Key Points
- Taxpayers can now claim 67 cents for per work hour from home
- From 1 March 2023, taxpayers must record work-from-home hours in forms such as timesheets, rosters and logs
- ATO will not accept estimates or a four-week representative diary as a record of hours worked from home
དཔྱ་ཁྲལ་སྤྲོད་མཁན་སུ་ཞིག་ཏོག་དབྱིབས་ནད་ཡམས་རྐྱེན་པས་ནང་ལ་བསྡད་ནས་ལས་ཀ་བྱེད་མཁན་རྣམས་ཀྱི་འགྲོ་སོང་ལོ་མཇུག་དཔྱ་ཁྲལ་ཆགས་ཡངས་སམ་ཕྱིར་སློག་ཞུས་ཆོག
དཔྱ་ཁྲལ་ཆགས་ཡངས་འདི་སྤྱིར་བཏང་གི་འགྲོ་གྲོན་དང་ཡང་ན་གཏན་འཁེལ་འགྲོ་སོང་ག་རེ་ཡིན་རུང་ཞུས་ཆོག
ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་ད་ཆ་གཏན་འཇགས་ཀྱི་བསྡུར་ཚད་ཐབས་ལམ་ལ་བཟོས་ཡོད།
Eligibility

Assistant Commissioner Tim Loh. Credit: ATO/lightbulb studio
To claim your working from home expenses, you must be working from home to fulfil your employment duties, not just carrying out minimal tasks, such as occasionally checking emails or taking callsAssistant Commissioner Tim Loh
ད་དུང་ནང་ལ་བསྡད་ནས་ལས་ཀ་བྱེད་སྐབས་འགྲོ་སོང་ཐོལ་པ་ཁག་ཀྱང་ངེས་པར་དུ་ཚུད་དགོས་སྐོར་གསུངས་འདུག
འགྲོ་སོང་ཐོལ་པ་ཁག་ནི་དཔེར་ན། གློག་དང་སོལ་རླངས། ལས་ཤག ཁ་པར། དྲ་ལམ། དགོས་མཁོའི་ཅ་དངོས་ཁག་དང་ལས་ཁུངས་ཀྱི་ཅ་དངོས་སོགས་ཚུད་ཡོད།
གཞན་དག་འགྲོ་སོང་ཁག་དཔེར་ན། ལས་ཀའི་ཆེད་དུ་རྐུབ་སྟེགས་དང་། ཅོག་རྩེ། གློག་ཀླད། ལག་འཁྱེར་གློག་ཀླད། གཉེན་ཆས། དེ་བཞིན་བཟོ་བཅོས་དང་བསྐྱར་གསོ་སོགས་ཀྱི་འགྲོ་གྲོན་ཡིན་ཚུད་ཡོད་ཅེས་ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་།
ལས་མི་ཚོས་འགྲོ་སོང་ཐོལ་པ་ཕྱིན་པ་ཁག་གི་རྩིས་ཁྲ་བྱུང་འཛིན་ངེས་པར་དུ་ཉར་དགོས་པ་ཡིན།
ཡིན་ན་ཡང་ཁོང་ཚོས་ཀོ་ཕི་དང་། ཇ། སྤྱིར་ཡོངས་ནང་གི་རྒྱུན་ལྡན་ཅ་དངོས་ཁག་གི་འགྲོ་སོང་ཞུ་ཆོག་གི་མེད། དེའི་ནང་ཕྲུ་གུའི་ཤེས་ཡོན་ཆེད་ཉོས་པའི་གློག་ཀླད་དང་། ཅོག་རྩེ། སོགས་ཀྱི་རིན་པ་འགྲོ་སོང་ཞུ་ཆོག་གི་མེད།
འགྱུར་བ།
དེ་སྔོན་དཔྱ་ཁྲལ་མཇལ་མཁན་གྱི་ལས་མིས་གཏན་འབེབས་མ་གནས་ལས་ཆུ་ཚོད་རེའི་གླ་ཆ་ལས་བརྒྱ་ཆ་ ༥༢ ཞུ་ཆོག་གི་ཡོད་པ་དང་། ད་ཆ་བརྒྱ་ཆ་ ༦༧ རེ་ཞུ་ཆོག་གི་ཡོད།
ཆེད་ལས་རྩིས་པ་ནཱ་ཡན་ཕཱ་ཊལ་ Nayan Patel ལགས་ཀྱིས་འགྱུར་བཅོས་འགྱུར་བ་དེའི་འོག་ནས་ལས་མི་ཚོ་མི་རིང་བར་ཁྱིམ་སྡོད་ལས་ཁུངས་མི་དགོས་པ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག
ཁོང་གིས་སྒྱུར་བཅོས་འགྱུར་བ་དེའི་འོག་ནས་ཆུ་ཚོད་རེའི་གླ་ཆ་ནས་བརྒྱ་ཆ་ ༦༧ གློག་དང་། རླངས་རྫས། ཁ་པར་བེད་སྤྱོད། དྲ་རྒྱ། ད་དུང་ལས་ཁུངས་ཀྱི་ཅ་དངོས་དང་གློག་ཀླད་སོགས་ཀྱི་ཆེད་ཞུ་ཆོག་གི་ཡོད་སྐོར་བརྗོད་འདུག
འགྱུར་བ་དེ་ ༢༠༢༢ ཟླ་ ༧ ཚེས་ ༡ ནས་འགོ་བཙུགས་ཏེ་ ༢༠༢༢ དང་ ༢༠༢༣ གི་དཔྱ་ཁྲལ་ཕྱིར་ལེན་བར་གྱི་དུས་ཡུན་དེ་ཆགས་ཡོད།
ཟིན་ཐོ་ཉར་ཚགས།
ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་ཚོད་དཔག་དང་། བདུན་ཕྲག་བཞིའི་ཉིན་ཐོ་གྱི་མཚོན་པར་བྱེད་པའམ་དེ་དང་ཆ་འདྲ་བའི་ཡིག་ཆ་དཔེར་ན་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡ ནས་བརྩིས་པ་དག་ངོས་ལེན་བྱེད་ཀྱི་མེད།
ལས་མི་ཚོས་ངེས་པར་དུ་དཔེར་ན་ལས་ཀ་བྱས་པའི་རེའུ་མིག་དང་། ལས་བགོས་རེའུ་མིག གཞན་ཡང་ལས་ཀ་བྱེད་ས་ནས་ལས་ཞུགས་དུས་ཚོད་མ་ལག་དང་། ཡང་ན་ལོ་འཁོར་མོའི་ཉིན་ཐོ་བཅས་ངེས་པར་དགོས་ཀྱི་ཡོད།
སྐུ་ཞབས་ལའོ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་ལས་ཞུགས་ཀྱི་ཟིན་ཐོ་ཉར་མེད་མཁན་གྱི་ལས་མི་ཚོར་དམིགས་བསལ་སྒྲིག་གཞི་བཀོད་པ་ཞིག་རེད་ཅེས་གསུངས་འདུག
From 1 July 2022 to 28 February 2023, we'll accept a record representing the total number of hours worked from home (for example, a four-week diary)Assistant Commissioner Tim Loh
རྒྱུན་ལྡན་གྱི་འགྲོ་སོང་ཐབས་ལམ།
ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་འགྲོ་སོང་ཐད་ད་དུང་འགྱུར་བ་བཏ་མེད་སྐོར་བརྗོད་འདུག
དཔྱ་ཁྲལ་ལས་ཁུངས་ཀྱིས་འགྲོ་སོང་ཕྱིར་ཞུ་བར་ལས་མི་ཚོས་རྒྱུན་ལྡན་གྱི་འགྲོ་སོང་ཁག་ཚང་མའི་རྩིས་ཁྲ་ཟིན་ཐོ་ཉར་དགོས་ཀྱི་ཡོད་སྐོར་བརྗོད་འདུག
ཟིན་ཐོ་ནང་བྱུང་འདིན་ཁག་ཚང་མ་དང་། དངུལ་འཛིན། ཡིག་ཆ་ཁག་གི་ནང་དངུལ་རྩིས་ཀྱི་ལོ་གཅིག་གི་ནང་ནང་ལ་བསྡད་ནས་ལས་བྱས་པའི་ཆུ་ཚོད་གྱི་གྲངས་ཀ་གསརལ་པོ་ཡོད་དགོས་སྐོར་བརྗོད་འདུག
ཨོ་སི་ཊོ་ལ་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་ལས་མི་ཚོས་ལས་ཀ་དང་འབྲེལ་བའི་འགྲོ་སོང་དང་སྒེར་གྱི་འགྲོ་སོང་བར་རྩིས་ཏག་ཏག་བརྒྱབ་རྗེས་ཟིན་ཐོ་ཉར་དགོས་ཀྱི་ཡོད་སྐོར་དང་། སྦྱིན་བདག་གིས་འགྲོ་སོང་བཏང་ཚར་བའི་རིགས་སླར་ཡང་གཞུང་ནས་མར་ཞུས་ཆོག་གི་མེད་སྐོར་བརྗོད་འདུག
དཔྱ་ཁྲལ་ལས་ཁུངས་ཀྱིས་འགྲོ་སོང་ཨོ་སྒོར་ ༣༠༠ ལྷག་ཕྱིན་པའི་མ་གནས་དུས་གཅིག་ལ་ཞུ་རྒྱུ་མེད་སྐོར་དང་། དཔྱ་ཁྲལ་ཆགས་ཡང་དེ་བཞིན་འདས་པའི་ལོ་ཤས་སྔོན་ཆགས་ཡངས་ཞུས་པ་གཅིག་མཚུངས་ལྟར་དགོས་ཀྱི་ཡོད་སྐོར་བརྗོད་འདུག
SBS གསར་ཁག་གི་ཏོག་དབྱིབས་ན་ཚ་དང་འབྲེལ་བའི་གནས་ཚུལ་ཁག་དུས་ནས་དུས་སུ་གསར་སྣོན་དང་། རིག་གཞུང་སྣ་ཚོགས་དང་སྐད་ཡིག་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་སྤྱི་ཚོགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད། བདེ་འཇགས་ཐོག་ནས་གནས་ཐུག་པ་དང་གནས་ཚུལ་ཁག་དུས་ཐོག་རེག་པར་གསར་ཁང་གི་ཏོག་དབྱིབས་སྐོར་གྱི་ཁྱེད་རང་གི་སྐད་ཡིག་ནང་སྤེལ་བའི་དམིགས་བསལ་ལེ་ཚན་ནང་ཕེབས་རོགས།