ཁྱེད་རང་གི་བརྩེ་བའི་མི་ཞིག་རྒྱན་རྩེད་ཀྱིས་དཀའ་ངལ་དང་སེམས་ཁྲལ་ཡོད་ཚེ་ཁོང་ལ་རྒྱབ་སྐྱོར་བྱེད་སྟངས།

རྒྱན་རྩེད་ཀྱི་རྣམ་པ་སྣ་ཚོགས་ནས་མཇུག་འབྲས་ངན་པ་ཐོན་བཞིན་ཡོད་པ་དང་། དེས་རྒྱན་རྩེད་རྩེ་མཁན་དེ་གཅིག་པུར་མ་ཡིན་པར་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁྱེད་རང་གི་དགའ་ས་ཉེ་ས་ཤིག་རྒྱན་རྩེད་ལ་ངན་གོམས་ཤོར་ཡོད་པའམ་ཡང་ན་མཚམས་འཇོག་བྱེད་བཞིན་ཡོད་ན་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ་པོ་ཆགས་ཡོད། ཨོ་སི་ཊོ་ལི་ཡའི་ནང་སྐད་ཡིག་འདྲ་མིན་མང་པོ་ཞིག་གི་ནང་དེའི་སྐོར་ལམ་སྟོན་དང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད།

slot machines.jpg

Pokies present more risk of harm than any other form of gambling, according to an NSW Responsible Gaming Fund report. Credit: Getty Images/Alina555

Key Points
  • Potential harm from gambling extends from financial to mental health problems.
  • Family and friends are impacted by one’s compulsive gambling, but support is available.
  • Cultural sensitivities can prevent people from seeking help.
  • Helping a loved one effectively requires family and friends to get support too.
མི་མངོན་པའི་ངན་གོམས་ཤིག་གི་མཇུག་འབྲས་ངོ་མ།

མི་ཞིག་རྒྱན་རྩེད་ལ་ངན་གོམས་ཕྱིན་ཡོད་ཀྱང་ཁྱེད་རང་གིས་ཁོང་གི་མིག་དང་འཛུམ་མདངས་ནས་གནས་ཚུལ་དེ་མཐོང་མི་ཐུབ་པའི་རྐྱེན་གྱིས་དེ་ལ་རྒྱུན་དུ་མི་མངོན་པའི་ངན་གོམས་ཟེར། འོན་ཀྱང་ད་དུང་དཔལ་འབྱོར་འགྲོ་སོང་དང་གནོད་འཚེ་མུ་མཐུད་གནས་ཡོད་པ་རེད།
སཱ་ལེ་གྷན་བྷུར། སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་སྐོར་དགེ་རྒན་ཆེན་མོ།
སློབ་དཔོན་གྷན་སི་བྷུར་ལགས་ནི་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་རྒྱན་རྩེད་ངན་གོམས་བཅོས་ཐབས་སྐོར་དང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཞིག་རེད།

ཁོ་མོས་རྒྱན་རྩེད་ཀྱི་དཀའ་ངལ་ལས་ཐར་ཐབས་བྱ་རྒྱུ་དེ་རྙོག་འཛིངས་ཅན་གྱི་རྒྱུད་རིམ་ཞིག་ཡིན་པ་དང་། དེ་སོ་སོའི་ངོས་ནས་འབད་བརྩོན་བྱེད་དགོས་པས་མ་ཚད་ཉེ་འཁོར་གནས་པའི་མི་ཚོས་་ལས་རྒྱབ་སྐྱོར་འཐོབ་དགོས་པ་ཞིག་རེད་ཅེས་གསུངས་འདུག ཁོ་མོས་རྒྱུན་དུ་ནས་ཡང་བསྐྱར་རྒྱན་རྩེད་ཀྱི་ལམ་དུ་ཞུགས་རྒྱུུའི་ཉེན་ཁ་ཀྱང་ཡོད་སྐོར་གསུངས་འདུག
མི་ཞིག་ལག་འཁྱེར་གློག་ཀླད་མདུན་དུ་དངུལ་ཁང་གི་བྱང་བུ་བཟུང་ནས་བསྡད་པ།
དྲ་ཐོག་གི་རྒྱན་རྒྱན་འཛུགས་དེ་རྒྱན་འཛུགས་འཕྲུལ་ཆས་ Poker Machines དང་རྩེད་སྟངས་མ་འདྲ་བ་ཡིན་ཡང་དོན་དངོས་སུ་གནོད་འཚེ་གཅིག་པ་ཡིན། Credit: Getty Images/becon
རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་ཚོགས་སྡེ་ CALD ཡིས་རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་ཚོགས་སྡེ་ཁག་སྤྱི་ཡོངས་ཀྱི་མི་མང་དང་བསྡུར་ན་རྒྱན་རྩེད་ཉུང་བ་རྩེ་བཞིན་ཡོད་ཀྱང་། ཞིབ་འཇུག་བྱས་པ་བརྒྱུད་ད་དུང་མི་མང་པོ་ཞིག་རྒྱན་རྩེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསལ་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་རྒྱན་རྩེད་སྐོར་གྱི་འགན་འཁྲི་ལས་ཁུངས་ཀྱི་འགན་འཛིན་ནཱ་ཋ་ལི་ Natalie Wright ལགས་ཀྱིས་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་སྤྱི་ཚོགས་དེ་ཚོའི་ནང་རྒྱན་རྩེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་མང་པོ་ཞིག་ངོ་ཚ་དང་མིང་ཆད་ངན་པ་ལ་ཞེད་ནས་ལམ་སྟོན་རོགས་རམ་འཚོལ་ཕོད་ཀྱི་ཡོད་པ་མ་རེད་ཅེས་གསུངས་འདུག
ཚོགས་སྡེ་མང་པོའི་ནང་སློབ་སྟོན་པ་ཡོད་པ་རེད། འོན་ཀྱང་མི་རྣམས་ཀྱིས་གནད་དོན་དེ་ཁྱིམ་ཚང་ནང་ཁུལ་དུ་ཉར་ནས་བསྡད་བཞིན་ཡོད།
Natalie Wright, Director of the Office of Responsible Gambling in New South Wales
སེམས་སྐྱོ་བའི་ནང་མི།
རྒྱན་རྩེད་ཀྱི་གནོད་འཚེ་དེ་རྒྱན་རྩེད་རྩེ་མཁན་གཅིག་པུ་ག་ལ་ཡིན། Credit: Getty Images/uniquely India
འབད་བརྩོན་གཅིག་གིས་གནས་སྟངས་མང་པོ་ལ་ཤུགས་རྐྱེན་སྤྲོད་ཐུབ།

རྒྱན་རྩེད་ཀྱིས་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་ལ་དཀའ་ངལ་སྤྲོད་ཀྱི་ཡོད། རྒྱན་རྩེད་ཀྱིས་ཁོང་ཚོའི་དཔལ་འབྱོར་ལའང་གནོད་སྐྱོན་གཏོང་གི་ཡོད། མ་ཚད་མཛའ་བརྩེའི་འབྲེལ་བ་ལའང་དོ་ཕོག་དང་དེས་རྐྱེན་པས་ལྡོག་ཕྱོགས་ནས་མཇུག་འབྲས་མང་པོ་ཐོན་བཞིན་ཡོད།

"རྒྱན་རྩེད་རྩེ་མཁན་དེས་འགྱུར་བ་གཏོང་བའི་ཐབས་ཤེས་བྱེད་བཞིན་ཡོད་མེད་ལ་མ་བལྟོས་པར་ཁོང་ཚོ་སོ་སོ་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་དུ་མི་སུ་ཞིག་རྒྱན་རྩེད་ཀྱི་ངན་གོམས་ལས་ཐར་ཐབས་བྱེད་ཀྱི་ཡོད་ཚེ་དེ་ལ་མི་ཞིག་གིས་རྒྱབ་སྐྱོར་དགོས་རྒྱུ་དེ་ཡང་གལ་ཆེན་པོ་རེད་ " ཅེས་སློབ་དཔོན་གྷ་ནི་སི་བྷུར་ལགས་ཀྱིས་གསུངས་འདུག
Concerned man with bill.jpg
མི་ཞིག་གི་དཔལ་འབྱོར་གྱི་གནས་བབས་འགྱུར་བ་གཏོང་བར་རྒྱན་རྩེད་ནི་མངོན་གསལ་དོད་ཤོས་ཀྱི་གནས་དོན་ཞིག་ཆགས་ཡོད། Credit: Getty Images/Narisara Nami
ཨ་ཌམ་ Adam ལགས་ནི་ཨ་རབ་ནས་ཡིན་ཞིང་ད་ལྟ་སིཌ་ནིང་དུ་གནས་སྡོད་བྱས་ཡོད་པ་དང་ཁོང་ནི་ཕྱི་ལོ་ ༢༠༡༤ ནས་བཟུང་སྟེ་རྒྱན་རྩེད་ངན་གོམས་ནས་དྲག་སྐྱེད་བྱུང་ཡོད། ཁོང་གིས་ནང་མིའི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་ཁོང་ཉིད་ཀྱིས་རྒྱན་རྩེད་མཚམས་འཇོག་བྱེད་པར་ནང་མིས་རྒྱུན་དུ་ནས་རྒྱབ་སྐྱོར་བྱས་ཡོད་སྐོར་བརྗོད་འདུག ཁཽང་གིས་རྒྱན་རྩེད་མཚམས་འཇོག་སྐབས་ཁོང་གི་སྤུན་མཆེད་ཞིག་གིས་སློབ་གསོ་ལམ་སྟོན་དེས་ཕན་ཐོགས་ཆེན་པོ་བྱུང་སྐོར་བརྗོད་འདུག ཁོང་གིས་རྒྱན་རྩེད་ངན་གོམས་སུ་ཕྱིན་ཚེ་མཚམས་རེ་བསམ་བློ་འཁོར་རྒྱུ་ཧ་ཅང་ཁག་པོ་འདུག་ཀྱང་ཁོང་ཚོའི་རྒྱབ་སྐྱོར་སློབ་གསོ་དེ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་བརྗོད་འདུག

ཨ་ཌམ་ལ་མཚོན་ན་ ཞེས་རྒྱན་རྩེད་ངན་གོམས་བཀག་འགོག་བྱེད་མཁན་ཚོགས་པ་དེའི་བརྒྱུད་དེ་སྔོན་རྒྱན་རྩེད་ངན་གོམས་ཀྱི་ཉམས་མྱོངས་ཡོད་པའི་མི་དང་སོ་སོའི་ཉམས་མྱོངས་བརྗོད་རེས་བརྒྱུད་ཁོང་གི་རྒྱུན་རྩེད་མཚམས་འཇོག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག ཡིན་ནའང་ཨ་ཌམ་ལགས་ཀྱིས་མི་ཚང་མ་ལ་ངན་གོམས་བཀག་འགོག་བྱེད་པའི་ཐབས་ལམ་མ་འདྲ་བ་རེ་དགོས་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག
support group.jpg
Podpora typu “rovný s rovným” a online fóra môžu byť pre mnohých užitočné Credit: Getty Images/Marco VDM
ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་སོ་སོ་ལ་རྒྱན་རྩེད་ངན་གོམས་བཀག་འགོག་སློབ་གསོ་ལམ་སྟོན་བྱེད་མཁན་ཁ་པར་ལམ་ནས་དང་། དྲ་ཐོག ད་དུང་མི་དངོས་སུ་ཐུག་ནས་ལམ་སྟོན་བྱེད་མཁན་དེ་འདྲ་ཡོད་པ་རེད།
ནིའུ་སའོ་ཐི་ཝལ་མངའ་སྡེས་མི་རིགས་སྣ་ཚོགས་ཀྱི་ཚོགས་སྡེ་ཁག་གི་ནང་རྒྱན་རྩེད་ཀྱི་དཀའ་ངལ་སེལ་ཐབས་དང་རོགས་རམ་ཆེད་དུ་ང་ཚོའི་མི་ཚེ་འགྱུར་བ་གཏོང་ཞེས་པའི་ལས་འགུལ་སྤེལ་བཞིན་ཡོད།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་སུ་ཞིག་ལ་རྒྱན་རྩེད་ཐད་ངཀའ་ངལ་འཕྲད་ནས་རོགས་རམ་དགོངས་ཚེ་ཁ་པར་ཨང་གྲངས་ 1800 858 858 ཐོག་འབྲེལ་བ་བྱེད་དགོས་པ་དང་། ཁོང་ཽཚའི་དྲ་ཚིགས་ ཐོག་ནས་ཀྱང་ཨ་རབ་བྷི་དང་། རྒྱ་ཡིག ཧིན་དྷི། ཀོ་རི་ཡན། ཝི་ཏི་ནམ་སོགས་སྐད་ཡིག་འགའ་ཤས་ནང་རྒྱན་རྩེད་ངན་གོམས་སྐོར་ཡིནག་སྒྱུར་བྱས་ཡོད།
གལ་སྲིད་ཁྱེད་རང་གི་སྙིང་ཉེ་བའི་མི་ཞིག་རྒྱན་རྩེད་ཀྱིས་རྐྱེན་པས་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཚེ་དཔལ་འབྱོར་ཐད་སློབ་སྟོན་བྱེད་མཁན་ཡང་ཡོད་པ་རེད་ཅེས་དང་། ད་དུང་མངའ་སྡེ་ཁག་གི་ནང་རྒྱན་རྩེད་ཐད་སློབ་གསོ་ལམ་སྟོན་སྐད་ཡིག་མ་འདྲ་བ་ ༥༠ ཙམ་གྱི་ནང་ཡོད་པ་རེད་་སྐུ་ཞབས་ཝ་རེ་ཊི་ Ms Wright ལགས་ཀྱིས་གསུངས་འདུག

མཐའ་དོན་སུ་ཞིག་རྒྱན་རྩེད་ངན་གོམས་ཀྱི་དཀའ་ངལ་འཕྲད་ཚེ་སློབ་སྟོན་ཆེད་ལས་མི་སྣར་བསྟེན་གཏུགས་དགོས་པར་སྐུལ་འདེད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད་ཡོད།

རྒྱན་རྩེད་ངན་གོམས་ཐད་ལམ་སྟོན་རོགས་རམ་དགོས་ཚེ་གཤམ་གྱི་དྲ་ཚིགས་དང་ཁ་པར་ཨང་གྲངས་དེ་དག་ལྟ་ཀློག་འབྲེལ་གཏུགས་བྱེད་དགོས།

རྒྱལ་ཡོངས་སུ་རྒྱན་རྩེད་ཐད་རོགས་རམ་འབྲེལ་གཏུགས་བྱེད་ས། ·

རྒྱལ་ཡོངས་སུ་བུན་ལོན་ཐད་རོགས་རམ་གནང་མཁན། ·

འཚོ་བར་ལམ་སྟོན་བྱེད་མཁན། ·

Share
Published 16 August 2022 7:17pm
Updated 18 August 2022 7:03pm
By Zoe Thomaidou
Source: SBS


Share this with family and friends