ཨོ་སི་ཊོ་ལི་ཡའི་ནང་ལྟ་སྐྱོང་བྱེད་མཁན་གྱི་ཞབས་ཞུ་རག་སྟངས།

How to access carer support services inAustralia.jpg

ཨོ་སི་ཊོ་ལི་ཡའི་ནང་མི་གྲངས་ ༩ ཡི་ནང་ ༡ ནི་ལྟ་སྐྱོང་བྱེད་མཁན་ཆགས་ཀྱི་ཡོད་པ་རེད། དེ་དག་ནི་ལོ་ན་རྒན་ཁོག་དང་དཀའ་ངལ་ཡོད་པའི་གཉེན་ཉེ་དང་གྲོགས་པོར་ལྟ་རྟོག་བྱེད་མཁན། ཡང་ན་བདེ་ཐང་གི་གནས་ཚུལ་དང་དབང་པོ་སྐྱོན་ཅན་ལ་ལྟ་རྟོག་བྱེད་མཁན་སོགས་ཡིན། འོན་ཀྱང་རྒྱུན་དུ་ལྟ་སྐྱོང་བྱེད་མཁན་མང་པོ་ཞིག་གིས་ཁོང་ཚོ་རང་ཉིད་ལའང་དེ་ལྟར་བུའི་རིན་མེད་ཀྱི་རྒྱབ་སྐྱོར་ཞབས་ཞུ་ཡོད་པ་ཤེས་རྟོགས་ངོས་འཛིན་ཐུབ་ཀྱི་མེད། ཨོ་སི་ཊོ་ལི་ཡའི་ནང་ལྟ་སྐྱོང་གི་ལས་ཀ་བྱེད་མཁན་ཁྱོན་མི་གྲངས་ས་ཡ་ ༢་༧ ལ་ཉེ་བ་ཡོད་པ་རེད། ལྟ་སྐྱོང་བྱེད་མཁན་ནང་ལོ་ན་འདྲ་མིན་དང་། ཕོ་མོ་དབྱེ་མེད། ལས་རིགས་སྣ་ཚོགས་ཡོད་ཅིང་། འོན་ཀྱང་ཁོང་ཚོ་ཚང་མར་ཐུན་མོངས་ཀྱི་དགོས་དམིགས་ཤིག་ཡོད་པ་ནི་སུ་ཞིག་གི་མི་ཚེར་རོགས་རམ་དགོས་ན་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད།



Share