ཨོ་སི་ཊོ་ལི་ཡའི་ནང་བུད་མེད་ལ་མངལ་ཆགས་པའི་བརྒྱ་ཆའི་ ༤༠ ནི་ཐོག་མ་ནས་རང་ཉིད་ཀྱིས་བྱིས་པ་ཞིག་བཟོ་དགོས་བསམ་པའི་ཀུན་སློང་ཡོད་པའི་ཐོག་ནས་མངལ་ཆགས་པ་ཞིག་མིན་ལ། དེའི་ནང་ནས་བྱིས་པའི་བརྒྱ་ཆ་ ༣༠ ནི་མངལ་ལས་འདེད་ཀྱིན་ཡོད་པ་དང་། ཕལ་མོ་ཆེ་ནི་བདུན་ཕྲག་བཅུ་གཉིས་ཀྱི་སྔོན་ནས་མངལ་ལས་འདེད་ཀྱི་ཡོད་པ་རེད།
སློབ་དཔོན་ཆེན་མོ་ཌ་ནལ་མཱ་ཛ་ (Danielle Mazza) ནི་མོ་ན་ཞི་སློབ་ཆེན་ (Monash University) གྱི་སྨན་པའི་འགན་འཛིན་ཡིན་པ་རེད།
ཁོང་མོས་བརྗོད་ན། འདས་པའི་ལོ་ཤས་རིང་ནས་བྱིས་པ་མངལ་ལས་འདེད་པའི་ཁྲིམས་ཇེ་ཡང་དུ་འགྲོ་བཞིན་ཡོད་འདུག
དེང་སྐབས་སྨན་བཟས་ནས་བྱིས་པ་མངལ་ལས་འདེད་པ་དེ་གདམ་ཀ་གཞན་ཞིག་ཡིན་པ་མ་ཟད། སྨན་དེ་ཚོ་རག་པའི་བརྒྱུད་ལམ་མང་དུ་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་། སྨན་པའི་བརྒྱ་ཆའི་ ༡༠ ཡིས་མ་གཏོགས་སྨན་དེ་དག་སྤྲོད་མི་ཆོག་པ་མ་ཟད།
མངལ་སྡེ་སོ་སོའི་ནང་བྱིས་པ་མངལ་ལས་འདེད་པའི་ཁྲིམས་ནི་ཕྲན་བུ་མི་འདྲ་སྟབས། རང་ཉིད་མངའ་སྡེ་གང་གི་ནང་དུ་ཡོད་མེད་ལ་བརྟེན་ནས་དེའི་ཁྲིམས་ལའང་ཁྱད་པར་ཅུང་ཙམ་རེད་ཡོད་འདུགསློབ་དཔོན་ཆེན་མོ་ཌ་ནལ་མཱ་ཛ་ (Danielle Mazza) ནི་མོ་ན་ཞི་སློབ་ཆེན་ (Monash University) གྱི་སྨན་པའི་འགན་འཛིན་ཡིན།
ཝིག་ཊོ་རི་ཡ་མངའ་སྡེ་ནི་བྱིས་པ་མངལ་ལས་འདེད་པའི་ཁྲིམས་གུ་ཡངས་ཤོས་ཅན་དེ་ཡིན།
དཔེར་ན། མངའ་སྡེ་གཞན་ནང་། མངལ་ཆགས་པ་ནས་དུས་ཡུན་བདུན་ཕྲག་ ༢༠ ཙམ་འགོར་ཟིན་ཚེ། བྱིས་པ་མངལ་ལས་དེད་མི་ཆོག་པ་རེད། གལ་སྲིད་ངེས་པར་དུ་འདེད་དགོས་བྱུང་ན། མངའ་སྡེ་སོ་སོའི་ནང་མི་སུ་དང་སུས་ལས་ཀ་དེ་བྱས་ཆོག་མིན་གྱི་བཀག་རྒྱ་ཡོད་པ་རེད།

ཁྱེད་ཀྱིས་ས་གནས་ཀྱི་སྨན་པ་ལ་བྱིས་པ་མངལ་ལས་འདེད་པའི་བརྒྱུད་རིམ་སོགས་སྐད་ཆ་འདྲི་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན། Credit: Getty/kupicoo
ཁྱེད་ཀྱི་ས་གནས་སྨན་པའི་ལས་འགན།
གལ་སྲིད། ཁྱེད་ཀྱི་ས་གནས་སྨན་པས་ཁྱེད་ལ་འོས་འཚམ་གྱི་སྨན་བཅོས་བྱེད་ཐུབ་ཀྱི་མེད་ཚེ། ཁོང་ཚོས་སྨན་པ་གཞན་ནམ་སྨན་ཁང་གཞན་ཞིག་འོས་སྦྱོར་བྱེད་པ་རེད།
ཨོ་སི་ཊོ་ལི་ཡའི་ཁྲིམས་ཀྱི་ནང་། གལ་སྲིད། ཁོང་ཚོའི་ཆོས་ལུགས་དང་གོམ་སྲོལ་སོགས་ལ་བརྟེན་ནས་བྱིས་པ་མངལ་ལས་འདེད་པའི་སྐོར་ལ་གྲོས་མོལ་བྱེད་པ་དང་མཐུན་རྐྱེན་སྤྲོད་པ་ལ་འགོག་རྐྱེན་བྱུང་ཚེ། སྨན་པ་དེ་ཡིས་ངེས་པར་དུ་སྨན་པ་གཞན་ཞིག་གམ་སྨན་ཁང་གཞན་ཞིག་ངོ་སྤྲོད་བྱེད་དགོས་པ་གསལ་ཡོད་པ་རེད།ཌ་ནལ་མཱ་ཛ་ (Danielle Mazza) ནི་མོ་ན་ཞི་སློབ་ཆེན་ (Monash University) གྱི་སྨན་པའི་འགན་འཛིན་ཡིན།
ད་ལྟའི་དུས་ལ། ཨོ་སི་ཊོ་ལི་ཡའི་ནང་བྱིས་པ་མངལ་ལས་འདེད་པ་ལ་གདམ་ཀ་གཉིས་ཡོད་པ་རེད།
མངལ་ཆགས་ནས་བདུན་ཕྲག་དགུ་ལས་མ་འགོར་བ་ཚོས་སྨན་བཟས་ན་ཆོག་པ་ཞིག་རེད།.
སྨན་བཟས་ནས་བྱིས་པ་མངལ་ལས་འདེད་པ་ནི་སྨན་གྱིས་བྱིས་པ་ཤོར་དུ་བཅུག་པ་ཞིག་རེད། ཐོག་མར་སྤྲུམ་མའི་མངལ་ལ་གནད་དོན་ཡོད་མེད་ལ་བལྟས་རྗེས་སྨན་ཡིག་སྤྲོད་པ་རེད།
སྨན་དེ་ཡིས་སྤྲུམ་མ་དེའི་མངལ་རང་བཞིན་གྱིས་ཤོར་བ་ལྟ་བུ་བྱས་ནས་བྱིས་པ་མངལ་ལས་འདེད་པ་རེད། དེ་བས་གལ་སྲིད་རང་ཁྱིམ་ན་ཁྱིམ་མི་དང་རོགས་པ་ཡོད་ན། སྨན་དེ་ཁྱིམ་དུ་བཟས་ནའང་འགྲིག་པ་ཞིག་རེད།
གལ་སྲིད་ཁྱེད་རང་ས་གནས་ཁུག་ཀྱོག་ན་ཡོད་ཚེ། སྨན་དེ་ནི་ཁ་པར་རམ་བརྙན་ལམ་བརྒྱུད་རག་ཐབས་ཀྱང་ཡོད་པ་རེད།

Credit: Getty/Catherine McQueen
བུད་མེད་མང་པོ་ཞིག་གིས་རང་ཉིད་ཀྱི་མངལ་གྱི་བྱིས་པ་དེ་སྨན་གྱིས་འདེད་པའི་བརྒྱུད་རིམ་དེ་མྱོང་འདོད་མེད་སྟབས། སྨན་ཁང་ནང་སྦིད་སྨན་བཟས་རྗེས་གཤག་བཅོས་བྱེད་ཀྱི་ཡོད་པ་རེད། གཤག་བཅོས་དེ་ནི་བུད་མེད་ལ་མངལ་ཆགས་ནས་བདུན་ཕྲག་དགུ་ལྷག་འགོར་ཟིན་ནའང་བྱས་ཆོག་པ་ཞིག་རེད། འོན་ཀྱང་བུད་མེད་ཕལ་མོ་ཆེ་ཡིས་བདུན་ཕྲག་བཅུ་གཉིས་ཀྱི་སྔོན་ལ་གཤག་བཅོས་བྱེད་ཀྱི་ཡོད་པ་རེད།
བྱིས་པ་མངལ་ལས་འདེད་པའི་མཐུན་རྐྱེན་ལེན་ཕྱོགས།
ནིའུ་སོཐི་ཝལ་མངའ་སྡེ་ཁྱིམ་ཚང་འཆར་འགོད་ཚན་པའི་སྨན་གི་འགན་འཛིན་ཁི་ལར་པོར་མ་ (Clare Boerma) ཡིས་བརྗོད་པ་ལྟར་ན།
བྱིས་པ་མངལ་ལས་འདེད་པ་ལ་ས་གནས་གཏན་འཁེལ་བྱས་ཡོད་ནའང་། མངའ་སྡེ་སོ་སོའི་ནང་མཐུན་རྐྱེན་སྤྲོད་མཁན་མི་འདྲ་བ་ལ་བརྟེན་ནས། ས་གནས་དེ་གང་དང་གང་དུ་ཡོད་མེད་ནི་མགོ་རྙོག་དང་ཁ་གསལ་མེད་པ་ཞིག་རེད།
ས་གནས་གང་དུ་མཐུན་རྐྱེན་དེ་དག་ཡོད་མེད་ཀྱི་གནས་ཚུལ་ས་གནས་སྨན་པས་ཤེས་སྟབས། ཐོག་མར་ཁོང་ཚོས་བརྟག་དཔྱད་བྱས་ཏེ་མངལ་ཆགས་ནས་དུས་ཡུན་ཅི་ཙམ་བར་དུ་བསྡད་ཆོག་གི་ཡོད་མེད་ལྟ་ཡི་ཡོད་པ་རེད།
དེ་ནི་གཙོ་བོ་རང་ཉིད་མངལ་ཆགས་ནས་དུས་ཡུན་ཅི་ཙམ་སོང་ཡོད་མེད་ལ་བལྟས་ནས། རང་ཉིད་ལ་དེ་ཚོད་ཀྱི་གདམ་ཀ་མང་ཉུང་གི་ཁྱད་པར་ཡོད་པ་རེད། སྟབས་མི་ལེགས་པ་ཞིག་ལ། རང་ཉིད་ས་ཆ་གང་དུ་གནས་ཡོད་མེད་ལ་བརྟེན་ནས། རང་ཉིད་ལ་མཐུན་རྐྱེན་དེ་དག་ཐོབ་མིན་གྱི་གནས་སྟངས་ཡོད་པ་རེད།ནིའུ་སོཐི་ཝལ་མངའ་སྡེ་ཁྱིམ་ཚང་འཆར་འགོད་ཚན་པའི་སྨན་གི་འགན་འཛིན་ཁི་ལར་པོར་མ་ (Clare Boerma) །

Credit: Getty/AJ Watt
ཁྱེད་ཀྱིས་མངའ་སྡེ་དང་རྒྱལ་ཡོངས་རང་བཞིན་གྱི་འབྲེལ་མཐུད་ཚོགས་པ་ཁག་བརྒྱུད་ནས་ཀྱང་སྨན་ཁང་ལ་འབྲེལ་བྱས་ཆོག
- Healthdirect ནི་ཉིན་མཚན་གཉིས་ཀར་སྒོ་ཕྱེ་ཡོད་པའི་རིན་མེད་ཀྱི་འབྲེལ་མཐུད་ལས་ཁུང་ཞིག་ཡིན། 1800 022 222
- ནིའུ་སོཐི་ཝལ་མངའ་སྡེའི་ནང་། གལ་སྲིད་མངལ་ཆགས་ནས་བདུན་ཕྲག་ ༡༥ འགོར་མེད་ཚེ། ཁྱིམ་ཚང་འཆར་འགོད་སྨན་ཁང་ (Family Planning clinics) གིས་ཀྱང་དེ་དང་འབྲེལ་བའི་མཐུན་རྐྱེན་སྤྲོད་ཀྱི་ཡོད།
- ཝིག་ཊོ་རི་ཡ་མངའ་སྡེའི་ནང་། བུད་མེད་ཚོས་འཕྲོད་བསྟེན་དང་འབྲེལ་བའི་ 1800 My Options བརྒྱུད་ནས་འབྲེལ་བ་བྱས་ཆོག1800 696 784
- ནིའུ་སོཐི་ཝལ་མངའ་སྡེ་ལ་མཚོན་ན། Pregnancy Choices Helpline བརྒྱུད་ནས་འབྲེལ་བ་བྱས་ཆོག 1800 008
- གཞུང་གི་སྨན་ཁང་ཁག་གི་ནང་དུའང་ཚད་གཞི་ཡོད་པའི་ཐོག་ནས་བྱིས་པ་མངལ་ལས་འདེད་པའི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་རེད།
བྱིས་པ་མངལ་ལས་འདེད་པའི་འགྲོ་སོང་།
བྱིས་པ་མངལ་ལས་འདེད་པའི་མཐུན་རྐྱེན་ཕལ་མོ་ཆེ་ནི་སྒེར་གྱི་སྨན་ཁང་ཁག་གིས་བྱེད་ཀྱི་ཡོད་སྟབས། བྱིས་པ་མངལ་ལས་འདེད་པའི་འགྲོ་སོང་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད།
གལ་སྲིད། ཁྱེད་ལ་ Medicare ཡོད་ན། དེ་བརྒྱུད་ནས་འགྲོ་སོང་ལ་ཆག་ཡང་ཡོད་པ་རེད། འོན་ཀྱང་། སྨན་བཅོས་ཅི་ལྟར་བྱེད་དགོས་མིན་གྱི་གནས་སྟངས་ལ་གཞི་བཞག་ནས། རང་ཉིད་ཀྱི་འགྲོ་སོང་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་ནི་གཙོ་བོ་སྨན་བཟས་ནས་བྱིས་པ་མངལ་ལས་འདེད་པའམ། གཤག་བཅོས་བྱེད་པ། ཡང་ན། མངལ་ཆགས་ནས་དུས་ཡུན་རིང་པོ་འགོར་ཡོད་པ་བཅས་ལ་རག་ལུས་ཀྱི་ཡོད་པ་རེད།
ནིའུ་སོཐི་ཝལ་མངའ་སྡེའི་ཁྱིམ་ཚང་འཆར་འགོད་ཚན་པས་སྨན་སྤྲད་ནས་བྱིས་པ་མངལ་ལས་འདེད་པ་དང་གཤག་བཅོས་བྱས་ནས་མངལ་འདེད་པ་གཉིས་ཀའི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་དང་། གལ་སྲིད་ཁྱེད་རང་གཞུང་གི་རོགས་སྐྱོར་འོག་ཡོད་པ་དང་། ཡང་ན་འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་བྱང་བུ་ཡོད་ཚེ། རང་གི་ཁུག་མ་ནས་སྨན་རིན་དེ་ཙམ་སྤྲོད་མི་དགོས་པ་རེད། འོན་ཀྱང་གལ་སྲིད་གཤག་བཅོས་བྱེད་ཀྱི་ཡོད་ཚེ། མངལ་ཆགས་ནས་དུས་ཡུན་ཅི་ཙམ་འགོར་ཡོད་པ་ལ་བལྟས་ནས་རང་ཉིད་ཀྱི་ཁུག་མ་ནས་སྒོར་མོ་ ༣༥༠ ནས་ ༤༥༠ བར་འགྲོ་བ་རེད།

Credit: Getty/milanvirijevic
ཁོང་མོས་བརྗོད་ན། སྨན་ཁང་ཁག་ཅིག་གི་ནང་ Medicare Card ཡོད་ན་འགྲོ་སོང་གང་མེད་ནའང་། གལ་སྲིད་ཁྱེད་ཀྱིས་སྒེར་སྨན་ཁང་བརྒྱུད་ནས་བྱིས་པ་མངལ་ལས་དེད་ན་སྨན་བཅོས་གཅིག་པུར་ཨོ་སྒོར་ ༥༠༠ མ་ཟིན་ཙམ་ཤོར་འགྲོ་ཡི་ཡོད་འདུག
སྒེར་གྱི་སྨན་ཁང་དུ་ཁྱེད་ཀྱིས་སྨན་པར་བསྟེན་གཏུག་བྱས་པའི་འགྲོ་སོང་གི་ཐོག་ལ། ད་དུང་ཁྲག་ལ་བརྟག་དཔྱད་བྱེད་པ་དང་། གློག་དཔར་རྒྱག་པ་སོགས་བྱས་ནས་འགྲོ་སོང་ཨོ་སྒོར་ཆིག་སྟོང་མ་ཟིན་ཙམ་ཞིག་འགྲོ་བ་རེད། གལ་སྲིད་ Northern territory མངའ་སྡེའི་ནང་དུ་བུད་མེད་ཞིག་ལ་མངལ་ཆགས་ནས་ཚད་བཀག་ཡོད་པའི་དུས་ཡུན་དེ་བརྒལ་ཚེ། གཤག་བཅོས་བྱེད་པ་ལ་ཨོ་སྒོར་ ༨༥༠༠ མ་ཟིན་ཡིན་པ་རེད།
སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་ཐོབ་ཐང་ཡོད་ནའང་། སྨན་བཅོས་ཇི་ལྟར་བྱེད་མིན་ལ་བརྟེན་ནས་ཁོང་ཚོས་སྨན་རིན་ཅི་ཙམ་སྤྲོད་མིན་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད།
ཡང་ཁོང་མོས། ད་བར་དུ་ང་ཚོ་དང་འབྲེལ་བ་བྱུང་བའི་བུད་མེད་ཕལ་མོ་ཆེ་ནི་སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་ཐོབ་ཐང་གང་ཡང་མེད་མཁན་རེད་འདུག ཁོང་ཚོའི་སྨན་རིན་སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་ཚོགས་པས་སྤྲོད་ཀྱི་མེད་པ་རེད། དེ་བས་འགྲོ་སོང་ཆ་ཚང་ཁོང་ཚོའི་ཁུག་མ་ནས་གཏོང་དགོས་ཡོད་པ་རེད། ཅེས་བརྗོད་འདུག
སློབ་གྲྭ་ཆེན་མོའི་སྨན་ཁང་ཁག་ཅིག་གིས་ཀྱང་བྱིས་པ་མངལ་ལས་འདེད་པ་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་རྒྱལ་སྤྱིའི་སློབ་མ་ཕལ་མོ་ཆེ་ཡིས་སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་ཉོ་དགོས་པ་དང་། འཕྲོད་བསྟེན་ལྟ་སྐྱོང་འགན་ལེན་དེ་ཡིས་སྨན་ཁང་ཆེན་མོ་དག་གི་གཤག་བཅོས་ཀྱི་འགྲོ་སོང་གཏོང་གིན་ཡོད་པ་ལས། གཞན་སྨན་ཁང་ཆུང་བའི་རིགས་ཀྱི་ནང་གི་ཉིན་གཅིག་གི་ནང་ཚར་འགྲོ་བའི་གཤག་བཅོས་ཀྱི་རིགས་དཔེར་ན་བྱིས་པ་མངལ་ལས་འདེད་པའི་གཤག་བཅོས་ལྟ་བུ་བྱེད་ཀྱི་མེད་པ་རེད།
མངའ་སྡེ་སོ་སོའི་གནས་ཚུལ།
མངའ་སྡེ་སོ་སོའི་བྱིས་པ་མངལ་ལས་འདེད་པའི་ཁྲིམས་ཡིག་ཁག་དྲ་ཐག་འདི་བརྒྱུད་ནས་ཤེས་ཐུབ།.