང་དགོས་སྲིད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། ཨོ་སི་ཊོ་ལི་ཡའི་ནང་སླེབས་པའི་གཞིས་སྤོ་བ་ཚོ་ལ་མཚོན་ན། ཁོང་ཚོས་ལམ་ཁའི་འགྲོ་སྟངས་དེ་ཚོ་སྦྱང་དགོས་ཀྱི་ཡོད་པ་རེད། ཁོང་ཚོ་རྒྱལ་ཁབ་གཞན་གྱི་ལམ་ཁའི་འགྲོ་སྟངས་ལ་གོམས་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་ལམ་ཁའི་འགྲོ་སྟངས་དང་མི་གཅིག་པའི་གོམས་གཤིས་དེ་ཚོ་མེད་པ་བཟོ་དགོས་པ་རེད། གཞིས་སྤོ་བ་ཚོར་སྦྱོང་བརྡར་སྤྲོད་སྐབས། དཀའ་ཁག་ཆེ་ཤོས་ནི་ཨོ་སི་ཊོ་ལི་ཡ་ནི་ལམ་ཁའི་གཡོན་ཕྱོགས་ནས་འགྲོ་མཁན་ཡིན་པ་དང་། རྒྱལ་ཁབ་མང་པོ་ཞིག་གི་ནང་ལམ་ཁའི་གཡས་ནས་འགྲོ་ཡི་ཡོད་སྟབས། ཁོང་ཚོ་ལམ་ཁའི་གཡོན་ནས་འགྲོ་མཁན་ཞིག་བཟོ་རྒྱུ་ལ་དཀའ་ཁག་ཆེན་པོ་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Migrants from countries with similar licensing systems to Australia can easily convert their driving permits. Those who hold overseas licenses from less regulated countries may need to undergo further examinations. Credit: Deepak Sethi/Getty Images
ཁྱེད་ལ་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ཆ་ཚང་ཞིག་མ་རག་གོང་དུ། ལམ་ནང་གི་ཉེན་ཁ་ངོས་འཛིན་བྱེད་པའི་ནུས་པ་གང་འདྲ་ཡོད་མེད་ཀྱི་ཡིག་ཚད་ (hazards perceptions test) ཡང་དྲ་ཐོག་ནས་གཏོང་དགོས་པ་རེད།
ཁ་ལོ་བའི་ལག་འཁྱེར་ཆ་ཚང་ཞིག་རག་རྗེས། རླངས་འཁོར་གཏོང་སྐབས་རང་ཉིད་ལ་རང་དབང་མང་པོ་ཞིག་ཡོད་ནའང་། ལམ་ཁའི་སྒྲིག་གཞི་ཚང་མ་ལ་མུ་མཐུད་ནས་བརྩི་འཇོག་བྱེད་དགོས་པ་རེད།
གལ་སྲིད། ལམ་ཁའི་སྒྲིག་གཞི་ཁག་ལ་འགལ་ཚེ། ཁ་ལོ་བའི་ལག་འཁྱེར་དུས་ངེས་ཅན་ཞིག་ལ་ནུས་མེད་བཟོ་བ་དང་། ཡང་ན། རྦད་དེ་ནུས་མེད་བཟོ་བ་སོགས་ཀྱི་ཉེས་ཆད་འཕོག་སྲིད་པ་རེད།
ཡང་རླངས་འཁོར་ཁ་ལོ་བ་སྦྱོང་བརྡར་སྤྲོད་མཁན་ཧྥི་རན་ཁི་ཊོ་མེ་ནོ་ (Frank Tumino) ཡིས། ང་ཚོ་གནས་པའི་ལུང་བ་འདིའི་ནང་སྒྲིག་གཞི་དམ་པོ་ཡིན་པ་དང་། རླངས་འཁོར་གྱི་མགྱོགས་ཚད་བརྒལ་བ་དང་ཆང་སོགས་འཐུང་ནས་རླངས་འཁོར་བཏང་ཚེ་ཉེས་ཆད་ལྕིད་མོ་གཅོད་པ་རེད། ཅེས་བརྗོད་བྱུང་།

Police in Australia conduct frequent roadside breath tests to ensure drivers are not intoxicated. Heavy fines apply for those who flaunt road rules. Credit: wikimedia commons
གཞིས་སྤོར་བ་དང་སྐྱབས་བཅོལ་བ་ཚོར་དམིགས་པའི་དམིགས་བསལ་གྱི་ལས་གཞི།
ཨོ་སི་ཊོ་ལི་ཡའི་ས་གནས་ཁག་གི་ནང་། ཚོགས་པ་མང་པོ་ཞིག་གིས་གཞིས་སྤོར་བ་དང་སྐྱབས་བཅོལ་བ་ཚོར་དམིགས་ནས་རིན་མེད་དང་། ཡང་ན། རིན་གོང་དམའ་བའི་ཐོག་ནས་རླངས་འཁོར་ཁ་ལོ་བའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།
Great Lakes Agency for Peace and Development ནི་ཨོ་སི་ཊོ་ལི་ཡའི་ནང་། དབྱིན་སྐད་ཅུང་ཙམ་ལས་མི་ཤེས་མཁན་དང་རིག་གཞུང་ཁ་ཁ་ཡིན་པ་ཚོ་ལ་རླངས་འཁོར་ཁ་ལོ་བའི་སྦྱོང་བརྡར་སྤྲོད་པའི་ལས་གཞི་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་རེད།
ཨེ་མལ་ནོལ་མོ་སོལ་ནེ་ (Emmanuel Musoni) ནི་ཚོགས་པ་དེའི་སྤྱི་གཉེར་བ་ཡིན་པ་དང་། ཁོང་གིས་བརྗོད་པ་ལྟར་ན། ཚོགས་པ་འདི་ཡིས་ལས་གཞི་དེ་འགོ་འཛུགས་བྱེད་དགོས་པའི་རྒྱུ་མཚན་ནི། ཁྱོ་ག་མེད་པའི་ཕྲུ་གུའི་ཨ་མ་མང་པོ་ཞིག་མི་གཞན་ལ་བརྟེན་དགོས་པ་ཆགས་ཀྱི་ཡོད་པ་དང་། མཚམས་རེར་གཞན་ཀྱིས་ཡར་མར་སྐྱེལ་བ་ལ་རིན་པ་ཆེན་པོ་ལེན་གྱི་ཡོད་པ་ངོས་འཛིན་བྱུང་བ་ལ་བརྟེན་ནས་ཡིན་འདུག
ཡང་ཁོང་གིས། ང་ཚོའི་སར་ཡོང་མཁན་གྱི་གྲས་སུ་མི་རེ་ཟུང་གིས་རླངས་འཁོར་ཁ་ལོ་བསྒྱུར་བྱེད་ཀྱི་འཁོར་ལོ་དེ་གང་དུ་བསྐོར་དགོས་ཀྱི་ཡོད་མེད་མི་ཤེས་མཁན་དེ་འདྲའང་ཡོད་རེད། ང་ཚོས་ཚད་གཞི་དེ་འདྲ་ཞིག་ནས་རང་ཉིད་ལ་ཁ་ལོ་བའི་ལག་འཁྱེར་རག་བར་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Being a fully licensed driver offers independence and opens up job prospects. Credit: Narong Jongsirikul / EyeEm/Getty Images/EyeEm
ཁོང་མོ་ནི་ཨ་ཧྥི་རི་ཁའི་གོང་གྷོ་ (Congo) རྒྱལ་ཁབ་ནས་ཚུར་གཞིས་སྤོ་བྱས་པ་ཞིག་དང་། རྒྱལ་ཁབ་དེའི་ནང་ཡོད་སྐབས་ཐེངས་གཅིག་ལའང་རླངས་འཁོར་བཏང་མྱོང་མེད་པ་རེད། ཁོང་མོ་ལ་ཕྲུ་གུ་ཞིག་ཡོད་པ་དང་རླངས་འཁོར་མེད་སྟབས། ཡར་མར་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་ལ་སྒུག་པ་སོགས་དུས་ཚོད་མང་པོ་ཞིག་འཕྲོག་ལྷག་ལ་འགྲོ་བ་དང་དཀའ་ཁག་ཆེན་པོ་ཡོད་སྟབས། རླངས་འཁོར་སྦྱང་འགོ་བཙུགས་ཡོད་པ་རེད།
ཁོང་མོ་ཨོ་སི་ཊོ་ལི་ཡར་སླེབས་རྗེས། རླངས་འཁོར་ཁ་ལོ་བའི་སྦྱོང་བརྡར་སྤྲོད་མཁན་ཞིག་དང་། ངོ་ཤེས་གྲོགས་པོ་ཞིག་གི་ལག་ནས་རླངས་འཁོར་གཏོང་སྟངས་སྦྱངས་ཏེ། རླངས་འཁོར་དངོས་སུ་གཏོང་བའི་ཡིག་ཚད་དེ་ཐེངས་གཉིས་ལ་བཏང་ཡང་འཕྲོད་མེད་པ་རེད། འོན་ཀྱང་། ཚོགས་པའི་ལས་གཞི་བརྒྱུད་ནས་ད་ལྟ་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་རག་ཡོད་པ་རེད།
ཁོང་མོས་རླངས་འཁོར་ཁ་ལོ་བའི་ཡིག་ཚད་དེ་འཕྲོད་ཐུབ་པ་བྱུང་བའི་རྒྱུ་མཚན་ནི། ཁ་ལོ་བའི་སྦྱོང་བརྡར་སྤྲོད་མཁན་དེ་ནི་ཁོང་མོའི་སྐད་ཡིག་ཤེས་མཁན་ཞིག་ཡིན་པ་ལ་བརྟེན་ནས་རང་ཉིད་ལ་གདེང་ཚོད་བྱུང་བ་ཡིན་སྐོར་བརྗོད་བྱུང་།
ཁོང་མོས། ཁོང་གིས་ག་རེ་བཤད་པ་ཆ་ཚང་གོ་བརྡ་འཕྲོད་པ་དང་། གཞན་ཞིག་ནི་ཉམས་མྱོང་རེད། ཁོང་ལ་ཉམས་མྱོང་གང་འཚམ་འདུག ཅེས་འགྲེལ་བརྗོད་བྱས་བྱུང་།
རླངས་འཁོར་ཁ་ལོ་བའི་ཡིག་ཆ་དེ་ཡིས། ཁོང་མོ་དང་ཁོང་མོའི་ཕྲུ་གུ་གཉིས་ཀྱི་མི་ཚེ་ལ་འགྱུར་བ་བཏང་ཡོད་པ་རེད།
ད་ལྟ་ང་གང་དུ་འགྲོ་དགོས་བྱུང་ནའང་འགྲོ་ཐུབ་པ་རེད། སྔོན་ཆད་ཧ་ཅང་ཁག་པོ་ཡོད་པ་རེད། ད་ལྟ་ང་རང་ལ་རླངས་འཁོར་ཞིག་ཡོད། དེ་ལ་བརྟེན་ནས་ལས་ཀ་ལ་འགྲོ་རྒྱུ་དང་། ཕྲུ་གུ་གླིང་ག་ཁྲིད་པ་སོགས་བྱེད་པ་ལ་སྟབས་བདེ་བཟོས་བྱུང་། དམིགས་བསལ་གྱིས་ཕྲུ་གུ་ཡོད་པའི་ཨ་མ་ཞིག་ལ་མཚོན་ན་མི་ཚེ་ཧ་ཅང་སྟབས་བདེ་བཟོས་ཡོད་པ་རེད།ཕྲུ་གུའི་ཨ་མ་མེ་ཆིལ་ལིན་ཉེན་ཊ་བྷ་ར་ (Micheline Nyantabara) །
མེ་ཆིལ་ལིན་ཉེན་ཊ་བྷ་ར་ཡིས། བུད་མེད་གཞན་ཚོས་ཀྱང་རླངས་འཁོར་གཏང་རྒྱུར་སྐྲག་ནས་མི་འདུག་པར། བློ་སྟོབས་བསྐྱེད་ནས་རླངས་འཁོར་གཏོང་སྟངས་སྦྱོང་དགོས་པའི་སྐུལ་མ་བྱས་བྱུང་།
ཡང་ཁོང་མོས། ཐོག་མའི་ཆ་ལ་སེམས་ལ་ཞེད་སྣང་ཏོག་ཙམ་ཡོང་བ་རེད། འོན་ཀྱང་། རླངས་འཁོར་གཏོང་སྟངས་ཡག་པོ་སྦྱོང་བ་དང་ཁ་ལོ་བའི་ལག་འཁྱེར་རག་རྗེས། དེ་སྔོན་ག་རེ་བྱུང་མིན་ལ་བསམ་མི་གཏོང་བ་རེད། གང་ཡིན་ཟེར་ན། ཁྱེད་ཀྱིས་རླངས་འཁོར་གཏོང་སྟངས་སྦྱངས་ནས་རང་ཉིད་ཀྱི་མི་ཚེ་ལ་འགྱུར་བ་བཏང་ཡོད་པས་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།