གཙོ་དོན།
- གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་ཚོང་ཁང་ནང་གཞུང་གི་སྨན་རིན་ཆགས་ཡང་གཏོང་བའི་ལས་གཞི་གཉིས་ནི་ཨོ་སི་ཊོ་ལི་ཡའི་ཡོངས་ཁྱབ་འཕྲོད་བསྟེན་འགན་ལེན་སྲིད་བྱུས་ཀྱི་ཁོངས་སུ་གཏོགས་པ་རེད།
- གལ་སྲིད་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཡོད་ཚེ། སྨན་ཁང་ནང་དུ་མཐུན་རྐྱེན་མང་པོ་ཞིག་ལ་རིན་པ་ཁྱོན་ནས་སྤྲོད་མི་དགོས་པ་དང་། ཡང་མང་པོ་ཞིག་ལ་ཕྱེད་ཀ་ཆགས་ཡང་ཡོད་པ་རེད།
- གལ་སྲིད། སྨན་ཁང་ཞིག་གིས་སྨན་རིན་དང་སྨན་བཅོས་སོགས་ཀྱི་འགྲོ་སོང་གཞུང་ནས་ལེན་གྱི་ཡོད་ཚེ། ཁྱེད་ཀྱི་ལག་ནས་འགྲོ་སོང་གཏོང་མི་དགོས་པ་རེད།
- གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare གིས་ནད་པའི་འགྲོ་སོང་སྤྲོད་ཐུབ་པ་ཞིག་སྤྲད་རྗེས། ལྷག་མ་རྣམས་ནད་པ་དེ་ཡིས་སྤྲད་དགོས་པ་ཞིག་ཡིན་པ་རེད།
ཁྱེད་རང་ཨོ་སི་ཊོ་ལི་ཡའི་མི་སེར་དང་། གཏན་སྡོད་ཆོག་པའི་མི། ཡང་ན་སྐྱབས་བཅོལ་བའི་ཁོངས་གང་ན་ཡོད་ནའང་། ཁྱེད་རང་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཁོངས་སུ་ཡོད་ཚེ། ཁྱེད་ཀྱིས་སྨན་བཅོས་བྱེད་པ་དང་སྨན་ཉོ་སྐབས་རིན་མེད་དང་། ཡང་ན། འགྲོ་སོང་ཉུང་ཉུང་ཡིན་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་ཚོང་ཁང་ནང་གཞུང་གི་སྨན་རིན་ཆགས་ཡང་གཏོང་བའི་ལས་གཞི་གཉིས་ཀ་ཕན་ཚུན་འབྲེལ་བ་ཡོད་པ་རེད།
གཞུང་གི་སྨན་རིན་ཆགས་ཡང་གི་ལས་གཞི་དེའི་ཁོངས་སུ་ཚུད་ཐབས་ལ། ཐོག་མའི་ལས་ཀ་ནི་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་བྱང་བུ་ (Medicare Card) བཟོ་རྒྱུ་དང་དེའི་ཨང་གྲངས་རེག་རྒྱུ་དེ་ཡིན།
ཨོ་སི་ཊོ་ལི་ཡའི་ནང་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་ཚོང་ཁང་ནང་གཞུང་གི་སྨན་རིན་ཆགས་ཡང་གཏོང་བའི་ལས་གཞི་གཉིས་ཀ་ཕན་ཚུན་འབྲེལ་བ་ཡོད་པ་རེད། ཨོ་སི་ཊོ་ལི་ཡ་ཞབས་ཕྱི་ཚོགས་པའི་ (Services Australia) སྤྱི་ཚོགས་གོ་རྟོགས་ཚན་པའི་འགན་འཛིན་ཇ་སི་ཊིན་བྷོ་ཊི་ (Justin Bott) ཡིས་བརྗོད་ན། ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཁོངས་སུ་འཛུལ་རྗེས། Services Australiaཡིས་ཁྱེད་ལ་དེའི་བྱང་བུ་བསྐུར་ཡོང་བ་དང་། སྨན་ཁང་ལ་འགྲོ་སྐབས་གཞུང་གི་སྨན་བཅོས་ལྟ་སྐྱོང་བྱང་བུ་ (Medicare Card) དེ་འཁྱེར་ནས་འགྲོ་དགོས་པ་བརྗོད་བྱུང་ལ།
ཡང་། དེའི་སྟེང་ན་ཁྱེད་རང་མི་སྒེར་གྱི་ཨང་གྲངས་དེ་ཡོད་པ་དང་། ཨང་གྲངས་དེ་བརྒྱུད་ནས་ཆགས་ཡང་ལ་བཏང་ཡོད་པའི་སྨན་ཉོ་ཐུབ་པ་དང་། སྨན་པ་ལ་བསྟེན་པའི་འགྲོ་སོང་རྣམས་ཆགས་ཡང་ལ་གཏོང་བ་སོགས་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། མཚམས་རེར། ཨང་གྲངས་དེ་བརྒྱུད་ནས་རང་གི་ལག་ནས་འགྲོ་སོང་གཅིག་ཀྱང་གཏོང་མི་དགོས་པའི་གནས་སྟངས་ཀྱང་ཡོང་སྲིད་པ་རེད། ཅེས་བརྗོད་བྱུང་།
LISTEN TO

How to call an ambulance anywhere in Australia
SBS English
09:50
ཁྱེད་ཀྱི་ལུས་ཁམས་མི་བདེ་བ་བྱུང་ཚེ་ཅི་བྱེད་དམ།
ཨོ་སི་ཊོ་ལི་ཡའི་ནང་། གལ་སྲིད། ཁྱེད་ལ་སྤྱིར་བཏང་གི་ལུས་པོ་མི་བདེ་བ་འདྲ་བྱུང་ཚེ། ཐོག་མར་ས་གནས་སྨན་ཁང་ཆུང་ཆུང་གི་སྨན་པ་ལ་བསྟེན་དགོས་པ་རེད། དེ་མིན་ན་ཚ་ལྗིད་མོ་འདྲ་བྱུང་ཚེ། ཐད་ཀར་སྨན་ཁང་ཆེན་པོ་ཛ་དྲག་སྨན་ཁང་ལ་འགྲོ་དགོས་པ་རེད།
འོན་ཀྱང་། སྨན་ཁང་ལ་འགྲོ་མི་ཕལ་མོ་ཆེ་ནི་ལུས་པོ་ཅུང་མི་བདེ་བ་དང་། ཡང་ན། བརྟག་དཔྱད་ཙམ་བྱེད་ཆེད་རེད། དེ་འདྲའི་གནས་སྟངས་ཀྱི་སྐབས། སེ་ཌི་ནེ་གྲོང་ཁྱེར་ནང་ལོ་ངོ་བཅུ་ལྷག་ལ་ས་གནས་སྨན་པ་བྱས་མྱོང་བའི་སྨན་པ་ཌོའོ་ལ་སི་ཨོར་ (Douglas Hor) ལྟ་བུ་ལ་བསྟེན་དགོས་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ནད་པ་བརྒྱ་ཆ་ ༨༠ ནས་ ༩༠ བར་གྱི་ན་ཚ་དེ་ས་གནས་སྨན་པས་སེལ་ཐུབ་ཀྱི་ཡོད་པ་རེད། ཛ་དྲག་གི་ནད་པ་ཡིན་ན་ལས་ནད་པ་གང་འདྲ་ཞིག་སྨན་ཁང་ལ་ཡོང་ནའང་སྨན་བཅོས་བྱེད་ཀྱི་ཡོད་རེད།
སྨན་པ་ཌོའོ་ལ་སི་ཨོར་ (Douglas Hor) ཡིས། སྨན་པས་ཁྱེད་ཀྱི་ནད་རྟགས་ལ་བལྟས་རྗེས་ན་ཚ་ངོས་འཛིན་བྱེད་པ་དང་། དེ་ནས་སྨན་བཅོས་བྱེད་ཐབས་སོགས་ཀྱི་གནས་ཚུལ་ཁྱེད་ལ་རེ་རེ་བཞིན་འགྲེལ་བཤད་བྱེད་པ་རེད། ས་གནས་སྨན་པ་ཚོ་ནི་ནད་པའི་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་མཁན་དང་སྨན་བཅོས་བྱེད་མཁན་དེ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།
ས་གནས་སྨན་པས་དགོས་མཁོ་བཞིན་ཁྱེད་ལ་བརྟག་དཔྱད་གཞན་ཞིག་བྱེད་དུ་འཇུག་སྲིད་པ་རེད།
ས་གནས་སྨན་པས་ཡང་རིག་གཅིག་རྐང་འཛིན་གྱི་སྨན་པ་སྟེ། དཔེར་ན། སེམས་ཁམས་འཕྲོད་བསྟེན་གྱི་སྨན་པ་ལྟ་བུ་ཞིག་གི་སར་གཏོང་ཡང་སྲིད་པ་རེད། གལ་སྲིད། གནས་སྟངས་ཛ་དྲག་ཡིན་ཡིན་ཚེ་སྨན་ཁང་ཆེན་པོ་ཞིག་གི་ནང་ལའང་གཏོང་བ་རེད།
ས་གནས་སྨན་པས་ནད་པ་ལ་སྨན་ཡིག་བྲིས་ནས་ཚོང་ཁང་གང་ནས་སྨན་གང་ཉོ་དགོས་པ་འགྲེལ་བཤད་བྱེད་པ་དང་། ཡང་། འགོག་ཁབ་གང་དང་གང་བརྒྱག་དགོས་པའི་བསམ་ཚུལ་ཡང་འདོན་པ་རེད།
READ MORE FROM THE SETTLEMENT GUIDE

Antenatal care in Australia: what is it and why it’s important?
གཞུང་གི་ཆགས་ཡང་གི་དངུལ་དང་དེ་ཕྱིར་ལེན་ཐབས།
གལ་སྲིད་ཁྱེད་ལ་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཡོད་ཚེ། སྨན་ཁང་ནང་དུ་མཐུན་རྐྱེན་མང་པོ་ཞིག་ལ་རིན་པ་ཁྱོན་ནས་སྤྲོད་མི་དགོས་པ་དང་། ཡང་མང་པོ་ཞིག་ལ་ཕྱེད་ཀ་ཆགས་ཡང་ཡོད་པ་རེད། དེའི་ནང་དོན་ནི། གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare གིས་ནད་པའི་འགྲོ་སོང་སྤྲོད་ཐུབ་པ་ཞིག་སྤྲད་རྗེས། ལྷག་མ་རྣམས་ནད་པ་དེ་ཡིས་སྤྲད་དགོས་པ་ཞིག་ཡིན་པ་རེད།
གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་ས་གནས་སྨན་ཁང་ཁག་གི་འབྲེལ་བ་གཙོ་བ་ནི། ས་གནས་སྨན་པའམ་སྨན་ཁང་གིས་ནད་པའི་འགྲོ་སོང་རྣམས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare བརྒྱུད་ནས་གཞུང་ནས་ལེན་གྱི་ཡོད་པ་དེ་རེད།
གལ་སྲིད། ཁྱེད་རང་སྨན་ཁང་ཞིག་ལ་སོང་ནས་སྨན་ཁང་དེ་ཡིས་ཁྱེད་ཀྱི་འགྲོ་སོང་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare བརྒྱུད་ནས་ལེན་གྱི་ཡོད་ན་ཁྱེད་ལ་འགྲོ་སོང་གང་མེད་པ་རེད།
སྨན་པ་ཌོའོ་ལ་སི་ཨོར་ (Douglas Hor) ཡིས་འགྲེལ་བརྗོད་བྱས་དོན། དེ་ནི་ཁྱེད་རང་ས་གནས་སྨན་ཁང་གང་དུ་སོང་བ་དང་། སྨན་པ་སུ་འདྲ་ཞིག་ལ་བསྟེན་པ་དང་། གནས་སྟངས་ཅི་འདྲ་ཞིག་གི་འོག་ནས་སྨན་ཁང་ལ་སོང་ཡོད་མེད་ཀྱི་ཐོག་ནས། ཁྱེད་ཀྱི་འགྲོ་སོང་གཞུང་ནས་ལེན་པའམ། ཡང་ན། ཁྱེད་ཀྱི་ལག་ནས་ལེན་མིན་དེ་ས་གནས་སྨན་པ་དང་སྨན་ཁང་ལ་རག་ལས་པ་རེད། གལ་སྲིད། ཁྱེད་རང་འགྲོ་སོང་རྣམས་གཞུང་ནས་ལེན་མཁན་གྱི་ས་གནས་སྨན་ཁང་ངམ་སྨན་པ་ཞིག་གི་སར་སོང་ཚེ། ཁྱེད་ཀྱིས་སྨན་པར་བསྟེན་པའི་འགྲོ་སོང་གང་ཡང་གཏོང་མི་དགོས་པ་རེད། ཅེས་བརྗོད་བྱུང་།

Seniors and low-income Australians may access additional discounts. Credit: filadendron/Getty Images
གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare བརྒྱུད་ནས་རང་གི་འགྲོ་སོང་ཕྱིར་ལེན་པའི་ཐབས་ལམ་ཡག་ཤོས་ནི་ས་གནས་སྨན་པའི་ལས་ཁུངས་ཡིན་པ་རེད། ས་གནས་སྨན་པས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ལས་ཁུངས་ལ་སྙན་ཞུ་བྲིས་ནས་འགྲོ་སོང་ཕྱིར་ལེན་རོགས་བྱེད་པ་རེད། རྗེས་སུ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ལས་ཁུངས་ཀྱིས་ཁྱེད་ཀྱི་དངུལ་ཁང་ནང་འགྲོ་སོང་རྣམས་ཕྱིར་བསློག་པ་རེད། དེ་མིན་གཞན། ཁྱེད་ཀྱིས་servicesaustralia.gov.au དྲ་རྒྱ་བརྒྱུད་ནས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ནས་ལེན་ཐབས་ཡོད་པ་རེད།ཇ་སི་ཊིན་བྷོ་ཊི་ (Justin Bott) །
ཨོ་སི་ཊོ་ལི་ཡའི་གཞུང་ལ་ཁྲལ་མཇལ་མཁན་ཚོས་རང་གི་ཡོང་སྒོ་ཡི་ཁྲལ་སྤྲོད་སྐབས། དེ་བརྒྱུད་ནས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ལ་དངུལ་སྤྲོད་ཀྱི་ཡོད་པ་རེད།
མི་རེ་རེ་ཡིས་དེའི་ནང་དངུལ་ཅི་ཙམ་སྤྲོད་ཀྱི་ཡོད་མེད་ནི་མི་སྒེར་གྱི་ལོ་ཚད་དང་ཁྱིམ་ཚང་གི་གནས་སྟངས་སོགས་ལ་བརྟེན་ནས་ཁ་ཁ་ཡིན་པ་རེད།
ཡོང་སྒོ་བཙལ་མི་ཐུབ་མཁན་དང་ཡོང་སྒོ་དམའ་བའི་མི། དཔེར་ན་གཞུང་གི་ཆགས་ཡང་བྱང་བུ་ (Concession Card) ཡོད་མཁན་དང་། རྒས་ཡོལ་ཞུས་ཟིན་པའི་མི་རྣམས་ལ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་རིན་ཆགས་ཡང་གཏོང་བའི་ལས་གཞི་ནང་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་རེད།
ཇ་སི་ཊིན་བྷོ་ཊི་ (Justin Bott) འགྲེལ་བརྗོད་བྱས་པ་ལྟར་ན། གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་རིན་ཆགས་ཡང་གཏོང་བའི་ལས་རིམ་གཉིས་ཀའི་འགྲོ་སོང་ལ་ཚད་གཞི་ཞིག་ཡོད་པ་དང་། གལ་སྲིད་ཚད་གཞི་དེ་བརྒལ་ཚེ་ནད་པའི་སྨན་བཅོས་སོགས་ཀྱི་འགྲོ་སོང་ལ་ཆགས་ཡང་མང་དུ་གཏོང་བ་ཡིན་འདུག
ལོ་གཅིག་གི་ནང་སྨན་བཅོས་དང་སྨན་རིན་སོགས་ཀྱི་འགྲོ་སོང་གང་འཚམ་ཞིག་སྤྲད་ནས་ཚད་གཞི་ཞིག་ལ་བསླེབས་པའི་རྗེས། ཁྱེད་ཀྱི་སྨན་བཅོས་སོགས་ཀྱི་འགྲོ་སོང་ལ་ཆགས་ཡང་མང་དུ་འགྲོ་བ་རེད།
གལ་སྲིད། ཁྱོ་ག་དང་ཆུང་མ། བྱིས་པ་ཚོ་ཚང་མའི་མིང་ཐོ་གཅིག་གི་ཐོག་ལ་བཀོད་པ་ཡིན་ན། དེའི་ཁེ་ཕན་གཅིག་ནི། སྨན་ཚོང་ཁང་གི་སྨན་གོང་ཆུང་བ་དང་སྨན་པ་བསྟེན་པའི་འགྲོ་སོང་ཆུང་བའི་ཚད་གཞི་དེར་མགྱོགས་པོ་བསླེབས་པ་ལ་ཕན་པ་རེད། ཁྱིམ་མི་ཚང་མའི་མིང་ཐོ་གཅིག་གི་ཐོག་འགོད་རྒྱུ་དེ་འགྲོ་སྟངས་ཡག་པོ་ཞིག་རེད། གང་ཡིན་ཟེར་ན། དེ་ཡིས་ཁྱིམ་མི་ཡོངས་ཀྱི་འགྲོ་སོང་ཉུང་དུ་གཏོང་བ་མ་ཟད། ཚད་གཞི་དེར་སླེབས་པར་ཇེ་མགྱོགས་སུ་གཏོང་བ་རེད།
གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྒེར་གྱི་སྨན་བཅོས་ལྟ་སྐྱོང་འགན་ལེན།
སྤྱིར་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཁོངས་སུ་སོ་སྨན་བཅོས་དང་། ནད་པ་སྐྱེལ་འདྲེན་ཞབས་ཞུ། འགོག་ཁབ་ཁག་ཅིག་རྒྱག་པ་བཅས་མཐུན་རྐྱེན་ཁག་ཅིག་ཚུད་ཀྱི་མེད་པ་རེད། དེ་བས་མི་ཚོས་རང་གི་འཕྲོད་བསྟེན་གྱི་འགྲོ་སོང་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཁོ་ན་ལ་མི་བརྟེན་པར། སྒེར་གྱི་སྨན་བཅོས་ལྟ་སྐྱོང་འགན་ལེན་ཚོགས་པའི་ནང་དུའང་ཞུགས་ནས་དེ་དག་གི་འགྲོ་སོང་དེ་ནས་བླངས་ནའང་འགྲིག་པ་རེད།
.
སྒེར་གྱི་སྨན་བཅོས་ལྟ་སྐྱོང་འགན་ལེན་གྱིས་ནད་པ་ཚོ་སྒེར་གྱི་སྨན་ཁང་ལ་འགྲོ་བའི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་དང་། སྒེར་གྱི་སྨན་ཁང་ནང་ཛ་དྲག་མིན་པའི་གཤག་བཅོས་དང་། བརྟག་དཔྱད་དགོས་ཚེ་གཞུང་གི་སྨན་ཁང་དང་བསྡུར་ན་གང་མགྱོགས་བྱེད་པའི་ཁེ་ཕན་ཡོད་པ་རེད།
སྨན་པ་ཌོའོ་ལ་སི་ཨོར་ (Douglas Hor) ཡིས། གཞུང་སྨན་ཁང་གི་འགྲོ་སྟངས་འོག་ནས། ཁྱེད་ཀྱི་མིང་ཐོ་འོག་ལ་བཀོད་རྗེས། རིམ་པ་བཞིན་ཁྱེད་ཀྱི་མིང་གོང་དུ་ནམ་ཡོང་ན། དེ་དུས་ཁྱེད་ལ་སྨན་བཅོས་བྱེད་པ་རེད། སྒེར་གྱི་སྨན་བཅོས་ལྟ་སྐྱོང་འགན་ལེན་གྱིས་ཁྱེད་ལ་སྒེར་དང་གཞུང་སྨན་ཁང་གི་སྨན་པ་གདམ་གསེས་བྱེད་དུ་འཇུག་པ་དང་། དེ་ནི་གཞུང་སྨན་ཁང་གི་ནང་ཐོ་གཞུང་ལ་སྒུག་ནས་འདུག་པ་དང་བསྡུར་ན། སྒེར་གྱི་སྨན་བཅོས་ལྟ་སྐྱོང་བརྒྱུད་ནས་སྨན་བཅོས་བྱས་ན་སྔོན་ནས་ཚར་འགྲོ་བ་རེད། ཅེས་བརྗོད་བྱུང་།
LISTEN TO

Here’s what you need to know about buying a private health cover
SBS English
07:13
ཨོ་སི་ཊོ་ལི་ཡ་ནང་གི་སྨན་པ་དང་སྨན་ཁང་ཚོས་དབྱིན་སྐད་མི་ཤེས་མཁན་ཚོ་ལའང་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།
སྨན་པ་ཌོའོ་ལ་སི་ཨོར་གྱིས་བརྗོད་ན། ཁོང་གིས་རྒྱུན་དུ་དབྱིན་སྐད་མི་ཤེས་པའི་ནད་པ་ལ་སྤྱིར་བཏང་གི་སྐད་ཆ་བཤད་ཆེད་དུ་ཁ་པར་ནང་གི་སྐད་ཡིག་བསྒྱུར་བྱེད་ཀྱི་མཉེན་ཆས་བཀོལ་གྱི་ཡོད་པ་དང་། དེ་མིན་གོ་བརྡ་འཕྲོད་དཀའ་བ་དང་གནད་དོན་གལ་ཆེན་གྱི་རིགས་ལ་སྐད་བསྒྱུར་བ་བརྒྱུད་ནས་སྐད་ཆ་བཤད་ཀྱི་ཡོད་འདུག
ཡང་སྨན་པ་ཌོའོ་ལ་སི་ཨོར་གྱིས། ཨོ་སི་ཊོ་ལི་ཡའི་ནང་ང་ཚོ་ལ་ནམ་མཁོ་ནའང་ཐད་ཀར་ཁ་པར་གཏོང་ཆོག་ཆོག་གི་སྐད་བསྒྱུར་གྱི་མཐུན་རྐྱེན་དེ་འཛོམས་པོ་ཡོད་པ་རེད། དེ་ཚོ་ནི་གཞུང་གི་མཐུན་སྦྱོར་འོག་བཀོད་སྒྲིག་བྱས་པའི་སྐད་བསྒྱུར་བ་ཡིན་པ་རེད། ཁ་པར་གྱི་སྒྲ་ཆེན་པོའི་ཐོག་བཞག་རྗེས་སྐད་བསྒྱུར་བས་ཁ་པར་བརྒྱུད་ནས་ནད་པ་དང་སྨན་པའི་བར་ལ་སྐད་བསྒྱུར་བྱེད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Telephone and online virtual consultations have become more common in Australia since the COVID-19 pandemic. Credit: Phynart Studio/Getty Images
ཁ་པར་བརྒྱུད་ནས་སྨན་པ་ལ་བསྟེན་པ་དང་། གློག་འཕྲིན་ཅན་གྱི་སྨན་ཡིག
ནད་པ་མང་པོ་ཞིག་སྨན་ཁང་ལ་ཆེད་དུ་འགྲོ་བའི་དུས་ཚོད་སོགས་མེད་སྟབས། ཁ་པར་གྱི་ལམ་ནས་སྨན་པ་ལ་བསྟེན་པ་དང་། དྲ་ཐོག་ནས་སྨན་ཡིག་སྤྲོད་པ་ཡིས་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་འདུག
དེའི་འགྲོ་སོང་ནི་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དང་སྨན་རིན་ཆགས་ཡང་གཏོང་བའི་ལས་གཞི་གཉིས་ཀས་སྤྲོད་བཞིན་ཡོད་པ་རེད།
ཁ་པར་གྱི་ལམ་ནས་སྨན་པར་བསྟེན་པའི་ཁེ་ཕན་དེ་ཐོབ་པ་ལ། ཐོག་མའི་ཆ་རྐྱེན་ནི་འདས་པའི་ལོ་གཅིག་གི་རིང་རང་ཉིད་སྨན་པ་དེ་ལ་ཐོ་འགོད་བྱས་ནས་ཡོད་པ་ཞིག་ཡིན་དགོས་པ་རེད།
སྨན་པས་ཁ་པར་བརྒྱུད་པའམ། ཡང་ན་དྲ་ཐོག་ནས་བརྙན་ལམ་བརྒྱུད་ནས་ནད་པ་ལ་སྐད་ཆ་བཤད་པ་རེད། དེང་སྐབས་གློག་ཀླད་ཐོག་ནས་སྨན་ཡིག་འབྲི་བ་དང་། གློག་འཕྲིན་བརྒྱུད་ནས་སྨན་ཡིག་དེ་ནད་པར་གཏོང་བ། ནད་པས་རང་གི་ཁྱིམ་ནས་སྨན་ཡིག་དེ་ཁྱེར་ཏེ་སྨན་ཚོང་ཁང་ལ་སོང་ནས་སྨན་ཉོ་ཆོག་སྟབས། ནད་པ་སྨན་ཁང་ལ་མ་སོང་བར་ཁ་པར་བརྒྱུད་ནས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད།