༤༨༥ ཅན་གྱི་སློབ་ཐོན་སྐབས་ཕྲལ་ཐོངས་ཆེན་ཟེར་བ་དེ་ག་རེ་རེད་དམ།
༤༨༥ གནས་སྐབས་སློབ་ཐོན་ཐོངས་ཆེན་ནི། རྒྱལ་སྤྱིའི་ནས་སླེབས་པའི་སློབ་ཕྲུག་རྣམས་ཨོ་སི་ཊོ་ལི་ཡའི་ནང་རིམ་པ་གསུམ་པའི་ཤེས་ཡོན་ལྟེ་གནས་ཁག་ནས་སློབ་ཐོན་ཟིན་རྗེས། དེ་འབྲེལ་ལས་ཀའི་ཉམས་མྱོངས་གསོག་ཆེད་གནས་སྐབས་གནས་སྡོད་ཆོག་པའི་ཐོངས་ཆེན་ལ་ཟེར་གྱི་ཡོད།
གཙོ་གནད་ཁག་ཅིག
- རྒྱལ་སྤྱི་ནས་སླེབས་པའི་སློབ་ཕྲུག་ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་ཏུ་སློབ་སྦྱོང་དང་གནས་སྡོད་བྱེད་བཞིན་པ་ཚོས་ད་ལྟའི་ཆར་ཐོངས་ཆེན་གཉིས་པ་ ༤༨༥ ཅན་གྱི་ཐོངས་ཆེན་ཞུ་ཆོག་གི་ཡོད།
- མངའ་ཁུལ་ཁག་ནང་སིཌ་ནི་དང་མེལ་བྷོན། བྷེར་སི་བྷན་བཅས་ཕུད་གཞན་ས་གནས་ཚང་མར་ཚུད་ཡོད།
- ཕྱི་ལོ་ ༢༠༢༠ ཟླ་ ༢ ནས་བཟུང་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཆེད་མཚོ་མཐའ་ཁུལ་དུ་ལས་ཀའི་ཐོངས་ཆེན་ཞུ་ཆོག་གི་ཡོད་པ་རེད།
སུས་ ༤༨༥ ཅན་གྱི་ཐོངས་ཆེན་དེ་ཞུ་ཆོག་གི་ཡོད་དམ།
ཨོ་སི་ཊོ་ལི་ཡའི་ནང་རྒྱལ་སྤྱིའི་སློབ་ཕྲུག་ཉེ་བའི་གཙུག་ལག་རམ་འབྱམས་པ་དང་། གཙུག་ལམ་རམ་འབྱམས་པ། དེ་བཞིན་འབུམ་རམ་པའི་གནས་ཚད་ཐོན་མཁན་བཅས་ཀྱིས་སློབ་ཐོན་ཟིན་རྗེས་དུས་ཡུན་ཟླ་བ་ ༦ ནང་ཚུད་དུ་ཐོངས་ཆེན་དུ་ཞུ་ཆོག་གི་ཡོད་པ་རེད།
སློབ་ཕྲུག་སུ་ཞིག་ཉེ་བའི་གཙུག་ལག་རམ་འབྱམས་པ་དང་། གཙུག་ལག་རམ་འབྱམས་པའི་སློབ་ཐོན་རྗེས་ཐོངས་ཆེན་དེ་དུས་ཡུན་ལོ་ ༢ རིང་རག་གི་ཡོད། འོན་ཀྱང་གཙོ་བོར་དུས་ཡུན་རིང་ཐུང་ནི་སོ་སོའི་ཆེད་སྦྱོང་ཡོངས་སུ་གྲུབ་ཡོད་མེད་ལ་རག་ལུས་ཀྱི་ཡོད་པ་རེད།
གལ་སྲིད་ཁོང་ཚོ་ཉམས་ཞིབ་སྐོར་གཙུག་ལག་རམ་འབྱམས་པ་སློབ་ཐོན་བྱས་ཚེ་ ༤༨༥ ཅན་གྱི་ཐོངས་ཆེན་དེ་དུས་ཡུན་ལོ་ ༣ རིང་སྤྲོད་ཀྱི་ཡོད་པ་དང་། གལ་སྲིད་སློབ་ཕྲུག་ཤིག་གི་འབུམ་རམ་པ་སློབ་ཐོན་བྱས་ཡོད་ཚེ་ ༤༨༥ ཅན་གྱི་ཐོངས་ཆེན་དེ་དུས་ཡུན་ལོ་ ༤ མན་སྤྲོད་ཀྱི་ཡོད་པ་རེད་ཅེས་སིཌ་ནི་ཡོད་པའི་གཞིས་སྤོ་ངོ་ཚབ་ལས་ཁུངས་ཀྱི་ལས་བྱེད་ Alice Wang ཡིས་འགྲེལ་བརྗོད་གནང་འདུག

Source: Getty Images/visualspace
ཨོ་སི་ཊོ་ལི་ཡའི་ནང་མངའ་ཁུལ་ཁག་ཏུ་རྒྱལ་སྤྱིའི་སློབ་ཕྲུག་རྣམས་དུས་ཡུན་རིང་ཙམ་སྡོད་ཆོག་པ་བཟོས་ཡོད།
ཨོ་སི་ཊོ་ལི་ཡའི་ནང་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཀྱི་ཐོངས་ཆེན་ཐད་འགྱུར་བ་ཁག་ཅིག་བཏང་ཡོད་པ་ནི། ཉེ་བའི་གཙུག་ལག་རམ་འབྱམས་པ་དང་གཙུག་ལག་རམ་འབྱམས་པའི་ཤེས་ཚད་ཅན་གྱི་སློབ་ཕྲུག་རྣམས་ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་ཏུ་དུས་ཡུན་ལོ་ ༤ མན་གནས་སྡོད་བྱེད་ཆོག་གི་ཡོད་པའི་སྒྲིག་གཞི་འགྱུར་བ་བཏང་ཡོད་པ་རེད། དེས་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཨོ་སི་ཊོ་ལི་ཡའི་ནང་དུས་ཡུན་རིང་ཙམ་སྡོད་རྒྱུའི་སྐུལ་འདེད་ཆགས་ཡོད་པ་རེད།
གཞིས་སྤོ་སློབ་སྟོན་ལས་ཁུངས་ཀྱི་འགན་འཛིན་ནེ་རཱ་ཇི་ཤཱ་རེ་སི་ཐཱ་ (Niraj Shrestha) ལགས་ཀྱིས་ཁོང་གི་སློབ་སྟོན་བྱེད་ས་མང་ཆེ་བ་ཞིག་ནི་བལ་ཡུལ་དང་། བྷང་ལ་དྷི་ཤེ། རྒྱ་གར། པཱ་ཀི་སི་ཐནན་བཅས་ནས་ཡིན་ཞིང་ཁོང་ཚོ་ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་ཏུ་སློབ་སྦྱོང་བྱ་རྒྱུའི་འདོད་པ་བྱེད་བཞིན་ཡོད་སྐོར་གསུངས་འདུག

Source: Getty Images/ Solstock
ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡ པོ་ནས་བཟུང་རྒྱལ་ཁབ་གཞན་ནས་སླེབས་པའི་སློབ་ཕྲུག་ཚོས་ཁོང་ཚོ་གལ་སྲིད་མངའ་ཁུལ་དང་མངའ་ཁུལ་ལྟེ་གནས་སོགས་སུ་མུ་མཐུད་གནས་སྡོད་བྱས་ཡོད་ཚེ། ༤༨༥ ཅན་གྱི་ཐོངས་ཆེན་དེ་ཞུ་ཆོག་གི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་ཟེར་བ་ག་རེ་རེད་དམ།
ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་ནི་མེལ་བྷོན་དང་། སིཌ་ནི། བྷི་སི་བྷན་བཅས་ཕུད་པའི་ས་གནས་གཞན་ཁག་ལ་མངའ་ཁུལ་ཁག་ཟེར་གྱི་ཡོད།
དེ་ཡང་ ༤༨༥ ཅན་གྱི་ཐོངས་ཆེན་དེའི་ཐོག་ནས་ཨོ་སི་ཊོ་ལི་ཡའི་མངའ་ཁུལ་ཁག་དང་། གཞན་མངའ་ཁུལ་ལྟེ་གནས་བཅས་ཁག་གཉིས་སུ་དབྱེ་ཡོད་པ་རེད།
ཨ་ལེ་སི་ཝང་ Alice Wang ལགས་ཀྱིས་སློབ་ཕྲུག་སུ་ཞིག་མངའ་ཁུལ་ལྟེ་གནས་དཔེར་ན་ཨ་དྷི་ལའེ་དྷི་ Adelaide དང་ཕིར་ཐི་ Perth དེ་བཞིན་ཁན་བྷི་ར་ Canberra སོགས་ལ་སློབ་སྦྱོང་བྱས་ཡོད་ཚེ་ ༤༨༥ ཅན་གྱི་ཐོངས་ཆེན་དེའི་ཐོག་ནས་ས་གནས་དེ་གར་ལོ་གཅིག་ལྷག་པ་སྡོད་ཆོག་གི་ཡོད་པ་དང་། དེ་དང་ཆབས་ཅིག་ས་གནས་དེ་དང་གཅིག་མཚུངས་སུ་ ༤༨༥ ཐོངས་ཆེན་དེའི་ཐོག་ནས་སླར་ཡང་ལོ་ ༢ རིང་སྡོད་ཆོག་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

Source: Getty Images/swissmediavision
གྲོང་ཁྱེར་ཕིར་ཐི་ Perth དང་། ཨ་དྷི་ལའེ་དྷིའི་ Adelaide གྲོང་ཁྱེར་བཅས་མངའ་ཁུལ་ལྟེ་གནས་བརྩི་བཞིན་ཡོད་པ་ལྟར། ད་དུང་ཝུ་ལོང་ཀོང་ Wollongong དང་། གནས་མཁར་གསར་ Newcastle གྷེའེ་ལུང་ Geelong ཧོ་བྷར་ཊི་ Hobart ཁེན་བྷི་ར་ Canberra བཅས་ཀྱང་མངའ་ཁུལ་ལྟེ་གནས་སུ་བརྩི་བཞིན་ཡོད་པ་རེད།
ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་དམིགས་བསལ་ཆག་ཡངས།
སྒྲིག་གཞི་ལེགས་བཅོས་མ་བྱས་པའི་ཙམ་དེར་ཐོངས་ཆེན་ ༤༨༥ ཅན་ཁོ་ནས་མ་གཏོགས་ཞུ་ཆོག་གི་མེད་ཀྱང་། སྐབས་དེར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ས་མཚམས་དང་རྒྱལ་ཁྱབ་ཕན་ཚུད་བར་འགྲོ་འོངས་བཀག་བསྡོམས་བྱས་པའི་རྐྱེན་གྱི་རྒྱལ་སྤྱི་ནས་སླེབས་པའི་སློབ་ཕྲུག་སྟོང་ཕྲག་མང་པོ་ཕྱིར་ལོག་མ་ཐུབ་པར་ཨོ་སི་ཊོ་ལི་ཡའི་ནང་ལྷག་ཡོད་པ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་སློབ་ཕྲུག་ཚོས་སློབ་ཡང་ཐོངས་ཆེན་གཉིས་པ་ཞུ་ཆོག་གི་ཡོད་པ་རེད།
གཞན་ ༤༨༥ ཅན་གྱི་ཐོངས་ཆེན་དེའི་དུས་ཡུན་ཟླ་བ་ ༡༨ ཡིན་ཞིང་གནས་བབས་དེའི་ཏོག སླར་ཡང་ཐོངས་ཆེན་ཞུ་མཁན་ཚོས་ཐོངས་ཆེནམ་ཞུས་སྔོན་ལ་ལག་རྩལ་གྱི་སྡེ་ཚན་དང་། ལག་རྩལ་གྱི་གྲུབ་འབྲས་ཚད་གཞི་ལོངས་དགོས་ཀྱི་ཡོད་འདུག