འདི་ལོའི་ལུགས་རྙིང་ལོ་གསར་དེ་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་སྲུང་བརྩི་བྱ་རྒྱུ་ཡིན་པ་རེད།
དེ་ཡང་ལུགས་རྙིང་ལོ་གསར་ལ་གྲུབ་ཆ་བྱེད་སྒོ་ཁག་བཞི་ཙམ་ཡོད་པའི་ནང་། ཐོག་མར་མི་རྣམས་བདུན་ཕྲག་གཅིག་ཙམ་ཕྱི་རོལ་དུ་ལོ་གསར་ཆུང་བ་རོལ་བ་དང་། དེ་ནས་ཉིན་གཅིག་རིང་དྲན་གསོ་དང་ཆོས་ཕྱོགས་བྱེད་སྒོ་སྨོན་ལམ་འདེབས་པ། དེ་ནས་ཉིན་གཅིག་ནང་མི་མཉམ་འཛོམས་དང་རྔན་པ་སྤྲོད་ལེན་བཅས་བྱེད་ཀྱི་ཡོད།
དཔྱིད་ཀའི་དུས་ཆེན་དེ་ཉིད་སྒང་བཞུ་དུས་ཆེན་བར་དུས་ཡུན་ཉིན་གྲངས་ ༡༥ རིང་གཏོང་སྲོལ་ཡོད་པ་རེད།
འབུམ་རམས་མ་ཕན་ཝང་ Dr Pan Wang ལགས་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ནང་རྒྱ་ནག་དང་ཨེ་ཤེ་ཡའི་སློབ་གཉེར་སྐོར་གཙུག་ལག་སློབ་དཔོན་ཡིན་པ་རེད། ཁོ་མོས་ལུགས་རྙིང་ལོ་གསར་ནི་ལུགས་རྙིང་ལོ་ཐོའི་ཐོག་མའི་འགོ་འཛུགས་སྐབས་ལོ་གསར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། དེ་ནི་གཙོ་བོར་ཟླ་བའི་འཁོར་ཕྱོགས་ལ་གཞིར་བཅོལ་ཡོད་པ་རེད། དེ་ལ་རྒྱའི་ལོ་གསར་དང་ཡང་ན་དཔྱིད་གསར་དུས་ཆེན་ཡང་ཟེར་གྱི་ཡོད་པ་རེད་ཅེས་གསུངས་འདུག
འབུམ་རམས་མ་ཝང་ལགས་ཀྱིས་ལུགས་རྙིང་ལོ་གསར་ནི་རྒྱ་ནག་དང་། གཞན་ཡང་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཀོ་རི་ཡ་དང་། ཝི་ཏི་ནམ། འཇར་པན། སོགས་སུ་སྲུང་བརྩི་བྱེད་སྲོལ་ཡོད་པ་རེད་ཅེས་གསུངས་འདུག
ཁོ་མོས་ལུགས་རྙིང་ལོ་གསར་དེ་ད་དུང་མཱ་ལེ་ཤི་ཡ་དང་། སོག་པོ། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་གཞི་སྤོ་བ་དེ་ཚོས་ཀྱང་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ལུགས་རྙིང་ལོ་གསར་ལ་ལོ་ངོ་ ༤༠༠༠ ཙམ་གྱི་ལོ་རྒྱུས་ལྡན་ཞིང་དེ་ནི་ Xia ཞཱ་དང་ Shang ཧྲང་རྒྱལ་རབས་སྐབས་ནས་འགོ་འཛུགས་བྱས་པ་ཞིག་རེད་ཅེས་གསུངས་འདུག
ཤར་ཨེ་ཤེ་ཡ་དང་ལྷོ་ཤར་ཨེ་ཤེ་ཡའི་རིགས་གཞུང་སྐོར་ཤེས་རྟོགས་བྱེད་པའི་གོ་སྐབས།

Source: Getty Images/Kiszon Pascal
འབུམ་རམས་མ་ཁེ་ཀྲང་ Dr Kai Zhang ལགས་ནི་ཁེན་བྷི་རའི་ནང་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་སྐོར་གྱི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་དེང་དུས་རྒྱའི་སྐད་ཡིག་སྐོར་ལས་ཀ་བྱེད་བཞིན་ཡོད། ཁོ་མོས་ལུགས་རྙིང་ལོ་གསར་ནི་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་མི་རྣམས་ཀྱིས་རྒྱ་མི་དང་ཤར་ཨེ་ཤེ་ཡ། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་གཞི་རྒྱ་ཆེ་བའི་རིག་གཞུང་སྐོར་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་རླབས་ཆེན་ཞིག་རེད་ཅེས་གསུངས་འདུག
དེ་ནི་མཚོན་དོན་རང་བཞིན་དང་། དོན་སྙིང་ཆེ་བའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་ཞིག་རེད་ཟེར།
ལུགས་རྙིང་ལོ་གསར་སྲུང་བརྩི་བྱེད་སྟངས།
ཌོ་ཊར་ཝང་ལགས་ཀྱིས། ལུགས་རྙིང་ལོ་གསར་སྲུང་བརྩི་སྐབས། ཁང་པ་སོགས་ལ་མཛེས་རྒྱན་སྤྲས་པ་དང་། ནང་མི་ལྷན་དུ་འཛོམས་ནས་དགོང་ཟས་ལ་རོལ་བ། ཤོག་ཁུག་དམར་པོའི་ནང་དངུལ་བླུག་པ་དང་། ལག་རྟགས་སྤྲོད་རེས་བྱེད་པ། མེ་འབུད་པ་དང་ཤོག་སྦག་སྤར་བ། འབྲུག་དང་སེངྒེའི་གར་འཆམ་ལ་བལྟ་བ་སོགས་བྱེད་ཀྱི་ཡོད།
ལུགས་རྙིང་ལོ་གསར་སྐབས་ཟས་རིགས་སྟོན་མོ་བཤམས་ནས་ཉ་ཤ་དང་། མོག་མོག་བཟའ་བ། ནང་མི་དང་ད་དུང་གྲོགས་པོ་གྲོགས་མོ་ལྷན་དུ་འཛོམས་ནས་ལོ་གསར་དུས་སྟོན་ལ་རོལ་གྱི་ཡོད་པ་རེད་ཅེས་གསུངས་འདུག
ད་དུང་ཁོ་མོས། ཚོས་གཞི་དམར་པོ་ནི་བཀྲ་ཤིས་པའི་མཚོན་དོན་རེད། མཛེས་རྒྱན་སྐབས་ཁྱེད་རང་གི་ཚོས་གཞི་དམར་པོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད། ད་དུང་རྒྱ་ནག་གི་སྲོལ་རྒྱུན་འགྲོ་ལུགས་ལ་ཤོག་ཁུག་དམར་པོའི་ནང་སྒོར་མོ་བླུག་ནས་ཕྲུ་གུ་རྣམས་ལ་ལག་རྟགས་རྔན་པ་སྤྲད་ནས་ཁོང་ཚོའི་འཚར་ལོངས་དང་ལོ་གསར་སྲུང་རྩི་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

Chinese dancers perform during the Sydney Lunar Festival Media Launch at the Chinese Garden of Friendship in Sydney on February 9, 2021. Source: AAP Image/Bianca De Marchi
ཨེ་རེསི་ཐང་ Iris Tang ལགས་ནི་རྒྱ་ནག་ནང་འཚར་ལོངས་བྱུང་ཞིང་ལོ་ངོ་ ༢༠ གོང་ཨོ་སི་ཊོ་ལི་ཡར་གནས་སྤོ་བྱས་པ་ཞིག་རེད། ཁོ་མོས་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་ནང་གཉིས་དབར་ལོ་གསར་སྲུང་བརྩི་བྱེད་སྟངས་མ་འདྲ་བ་ནི། རྒྱ་ནག་ནང་ལུགས་རྙིང་ལོ་གསར་ཆེད་གུང་སེང་དུས་ཡུན་རིང་པོ་ཡོད་པ་དང་། སྐབས་དེར་མི་ས་ཡ་བརྒྱ་ཕྲག་མང་པོ་ཕ་ཡུལ་ལ་ནང་མི་མཉམ་འཛོམས་ཆེད་འགྲུལ་བཞུད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཐང་ Tang ལགས་ཀྱིས་ཁ་ཟས་ནི་རྒྱ་ནག་ནང་ལྟར་བུ་ཨོ་སི་ཊོ་ལི་ཡའི་ནང་ལའང་ལུགས་རྙིང་ལོ་གསར་སྲུང་བརྩིའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་རེད།
ཁོ་མོས་ང་རང་ངོས་ནས་འདི་གར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷི་རའི་ནང་ལ་ཁྱིམ་མི་དང་གྲོགས་པོ་གྲོགས་མོ་ལྷན་དུ་ཁ་ལག་གྲ་རྒྱས་བཟོས་ནས་ལོ་གསར་སྲུང་བརྩི་བྱེད་བཞིན་ཡོད། དེ་ཡང་ང་ཚོ་སྒྲོག་རྩེའི་མཐའ་སྐོར་དུ་བསྡད་ནས་ལུགས་རྙིང་ལོ་གསར་སྲུང་བརྩི་ཆེད་མོག་མོག་བརྒྱ་ཕྲག་མང་པོ་བཟོ་དགོས་ཀྱི་ཡོད་པ་རེད།
ངས་ཁ་ལག་བཟའ་ཐེངས་གཅིག་ལས་མང་བ་བཟོས་ནས་གཞན་དག་དེ་ཚོ་འཁྱག་པ་བརྒྱབ་ནས་དེའི་རྗེས་ལ་བཟའ་ཡི་ཡོད་ཅེས་གསུངས་འདུག
རྒྱ་ནག་གི་སྲོལ་རྒྱུན་ལོ་ཐོ།
རྒྱ་ནག་གི་དེང་སང་ཡི་ཤུའི་ལོ་ཐོ་ Gregorian calendar དེ་སྤྱོད་བཞིན་ཡོད་ཀྱང་། རྒྱ་ནག་གི་སྲོལ་རྒྱུན་ལོ་ཐོ་དེ་ཡང་རྒྱ་ནག་ནང་དང་དེ་བཞིན་ཕྱི་ལོགས་སུ་ཡོད་པའི་རྒྱ་རིགས་ཚོས་ཀྱང་སྤྱོད་ནས་དཔེར་ན་ལུགས་རྙིང་རྒྱའི་ལོ་གསར་དང་། སྒང་བཞུ་དུས་ཆེན། ཆིངས་མིང་དུས་ཆེན་སོགས་དམིགས་བསལ་དུས་ཆེན་ཁག་སྲུང་བརྩི་བྱེད་བཞིན་ཡོད།
འབུམ་རམས་མ་ཝང་ལགས་ཀྱིས། མི་རྣམས་ཀྱིས་གཉེན་སྒྲིག་དང་། དུར་མཆོད། གཞིས་སྤོ་དང་ཡང་ན་ཚོང་ལས་འགོ་འཛུགས་སོགས་ལ་གཟའ་སྐར་བཟང་པོ་འཚོལ་བར་ལོ་ཐོ་དེ་སྤྱོད་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་སྲོལ་རྒྱུན་ལོ་ཐོ་ལུགས་རྙིང་ལོ་ཐོ་དེ་ནི་ཟླ་བ་དང་ཉི་མ་འཁོར་ཕྱོགས་ལ་གཞིར་བཅོལ་ཡོད་པ་དང་། དེ་ཡང་ཟླ་བས་སའི་གོ་ལ་སྐོར་བ་བརྒྱབ་པའི་གྲངས་ཚད་དང་། སའི་གོ་ལས་ཉི་མར་བསྐོར་བ་བརྒྱབ་པའི་གྲངས་ཚད་བཅས་གཞིར་བཅོལ་གྱི་ཡོད་སྐོར་བརྗོད་འདུག

Source: Getty Images/d3sign
འབུམ་རམས་མ་ཝང་ལགས་ཀྱིས། ལུགས་རྙིང་ལོ་གསར་དེ་ལོ་ལྟར་ཕྱི་ཟླ་ ༡ དང་ ༢ པ་ནང་ལ་འཁེལ་གྱི་ཡོད་པ་རེད། དེ་ནི་ཕྱི་ཟླ་ ༡ པོའི་ཟླ་མཇུག་དང་ཕྱི་ཟླ་ ༢ པའི་ཟླ་དཀྱིལ་བཅས་ལ་འཁེལ་གྱི་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༢ པའི་ནང་ལ་འཁེལ་ཡོད་པ་རེད་ཅེས་གསུངས་འདུག
སྒང་བཞུ་དུས་ཆེན།
ལུགས་རྙིང་ལོ་གསར་དེ་ཁྱོན་དུས་ཡུན་བདུན་ཕྲག་གཉིས་རིང་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། འདི་ལོ་སྒང་བཞུ་དུས་ཆེན་དེ་ལུགས་རྙིང་ལོ་གསར་གྱི་ཉིན་བཅོ་ལྔ་པའི་ཐོག་ལ་སྲུང་བརྩི་བྱེད་བཞིན་ཡོད་སྐོར་ཌོ་ཊར་ཁེ་ཀྲང་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཁོ་མོས་རྒྱ་ནག་གི་ལོ་ཐོ་ལྟར་ན་སྒང་བཞུ་དུས་ཆེན་དེ་ཟླ་བ་དང་པོའི་ཉིན་ ༡༥ པའི་ཐོག་ལ་སྲུང་བརྩི་བྱེད་སྲོལ་ཡོད་པ་དང་། དེ་ལ་རྒྱ་ནག་གི་སྲོལ་རྒྱུན་སྒང་བཞུ་དུས་ཆེན་ཟེར། སྐབས་དེར་ནང་མི་ཚོས་ཕྲུ་གུ་རྣམས་ཀྱི་ཆེད་དུ་སྒང་བཞུ་གློག་སྒྲོན་བཟོས་ནས་སྒོའི་ཕྱི་ལོགས་ལ་བཀར་སྲོལ་ཡོད་པ་རེད། དུས་ཆེན་དེ་ལ་ཡང་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཕྱིར་ལོ་རྒྱུས་ལ་བལྟས་པ་ཡིན་ན་ཐང་རྒྱལ་རབས་སྐབས་ནས་དར་སྲོལ་བྱུང་ཡོད་པ་རེད་ཅེས་གསུངས་འདུག

رقص شیر Source: Getty Images/Nigel Killeen
མེས་པོ་ཚོར་དྲན་གསོ་གུས་འདུད་བྱེད་པའི་དུས་ཚོད།
ཌོ་ཊར་ཁེར་སི་མི་ཐི་ Dr Craig Smith ལགས་ནི་མེལ་བྷོན་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤེ་ཡ་སྡེ་ཚན་ནང་རྒྱ་ཡིག་སྐོར་ཡིག་སྒྱུར་དང་སློབ་དཔོན་ཆེན་མོ་ཞིག་རེད།
ཁོང་ཉིད་ཐའེ་ཝན་དང་ལྷོ་ཀོ་རི་ཡའི་ནང་ལོ་ཤས་རིང་བཞུགས་མྱོངས་ཡོད་ཅིང་། སྐབས་དེར་ལུགས་རྙིང་ལོ་གསར་སྐོར་དྲན་གསོ་གནང་དོན།
ཁོང་གིས་ལྷོ་ཀོ་རི་ཡའི་ནང་ལུགས་རྙིང་ལོ་གསར་སྐབས་སུ་ཁོང་ཚོས་མེས་པོ་གོང་མ་རྣམས་དྲན་གསོ་དང་གུས་འདུད་ཞུ་བ་དང་། རིག་གཞུང་དེ་ལུང་པ་གཞན་དེ་འདྲ་ལའང་མཆེད་ཡོད་པ་རེད། ལོ་གསར་ཉིན་ཁོང་ཚོས་མེས་པོ་རྣམས་ལ་ཞལ་ལག་གྲ་རྒྱས་བཟོ་བ་དང་། ཁོང་ཚོ་ལ་གུས་འདུད་དང་ཨ་རག་ཕུལ་གྱི་འདུག་ཅེས་གསུངས་འདུག

A stall seen selling Chinese New Year products during the Georges River Lunar New Year Festival in Sydney on January 18, 2020. Source: AAP Image/Jeremy Ng
ཕྱི་ལོ་ ༢༠༢༢ དེ་ནི་གནམ་ལོ་སྟག་ཡིན་པ་དང་། དེ་ཡང་རྒྱ་ནག་གི་ལུགས་རྙིང་ལོ་གསར་ཉིན་ནས་འགོ་བཙུགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༢ ཉིན་རྫོགས་ཀྱི་ཡོད་པ་རེད།
ལོ་རྟགས་དེ་དག་ལུགས་རྙིང་ལོ་གསར་ནས་འགོ་འཛུགས་དང་མཇུག་སྒྲིལ་གྱི་ཡོད་པ་རེད།
ལོ་རྟགས་རྣམས་ལོ་ ༡༢ རེའི་མཚམས་ལ་སྐོར་བ་རེ་རྒྱག་གི་ཡོད་ཅིང་དེ་ཡང་ལོ་རྟགས་བཅུ་གཉིས་ནི་བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག བཅས་ཡིན་པ་རེད།
འབུམ་རམས་མ་ཝང་ལགས་ཀྱིས། ལོ་རྟགས་སྟག་ནི་དབང་ཆེ་ཞིང་། ནུས་ཤུགས་ཆེ་བ། དབང་སྒྱུར་ཐུབ་པ་བཅས་ཀྱི་མཚོན་དོན་ཡིན་ཞིང་འདི་ལོར་ཏོག་དབྱིབས་ན་ཚད་དེ་ཡལ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག