མགྲོན་ཁང་ནང་ཟུར་བཀག་བྱས་པའི་འགྲུལ་པ་རྣམས་ཕྱིར་ལོག་བྱས་རྗེས་ཝི་ཊོ་རི་ཡ་མངའ་སྡེའི་ནང་འདས་པའི་ཟླ་བ་གཅིག་གི་ནང་ནས་ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་གྲངས་འབོར་མཐོ་ཤོས་དེ་སླེབས་ཡོད་པ་རེད།
རེས་གཟའ་ལྷག་པ་ཉིན་འཕྲོད་བསྟེན་བློན་ཆེན་ལྕམ་ཇེ་ནི་མེ་ཀ་ཀོ་སི་ Jenny Mikakos མཆོག་གིས་ནད་པ་གསར་པ་ ༢༡ ཐོན་ཏེ་གྲངས་ཐོར་ལྟར་ན་ད་ལྟའི་ཆར་མངའ་སྡེའི་ནང་ཁྱོན་ནད་པ་གྲངས་ ༡༧༦༢ བར་འཕར་ཏེ་མངའ་སྡེའི་ནང་ཤུགས་རྐྱེན་ཆེ་ཤོས་དེ་ཆགས་ཡོད་སྐོར་གསལ་བསྒྲགས་བྱས་འདུག
དེ་སྔོན་ནད་པ་གསར་དུ་ཐོན་པའི་གྲངས་འབོར་མཐོ་ཤོས་ཤིག་ཏེ་ཕྱི་ཟླ་ ༥ ཚེས་ ༤ ཉིན་ཝི་ཊོ་རི་ཡའི་ནང་ནད་པ་གསར་པ་ ༢༢ ཐོན་ཡོད་པ་དང་། དེ་ཡང་ Cedar Meats ཞེས་པའི་ཨོ་སི་ཊོ་ལི་ཡའི་ཤ་ཐོན་སྐྱེད་བྱེད་མཁན་བཟོ་ཚོང་ཁང་ནས་ན་ཚ་ཁྱབ་བརྡལ་ཤུགས་ཆེ་ཕྱིན་ཡོད་པ་ངོས་འཛིན་དང་སྐྱོན་བརྗོད་ཕོག་ཡོད།
རེས་གཟའ་ལྷག་པ་ཉིན་ནད་པ་གསར་པ་ ༢༡ ཐོན་ཡོད་པའི་གསལ་བསྒྲགས་བྱས་པའི་ནང་། ནད་པ་ ༡༥ མགྲོན་ཁང་ནང་ཟུར་བཀག་ནས་ཐོན་པའི་འགྲུལ་པ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
འཔྲོད་བསྟེན་བློན་ཆེན་ལྕམ་མེ་ཀ་ཀོ་སི་མཆོག་གིས་ Mikakos ང་ཚོས་ཨོ་སི་ཊོ་ལི་ཡ་དང་མེལ་བྷོན་དུ་ཕྱི་ལོག་མཁན་འགྲུལ་པ་ཚོར་མུ་མཐུད་བརྟག་དཔྱད་ཤུགས་ཆེ་བྱ་རྒྱུ་ཡིན་སྐོར་དང་། ཏོག་དབྱིབས་ནད་པ་གྲངས་འབོར་ངེས་ཅན་འཕར་བཞིན་པའི་རྒྱལ་ཁབ་དེ་དག་ནས་འགྲུལ་པ་ཕྱིར་ལོག་བྱེད་མཁན་གྱིས་རྐྱེན་པས། མ་འོངས་པར་ང་ཚོའི་ནད་པ་གྲངས་འཕར་དང་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་རྒྱུ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག
ཝི་ཊོ་རི་ཡའི་བློན་ཆེན་ཌ་ནལ་ཨན་ཌོར་སི་ Daniel Andrews མཆོག་གིས། ནད་པ་གསར་པ་ངེས་ཅན་ཞིག་མགྲོན་ཁང་ཟུར་བཀག་ནས་ཐོན་ཡོད་པ་དང་། རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ནས་དེའི་ཐད་ཐབས་ལམ་ངོ་སྤྲོད་ཚད་ལྡན་གནང་ཡོད་སྐོར་གསུངས་འདུག
ཁོང་གིས་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་དང་། ཏཱ་སི་མ་ནི་ཡ། ཨོ་སི་ཊོ་ལི་ཡ་བྱང་ཁུལ་བཅས་ལ་མངའ་སྡེའི་ས་མཚམས་སྒོ་ཕྱེས་ཡོད་ཀྱང་། ཝི་ཊོ་རི་ཡ་མི་མང་ཚོས་གུང་སེང་མངའ་སྡེ་ནང་ཁུལ་དུ་གཏོང་དགོས་པའི་ནན་སྐུལ་གནང་དོན། "ང་ལ་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་ནས་ཕོག་ཐུག་དགོས་འདོད་མི་འདུག འོན་ཀྱང་གུང་སེང་འདིར་ཐོངས། ཕ་གིར་ལ་ག་རེ་བྱེད་ནས་འགྲོ་དགོས་འདུག་"ཅེས་གསུངས་འདུག
རེས་གཟའ་ལྷག་པ་ཉིན་གསར་དུ་ཐོན་པའི་ནད་པ་ ༦ ནས་གཅིག་ Stamford Plaza Hotel ཟེར་བའི་མགྲོན་ཁང་གི་ལས་བྱེད་ཅིག་ཡིན་ཞིང་། མགྲོན་ཁང་དེ་ནི་ཕྱིར་ལོག་ཡོང་བའི་འགྲུལ་པ་ཚོའི་སྡོད་གནས་དེ་ཆགས་ཡོད་འདུག
ནད་པ་གཞན་ཞིག་ནི་མེལ་བྷོན་གྱི་ Carnegie ས་ཁུལ་དུ་ Rosstown Community ཡི་རྒས་གསོ་ཁང་ཞིག་གི་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་འདུག་སྟབས་བཀག་རྒྱ་བཟོ་རྒྱུ་རྒྱུད་སྐུལ་བྱེད་བཞིན་ཡོད་འདུག
ཉལ་ཁྲི་ ༥༣ གྱི་མཐུན་རྐྱེན་ལྡན་པ་འཛིན་སྐྱོང་བྱེད་མཁན་ Glen Eira གྲོང་སྡེ་ལྷན་ཁང་གིས་གཙང་བཟོ་གཏིང་ཟབ་བྱ་རྒྱུ་མ་ཟད་འབྲེལ་གཏུགས་ཁ་བྱང་བསྡུ་ལེན་བྱ་རྒྱུ་ཡིན་འདུག
དེ་དང་ཆབས་ཅིག མེལ་བྷོན་དུ་བུ་བཅོལ་ཁང་ཞིག་གི་ལས་བྱེད་ཅིག་བརྟག་དཔྱད་ནད་རྟགས་ཐོན་ཡོད་སྟབས་བུ་བཅོལ་ཁང་དེ་སྒོ་བརྒྱབ་ཡོད་འདུག
རེས་གཟའ་ལྷག་པ་ཉིན་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་གཅིག་གིས་ Gladstone Park ས་གནས་སུ་བྱིས་པའི་སྔོན་འགྲོ་སྦྱོང་བརྡར་ལྟེ་གནས་ཤིག་གི་ལས་བྱེད་ཅིག་ཏོག་ལ་དབྱིབས་ནད་རྟགས་ཐོན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
བདུན་ཕྲག་སྔོན་མར་ལས་བྱེད་དེ་ནད་ཚ་འགོས་ནས་ཉིན་གཉིས་རིང་ལྟེ་གནས་དེར་ལས་ཞུགས་བྱས་པ་དང་ནང་མི་ཚོས་དོ་སྣང་བྱུང་བ་དང་། སྐབས་དེར་ལྟེ་གནས་དེ་སྒོ་བརྒྱབ་ནས་ཉུང་མཐར་ཉིན་གཅིག་རིང་གཙང་བཟོ་དང་། འབྲེལ་གཏུགས་ཁ་བྱང་བསྡུ་ལེན་བྱས་ཡོད་འདུག
ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ཀྱིས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་ས་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན།
ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས་ COVIDSafe དེ་ཁྱེད་ཀྱི་ཁ་པར་ཐོག་ཕབ་ལེན་བྱེད་ཆོག
SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།