Latest

གདོད་མའི་མི་རིགས་ཀྱི་དགོས་འདུན་སྐོར་མི་མང་འོས་བསྡུ་བྱ་རྒྱུ་གྲོས་ཚོགས་གོང་མའི་ནང་ཐག་གཅོད་བྱུང་།

ཨོ་གླིང་གྲོས་ཚོགས་གོང་མའི་ནང་དེ་རིང་ནས་བཟུང་སྟེ་མ་འོངས་ཟླ་བ་ ༢ ནས་ ༦ ནང་ཚུད་ངེས་པར་དུ་གདོང་མའི་མི་རིགས་ཀྱི་ཁེ་དབང་སྐོར་མི་མང་འོས་བསྡུ་བྱ་རྒྱུ་ཐག་གཅོད་བྱུང་ཡོད་པ་རེད།

Two women embrace each other in parliament house.

The legislation on the Indigenous Voice referendum question has passed federal parliament, a development that moves the nation closer to a referendum date being determined. Source: AAP / Lukas Coch

KEY POINTS:
  • More than 17 million Australians are registered to vote in the referendum later this year.
  • The passage of the Voice referendum bill triggers the process of setting a firm date for the vote.
  • The date must be set within two months and six months from today.
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་དགོས་འདུན་སྐོར་མི་མང་གི་ཐད་ཀར་མང་མོས་འོས་བསྡུ་བྱེད་དགོས་མིན་ཐད་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་འོས་གྲངས་ ༥༢ དང་དགག་བྱ་འོས་གྲངས་ ༡༩ བྱུང་སྟེ། གནད་དོན་དེའི་ཐད་འོས་བསྡུ་བྱ་རྒྱུ་རྒྱལ་ཁ་ཐོབ་པར་གྲོས་ཚོགས་འོག་མར་འབོད་སྐུལ་ཆེད་མ་འོངས་ཟླ་བ་ ༦ གི་ནང་མི་མང་འོས་བསྡུ་བྱ་རྒྱུ་ཡིན་པ་རེད།

རེས་གཟའ་ཟླ་བ་ཉིན་གྲོས་ཚོགས་གཞུང་འབྲེལ་གྱི་ཐོག་ནས་གདོད་མའི་མི་རིགས་ཀྱི་གནད་དོན་སྐོར་མི་མང་འོས་བསྡུ་ཐད་གོམ་པ་སྤོས་པ་དང་། ད་ནི་ཨོ་སི་ོཊོ་ལི་ཡའི་རྩ་ཁྲིམས་ནང་གཙོ་བོར་དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་གདོད་མའི་མི་རིགས་ཀྱི་དགོས་འདུན་འབོད་སྒྲ་<<ཨུ་ལུ་རུའི་སེམས་ཀྱི་བསྒྲགས་གཏམ་>>དེ་ཡང་སྙིང་རྩ་ཁྲིམས་ནང་བཀོད་དགོས་མིན་ཐག་གཅོད་བྱ་རྒྱུའི་དུས་ལ་སླེབས་ཡོད་པ་རེད།

འོས་བསྡུ་རྒྱབ་སྐྱོར་ལས་འགུལ་བ་ཚོས་<<གྲོས་ཚོགས་ཀྱི་ལས་དོན་གྲུབ་པ་རེད་>>ད་ནི་རྩ་ཁྲིམས་འགྱུར་བ་གཏོང་ཕྱོགས་ཐད་གཞི་རིམ་གྱི་བགྲོ་གླེང་ལ་ཤུགས་སྣོན་རྒྱག་གི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་བློན་ཆེན་ལིན་ཌ་བྷུར་ནེ་ Linda Burney ལགས་ཀྱིས་ཨོ་སི་ཊོ་ལི་ཡ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས་རྩ་ཁྲིམས་ནང་གདོད་མའི་མི་རིགས་ངོས་འཛིན་བྱེད་པར་གོམ་པ་གཅིག་མདུན་དུ་སྤོས་ཡོད་པས། དེས་ཨོ་སི་ཊོ་ལི་ཡ་སྔར་ལས་ཀྱང་རླབས་ཆེན་དུ་གྱུར་ཡོད་སྐོར་བརྗོད།

ཁོ་མོས་དེ་རིང་ནས་ཆབ་སྲིད་ཀྱི་བགྲོ་གླེང་མཇུག་སྒྲིལ་བ་རེད། ད་ནས་རྒྱལ་ཡོངས་སུ་གཞི་རིམ་སྤྱི་ཚོགས་རང་བཞིན་གྱི་ཁ་བརྡ་འགོ་བཙུགས་ཆོག་གི་རེད་ཅེས་གསུངས།

ཁོ་མོས་"ཡང་དག་མིན་པའི་ལམ་ལུགས་ཤིག་གི་འོག དུས་ཡུན་ཧ་ཅང་རིང་པོ་ཞིག་གི་རིང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ནི་གདོད་མའི་མི་རིགས་མིན་པའི་ཨོ་སི་ཊོ་ལི་ཡའི་མི་མང་གཞན་ལས་གནས་སྟངས་སྐྱོ་བ་ལྷག་ཡོད་པ་དང་། འབོད་སྒྲ་ནི་དགེ་སྐྱོན་ཡོང་སྲང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད། གང་ཡིན་ཟེར་ན་ང་ཚོས་གཞི་རིམ་མི་མང་གི་བསམ་ཚུལ་ཉན་པ་དང་ས་གནས་མི་མང་དང་བསམ་ཚུལ་བརྗེ་ལེན་བྱེད་པའི་སྐབས་སུ་ཁོང་ཚོ་ལས་ཐག་གཅོད་ཡག་པོ་ཞིག་དང་གྲུབ་འབྲས་བཟང་པོ་ཞིག་ཡོང་ངེས་རེད་"ཅེས་གསུངས་འདུག
    འབོད་སྒྲ་དེའི་ཐད་དམིགས་བསལ་སློབ་སྟོན་ཚོགས་ཆུང་ཞིག་དགོས་སྐོར་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་ངལ་རྩོལ་ཚོགས་པར་གནོན་ཤུགས་སླེབས་བཞིན་པ་དང་། ཚོགས་ཆུང་དེའི་ཐོག་ནས་་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་ལ་ལམ་སྟོན་བྱེད་པའི་གོ་སྐབས་དང་དམིགས་བསལ་གནད་དོན་དེར་ཤུགས་རྐྱེན་ཐེབས་སྲིད་ཀྱི་ཡོད་པ་རེད།

    ཡིན་ན་ཡང་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་གིས་གྲོས་གཞི་དེ་ནི་ཉེན་ཁ་ཅན་ཞིག་དང་། དེས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་ཁེ་དབང་ཐོབ་པར་ཕན་ཐོགས་མེད་སྐོར་བརྗོད་བཞིན་ཡོད།

    དུས་རབས་ཕྱེད་ཀ་ཙམ་གྱི་དུས་ཡུན་ནང་གདོད་མའི་རིགས་ཀྱི་གནད་དོན་སྐོར་མང་མོས་འོས་བསྡུ་བྱེད་པར་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་། མི་མང་འོས་བསྡུ་དེ་ཉེ་ཆར་རེས་གཟའ་ཟླ་བ་ནས་བརྩིས་པའི་ཟླ་བ་ ༢ ནས་ ༦ ནང་ཚུད་ངེས་པར་དུ་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་ཨན་ཐོ་ནེ་ཨལ་བྷ་ནེ་སེ་ Anthony Albanese མཆོག་གིས་ལས་དོན་དེ་འདི་ལོར་བརྩམས་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

    སྐབས་དེར་ཁོང་གིས་"འདི་ནི་ང་ཚོའི་མི་ཚེའི་ནང་ང་ཚོའི་རྒྱལ་ཁབ་འདི་སྔར་ལས་གཟི་བརྗིད་ཇེ་ཆེར་གཏོང་བའི་གོ་སྐབས་གཅིག་པུ་ཙམ་རེད་"ཅེས་བསྒྲགས་གཏམ་སྤེལ།

    A woman raises her fist as she walks in the parliament.
    Independent Senator Lidia Thorpe reacts after the passing of the Voice to Parliament in the Senate chamber at Parliament House. Source: AAP / Lukas Coch
    ཁོང་གིས་"དོན་དངོས་སུ་མི་མང་པོ་ཞིག་བལྟས་ནས་བསྡད་ཡོད་པ་རེད། གནད་དོན་འདིས་ཁོང་ཚོའི་འཚོ་བར་ཁ་ཐུག་ཤུགས་རྐྱེན་ཐེབས་མི་ཐུབ་ཀྱང་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་གོ་སྐབས་ཉུང་ཤོས་ཅན་གྱི་མི་རྣམས་ཀྱི་འཚོ་བར་ཡར་རྒྱས་འགྲོ་ངེས་རེད། གལ་སྲིད་ཁྱེད་རང་གི་འབད་བརྩོན་ཞིག་བྱས་ཚེ་དེ་ལ་དཔག་པའི་གྲུབ་འབྲས་བཟང་པོ་ཞིག་ལ་རེ་བ་རྒྱག་ཆོག"

    "འདི་ནི་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱི་ཆེད་དུ་ལས་ཀྱང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་དང་ལྷན་དུ་ཨོ་སི་ཊོ་ལི་ཡའི་མ་འོངས་པའི་ཆེད་དུ་ལས་དོན་རླབས་ཆེན་ཞིག་སྒྲུབ་པའི་གོ་སྐབས་ཤིག་རེད་"ཅེས་གསུངས།

    ཆབ་སྲིད་ཚོགས་པ་མཉམ་གཅིག་ཏུ་མང་མོས་འོས་བསྡུའི་གྲོས་གཞིར་ཐག་གཅོད་བྱུང་བ།

    དགག་བྱ་བྱེད་མཁན་ཡོད་མེད་ལ་མ་བལྟོས་པར་རེས་གཟའ་ཟླ་བ་ཉིན་གྲོས་གཞི་དེར་རྒྱབ་སྐྱོར་ཐག་གཅོད་བྱུང་།
    ཨོ་སི་ཊོ་ལི་ཡའི་གུ་ཡངས་ Liberal ཚོགས་པའི་གྲོས་ཚོགས་འཐུས་མི་མེ་ཤལ་ཁེ་ཤེ་ Michaelia Cash ལགས་ཀྱིས་འོས་བསྡུ་བྱས་ཚེ་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ལ་"ལྡོག་ཐབས་མེད་པའི་འགྱུར་ལྡོག་"ཅིག་ཡོང་རྒྱུ་ཡིན་པ་དང་། གཞུང་འཛིན་ངལ་རྩོལ་ཚོགས་པར་འཆར་གཞི་ཞིབ་ཕྲ་གང་ཡང་མི་འདུག་ཅེས་སྐྱོན་བརྗོད་བྱས།
    ཁོ་མོས་"ཡིན་ན་ཡང་རྒྱལ་ཁབ་འདིའི་མི་མང་རྣམས་ལ་གནད་དོན་འདིའི་ཐད་སྐད་ཆ་ཞིག་བཤད་རྒྱུ་ནི་ཁོང་ཚོའི་ཐོབ་ཐང་ཡིན་པ་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།" གལ་ཏེ་ཁྱོད་ཀྱིས་འབོད་སྒྲ་དེས་ཕན་ཐོགས་གང་འདྲ་ཞིག་ཆགས་རྒྱུ་ཡིན་མིན་མ་ཤེས་ན། ངའི་ཁེངས་སྐྱུང་སྤངས་པའི་རེ་སྐུལ་ནི་འོས་ཤོག་"མིན་ No"་ཞེས་འཕེན་རྒྱུ་དེ་རེད་ཅེས་བརྗོད་འདུག

    ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་མགྲིན་ཚབ་མ་ཇཱ་ཤིན་ཏཱ་ཕི་རེ་སི་ Jacinta Price ལགས་ཀྱིས་གྲོས་ཚོགས་ལ་མི་མང་འོས་བསྡུ་རྗེས་སུ་གནས་ཚུལ་ཞིབ་ཕྲ་མེད་པ་ནི་བཅའ་ཁྲིམས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་སྐོར་བརྗོད་འདུག

    ཁོ་མོས་"སྲིད་བློན་གྱིས་ང་ཚོས་མིག་བཙུམ་ནས་ཁོང་ལ་ཡིད་ཆེས་ཀྱིས་ཡིག་འཛིན་སྟོང་པར་ས་ཡིག་རྒྱག་ཏུ་བཅུག་འདོད་ཡོད་པ་རེད། ཁོང་གི་ཉེན་ཁ་ཆེ་བའི་གྲོས་གཞི་དེར་གཏན་དུ་རྩ་ཁྲིམས་ནང་བཀོད་ཆོག་པར་བཟོ་དུ་བཅུག་འདོད་ཡོད་ཀྱང་དེའི་ཐད་ཁོང་གིས་ཁག་ཐེག་གང་ཡང་བྱེད་ཐུབ་ཀྱི་མ་རེད་"ཅེས་གསུངས་འདུག
    མཉམ་འབྲེལ་ཆབ་སྲིད་ཚོགས་པའི་ཚོགས་མི་ཉུང་ཤས་ཤིག་གིས་ཁྲིམས་དོན་གྲོས་གཞི་དེར་དགག་བྱའི་འདེམས་ཤོག་འཕངས་ནས་ཁོང་ཚོས་དོན་དངོས་སུ་མི་མང་གིས་འོས་བསྡུ་ཐག་གཅོད་བྱེད་པའི་དེབ་ཐེར་ནང་བྱས་ཉེས་གང་ཡང་མེད་པར་བཟོ་བའི་ཐབས་ཇུས་ཤིག་ཡིན་པ་རེད།

    ལྗང་གུ་ཚོགས་པས་"ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་"དེར་དགའ་བསུ་ཞུས་པ།

    ལྗང་གུ་ཚོགས་པའི་གདོད་མའི་མི་རིགས་ཀྱི་མགྲིན་ཚབ་མ་དྷོ་རེན་དྷ་ཁོ་སི་ Doringda Cox ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་སེར་དང་པོ་རྣམས་ཀྱི་བདེན་དོན་ཆེད་འབོད་སྒྲའི་སྔོན་ལ་"ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་"ཞིག་བྱུང་བ་རེད། གྲོས་ཚོགས་ཀྱི་ལས་དོན་གྲུབ་ཡོད་ཅིང་། ད་ནི་འོས་འདེམས་རྒྱབ་སྐྱོར་གྱི་ལས་འགུལ་དེ་སྤྱི་ཚོགས་ནང་སྤེལ་ནས་ཨོ་སི་ཊོ་ལི་ཡའི་མི་ཚང་མར་མི་མང་གི་བསམ་ཤོག་འོས་བསྡུ་དེ་གལ་ཆེན་པོ་གང་འདྲ་ཡིན་མིན་དང་གྲོས་ཚོགས་ལ་འབོད་སྒྲ་དེ་གལ་ཆེན་པོ་གང་འདྲ་ཆགས་ཀྱི་ཡོད་མེད་འགྲེལ་བརྗོད་བྱེད་དགོས་ཀྱི་ཡོད་པ་རེད་"ཅེས་བརྗོད་འདུག
    Penny Wong stands in Senate in front of a woman and two men sitting down
    Ms Burney, seated left, was present for the debate. Source: AAP / Lukas Coch
    ཁོ་མོས་"འདི་ནི་ཐོག་མ་འགོ་འཛུགས་སྐབས་ག་རེ་དགོས་མིན་དེ་གཅིག་པུ་དེ་རེད། ང་ཚོས་རྒྱལ་ཁབ་འདིའི་ནང་གི་མི་རིགས་དང་པོ་ཚོའི་ཐོབ་ཐང་བསྐྱར་གསོ་བྱེད་དགོས་པ་རེད། མ་ཚད་ང་ཚོ་བདེན་པ་དང་ཆིངས་དོན་གྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་པ་རེད་"ཅེས་གསུངས།

    གྲོས་ཚོགས་འཐུས་མི་ཁོ་སེ་ Cox ཡིས་འབོད་སྒྲ་དེས་གདོད་མའི་མི་རིགས་རྣམས་ཀྱི་བདག་དབང་ལ་གཏོར་བརླག་བྱ་རྒྱུ་མེད་ཚུལ་བརྗོད་སྐབས། རང་དབང་ལྡན་པའི་གྲོས་ཚོགས་འཐུས་མི་ལིན་ཌ་ཐོར་ཕེ་ Lidia Thorpe ཡིས་ཁོ་མོའི་གཏམ་བཤད་ཡང་ཡང་བར་ཆད་བཟོས་པ་དང་ཁོ་མོས་ལྗང་ཁུ་ཚོགས་པའི་ངོས་ནས་རྒྱབ་སྐྱོར་ལས་འགུལ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད། གྲོས་ཚོགས་འཐུས་མི་ཐོར་ཕེ་ཡིས་ཁོ་མོར་"བདེན་དཔངས་"བྱེད་དགོས་ཅེས་ཡང་ཡང་བཤད། ཁོ་མོས་མང་མོས་བསམས་ཤོག་འོས་བསྡུ་དེར་རྒྱབ་སྐྱོར་བྱ་རྒྱུ་མིན་"No"ཞེས་བསམ་ཤོག་འཕེན་རྒྱུ་ཡིན་སྐོར་བརྗོད།

    Woman poses with group of people in 'yes' t-shirts.
    Minister for Indigenous Australians Linda Burney poses for a photo with 40 members of Jawun at Parliament House in Canberra. Source: AAP / Mick Tsikas
    ཁོ་མོས་རྒྱལ་ཁབ་འདིའི་ནང་མི་རིགས་དང་པོ་རྣམས་ཀྱི་བདག་དབང་ལ་མི་སེར་སྤེལ་ཡུལ་མེད་པ་བཟོ་དགོས་པ་དང་། ང་ཚོ་ཚང་མ་ད་ལྟ་དྲག་ཤུགས་ཀྱི་སྒྲོམ་གཞི་འོག་ཏུ་གནས་ཡོད། ང་འདིར་ཡོང་དོན་ནི་མི་རིགས་དཀར་པོ་མཆོག་འཛིན་རྩ་མེད་གཏོང་ཆེད་དུ་ཡིན་ཞེས་བརྗོད།
    ("Gammin"གྷ་མིན་ནི་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ནང་རྒྱུན་དུ་སྤྱོད་བཞིན་པའི་"སྐྱག་རྫུན་"ཞེས་པའི་དོན་ཡིན།) ང་ཚོས་ཤེས་གསལ་ལྟར་འདི་ནི་སྐྱག་རྫུན་དང་འཁྲབ་སྟོན་རེད། ང་ཚོའི་འཚོ་གནས་ཀྱི་དཀའ་ངལ་སེལ་བར་ང་ཚོས་སྐད་ཆ་སྙིང་རྗེ་མོ་དང་སེམས་འགུལ་ཐེབས་པའི་སྒྲུང་མང་པོ་ཞིག་གོ་བཞིན་ཡོད་པ་དང་། དཀའ་ངལ་ཚང་མ་སེལ་འགྲོ་རྒྱུ་རེད་བསམས་ཡང་། མང་མོས་བསམས་ཤོག་འདིའི་རྗེས་ནས་གང་ཡང་ཡོང་གི་མ་རེད་ཅེས་བརྗོད།

    རེས་གཟའ་ཟླ་བ་ཉིན་གྲོས་ཚོགས་ནང་བགྲོ་གླེང་སྐབས་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་ལར་ཌ་རེ་མེ་ཀཱ་ཐེ་ Malarndirri McCarthy ཡིས་"མ་འོངས་པའི་གྲུབ་འབྲས་བཟང་པོ་ཡོང་བར་"ཨོ་སི་ཊོ་ལི་ཡི་མི་རྣམས་ཀྱིས་རྒྱབ་སྐྱོར་"Yes" ཞེས་འོས་འཕེན་དགོས་པའི་རེ་སྐུལ་དང་། འབོད་སྒྲ་དེས་གདོད་མའི་མི་རིགས་རྣམས་ལ་ཕན་ཐོགས་རླབས་ཆེན་ཡོད་སྐོར་བརྗོད།

    ཐེངས་འདིར་ཨོ་སི་ཊོ་ལི་ཡའི་མི་ཚང་མས་ང་ཚོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་གདོད་མའི་མི་རིགས་རྣམས་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་པ་སེམས་ལ་འཚོ་ཐུབ་པ་བྱ་རྒྱུ་དང་། ང་ཚོས་གཅིག་གིས་གཅིག་ཡར་བཀྱག་ཐུབ་པ་བྱེད་དགོས་ཞེས་བརྗོད།

    ཕལ་ཧན་སུན་གྱི་སྐད་ཆ་ལས་རྩོད་གླེང་།

    རྒྱལ་ཁབ་གཅིག་ One Nation ཞེས་པའི་ཆབ་སྲིད་ཚོགས་པ་དེའི་གྲོས་ཚོགས་འཐུས་མི་ཕལ་ཧན་སུན་ Pauline Hanson གྱིས་ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་ག་རེ་བྱས་ནས་མི་རབས་ནས་མི་རབས་བར་བརྐུ་འཁྱེར་གྱི་གནས་ཚུལ་ལྷག་པ་རེད་ཅེས་དྲིས་སྐབས། གྲོས་ཚོགས་འཐུས་མི་མེ་ཁེ་ཁར་ཐེ་ McCarthey མ་འོངས་ཟླ་བ་འགའི་ནང་དེའི་སྐོར་རྩོད་གླེང་ཡོང་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད། གྲོས་ཚོགས་འཐུས་མི་མེ་ཁེ་ཁར་ཐེ་ McCarthey ཡིས་ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་རྩོད་གླེང་སྐབས་སུ་ཁྱེད་རང་ཚོ་སོ་སོ་རང་ངོས་ནས་བཟང་ཕྱོགས་ཀྱི་ཆ་ནས་ཉན་དགོས་ཀྱི་ཡོད་སྐོར་འབོད་སྐུལ་བྱས།
    Red-headed woman in jacket speaks.
    Senator McCarthy conceded concern over the tenor of the debate, just moments after Pauline Hanson's (pictured) comments. Source: AAP / Lukas Coch
    མེ་ཁེ་ཁར་ཐེ་ McCarthey ཡིས"ངས་ད་དུང་ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་གནས་ཚུལ་གཏིང་རིམ་དུ་སྔོག་ནས་རྩོད་གླེང་འདིའི་བརྒྱུད་ཁྱེད་རང་གི་ངོས་ནས་བཟང་ཕྱོགས་ནས་ཉན་དགོས་པའི་འབོད་སྐུལ་དང་རིམ་པ་དེ་ཡང་གུས་ཞབས་ལྡན་པ་ཞིག་ལ་གནས་ཐུབ་པ་དགོས་ཀྱི་རེད། དེ་ལྟར་བྱས་ན་ད་གཟོད་ང་ཚོ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཆ་ཤས་དེ་བས་ལེགས་པ་དང་། ང་ཚོ་ཨོ་སི་ཊོ་ལི་ཡའི་མི་སེར་ཞིག་ཡིན་པའི་ཆ་ནས་ཆ་ཤས་དེ་བས་ལེགས་པར་ཞིག་ཆགས་རྒྱུ་རེད།
    གྲོས་ཚོགས་འཐུས་མི་ཧན་སུན་ Hanson ཡིས་དེ་སྔོན་མི་རབས་མང་པོ་ཞིག་བརྐུ་འཁྱེར་གནས་དོན་མེད་པ་མ་བཟོས་ན་གསོན་གནས་བྱེད་མི་ཐུབ་ཅེས་བཤད་མྱོངས་ཡོད། ཁོ་མོས་ཁྱེད་རང་གིས་ཤེས་གསལ་ལྟར་ཁྱེད་ཀྱིས་མི་རབས་བརྐུ་འཁྱེར་སྐོར་བཤད་བཞིན་འདུག ད་ལྟའི་ཆར་དེ་འདྲའི་གནས་ཚུལ་ལྷག་གི་མེད་ལ་ཁྱེད་རང་ཉིད་ལ་དྲི་བ་ཐོངས་"ཞེས་བཤད།

    དེ་སྔོན་ཕྱི་ལོ་ ༡༩༩༧ ལོར་ནང་སྲིད་སྙན་ཐོ་ཞིག་གི་ནང་གདོད་མའི་མི་རིགས་རྣམས་ཀྱི་ཕྲུ་གུ་ཕ་མ་རྩ་ནས་འཁྲིད་འགྲོ་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང་། དེ་ནི་བཙོན་ཁང་ནང་བཅུག་པ་ལྟར་བུ་དང་། ཁོང་ཚོའི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་བཞིན་པ། ད་དུང་ཁོང་ཚོར་ལས་ཀའི་གོ་སྐབས་གཞབ་ལས་ཉུང་བ་རག་གི་ཡོད་སྐོར་གསལ་ཡོད།

    སྲིད་བློན་ཨན་ཐོ་ནིང་གིས་ཁོང་གིས་གྲོས་ཚོགས་འཐུས་མི་ཧན་སུན་གྱི་སྐད་ཆ་གོ་མྱོངས་མེད་སྐོར་དང་། ཁོང་མོས་དེ་སྔོན་བཤད་པའི་སྐད་ཆ་དང་གཅིག་པ་ཡིན་པའི་དབང་དུ་བཏང་ན་ངས་ལན་འདེབས་བྱེད་རྩིས་མེད། གང་ཡིན་ཟེར་ན། སྲིད་བློན་གྱི་གནས་བབས་ཐོག་ནས་ལན་འདེབས་དགོས་པ་ཞིག་མ་མཐོང་། ངས་ཚང་མས་གུས་ཞབས་ལྡན་པའི་ཐོག་ནས་བགྲོ་གླེང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མི་ཚོས་འོས་ཤོག་གང་འདྲ་འཕེན་ཡང་རུང་འདོད་ཚུལ་འཛིན་མཁན་གྱིས་དོན་དངོས་རྒྱུན་འཁྱོངས་བྱ་དགོས་པ་ལས། ཁོང་ཚོས་ཤེས་པའི་གནས་ཚུལ་དེ་བདེན་པ་མ་རེད་ཅེས་བཤད་མི་རུང་གསུངས།

    གདོད་མའི་མི་རིགས་རྣམས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེ་ནི་དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་གདོད་མའི་མི་རིགས་ཚོས་"ཨུ་ལིུ་རུའི་སེམས་ཀྱི་བསྒྲགས་གཏམ་"ཞེས་པའི་བསྒྲགས་གཏམ་དེ་ཆགས་ཀྱི་ཡོད། འདི་ལོའི་ལོ་མཇུག་ཏུ་ཨོ་སི་ཊོ་ལི་ཡའི་མི་མང་གིས་འབོད་སྒྲ་དེར་རྒྱབ་སྐྱོར་ཡོད་ Yes དང་མེད་ No ཞེས་བསམས་ཤོག་འཕེན་རྗེས། གྲོས་ཚོགས་ནང་རྩ་ཁྲིམས་ལ་འགྱུར་བ་བཏང་རྗེས་གཏན་འཇགས་རང་དབང་ལྡན་པའི་ལྷན་ཚོགས་ཤིག་བཟོ་ནས་དེས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱི་གནད་དོན་ཐད་ལ་དབུས་གཞུང་གིས་ལམ་སྟོན་གནང་དགོས་ཀྱི་ཡོད་པ་རེད།

    མི་མང་གི་བསམ་ཤོག་ལེགས་གྲུབ་བྱུང་རྗེས་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ཚོས་སྒྲོམ་གཞི་དང་འཆར་གཞི་ཞིབ་ཕྲ་གཏན་འབེབས་བྱ་རྒྱུ་ཡིན་པ་རེད། གྲོས་ཚོགས་འཐུས་མི་ལྕམ་བྷུར་ནེ་ལགས་ཀྱིས་གྲོས་གཞི་དེ་གཙོ་བོར་ཨེ་བྷོ་རེ་ཇེ་ནར་དང་ཐ་རེ་སི་གླིང་ཕྲན་གྱི་མི་རྣམས་ཀྱི་འཕྲོད་བསྟེན་དཀའ་ངལ་དང་། སྤྱི་ཚོགས་དཔལ་འབྱོར། མི་ཚེ་འཚོ་བ་བཅས་ལ་གཞིར་བཅོལ་དགོས་ཀྱི་ཡོད་སྐོར་བརྗོད།
    རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཌེ་ཝེ་ཌི་ David ཡིས་ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཁོང་གི་ཆབ་སྲིད་ཚོགས་པས་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེའི་ཐད་རྒྱབ་སྐྱོར་མེད་ No ཅེས་པའི་ལས་འགུལ་སྤེལ་ཡོད་སྐོར་དང་། ཁོང་གི་ད་ལྟ་ཡང་གྲོས་གཞི་དེས་བར་སྟོང་སྐོང་ཐུབ་པའི་ཡིད་ཆེས་མེད་སྐོར་བརྗོད་འདུག

    ཁོང་གིས་ ABC རླུང་འཕྲིན་ཁང་ལ་གཞུང་གིས་བར་སྟོང་འདི་སྐོང་ཆེད་དཀའ་ངལ་སེལ་ཐབས་སུ་སྒྲོ་ལོ་ཐེར་འབུམ་བཏང་ཡོད་ཀྱང་ང་ཚོས་ལམ་ཁ་ནོར་འཁྲུལ་ཞིག་ལ་བསྐྱོད་བཞིན་ཡོད་པ་རེད། འདྲ་མཉམ་ནི་ག་དུས་ཡིན་རུང་དེར་ཡོད་པ་ཞིག་རེད། འོན་ཀྱང་དེ་ནི་ལག་བསྟར་བྱ་རྒྱུ་ཙམ་རེད་ཟེར།

    ང་ཚོས་ད་བར་གནད་དོན་དེ་སེལ་བར་ལམ་ལྷོང་མ་བྱུང་བ་རེད། ངས་གཞུང་གི་དེའི་ཐད་ཀྱི་ལས་དོན་ཚང་མ་ལམ་ལྷོང་བྱུང་མེད་ཅེས་བཤད་རྒྱུར་སྐྲག་གི་མི་འདུག གལ་སྲིད་དཔོན་ཉམས་རིང་ལུགས་དེ་ལས་ཐོན་སོང་ན། ང་ཚོས་བར་སྟོང་ཇེ་ཆུང་དུ་གཏོང་ཐུབ། དཀའ་རྙོག་དེ་སྤྱི་ཚོགས་རང་བཞིན་གྱི་རིམ་པ་ནས་སེལ་ཐུབ་པ་ལས་གྲོས་ཚོགས་ལ་འབོད་སྒྲ་དེ་དགོས་དོན་མེད་ཅེས་གསུངས་འདུག

    Share
    Published 29 June 2023 8:13pm
    By Finn McHugh, Biwa Kwan
    Source: SBS


    Share this with family and friends