ལས་ཀ་བྱེད་སར་ཁྲིམས་འགལ་དབྱེ་འབྱེད་དང་ཁྲིམས་ཐོག་སྲུང་སྐྱོབ།

troubled woman

Source: Pexels/energepic.com

ལོ་གཉིས་རེའི་ནང་ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་ཚོགས་བདེ་དོན་ལྷན་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་སར་བསུན་གཙེར་དང་དབྱེ་འབྱེད་སྐོར་ཞིབ་འཇུག་སྙན་ཐོ་རེ་འདོན་བཞིན་ཡོད་པ་དང་། ཐེངས་རྗེས་མའི་ཞིབ་འཇུག་སྙན་ཐོ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་འདོན་འཆར་ཡོད་པ་རེད།  


གཙོ་དོན་ཁག་ཅིག

  • ཨོ་སི་ཊོ་ལི་ཡའི་ནང་དབུས་གཞུང་དང་མངའ་སྡེ། དེ་བཞིན་ས་ཁུལ་བཅས་ལ་མི་རྣམས་དབྱེ་འབྱེད་དང་བསུན་གཙེར་ལས་སྲུང་སྐྱོབ་སྐོར་ཁྲིམས་ལུགས་རེ་ཡོད།
  • ལས་ཀ་བྱེད་སར་ཁྲིམས་དང་མ་མཐུན་པའི་དབྱེ་འབྱེད་ནི་མི་ཞིག་གི་གནས་སྟངས་བྱེ་བྲག་ཅིག་གཞན་དང་མ་འདྲ་བར་བརྟེན་ནས་མཐུན་རྐྱེན་གཞན་ལས་ཉུང་བ་སྦྱར་བར་ཟེར།
  • མི་ཞིག་ལ་ལྟ་ཚུལ་མ་འདྲ་བ་འཛིན་པ་ནི་ཁྲིམས་དང་མ་མཐུན་པའི་དགོས་མེད་ཀྱི་དབྱེ་འབྱེད་བྱེད་པ་ལ་ཟེར།

 ལས་གནས་སུ་ཁྲིམས་འགལ་གྱི་དབྱེ་འབྱེད་ཟེར་བ་དེ་ག་རེ་རེད་དམ།

ལས་གནས་སུ་ཁྲིམས་འགལ་གྱི་དབྱེ་འབྱེད་ནི་ལས་མི་ཞིག་ལ་ཁོ་རང་གི་གནས་བབས་མ་འདྲ་བ་དཔེར་ན། མི་རིགས་དང་། ལོ་ན། ཕོ་མོ། སྦྲུམ་མའི་གནས་སྐབས་དང་ཡང་ན་ཆོས་ལུགས་མ་འདྲ་བ་ཡིན་པའི་རྒྱུ་མཚན་གྱིས་དབྱེ་འབྱེད་ཀྱི་གནས་ཚུལ་བྱུང་བ་ལ་ཟེར། 

མེག་ཧན་པཱ་པཱ་ Meghann Papa ལགས་ནི་སིཌ་ནིང་ནང་བརྟེན་གཞི་བྱས་པའི་ཨན་ཌར་སོན་གྷེར་ Anderson Gray ཞེས་ངལ་རྩོལ་སྐོར་་ཁྲིམས་རྩོད་པའི་ལྟེ་གནས་དེའི་ནང་ཁྲིམས་རྩོད་པ་ཞིག་རེད། 

ཁོ་མོས་ཨོ་སི་ཊོ་ལི་ཡའི་ནང་དབུས་གཞུང་དང་། མངའ་སྡེ། ས་ཁུལ་སོ་སོའི་ཁྲིམས་ཀྱིས་མི་རྣམས་དབྱེ་འབྱེད་དང་གསུན་བཙེར་ལས་སྲུང་སྐྱོང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ལྕམ་པཱ་པཱ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་དབྱེ་འབྱེད་འགོག་རྒོལ་གྱི་ཁྲིམས་འོག་ལ་དངོས་སུ་དབྱེ་འབྱེད་དང་ཤུགས་ནས་དབྱེ་འབྱེད་ཚང་མ་ཚུད་ཡོད་སྐོར་དང་། ཁོ་མོས་མི་ཞིག་གིས་ལས་ཀ་སྤྲོད་སའི་མི་དེར་མི་རིགས་དང་། ལོ་ན། ཕོ་མོ། ཡང་ན་དབང་པོ་སྐྱོན་ཅན་ཡིན་པའི་རྒྱུན་མཚན་གྱིས་སྒྲུབ་མ་ཐུབ་པའི་དགོས་འདུན་ཞིག་འདོན་པའམ། ཆ་རྐྱེན་ཞིག་ཡོད་པ། དེ་དང་ཆ་འདྲ་བའི་གནས་སྟངས་ཤིག་ཡོད་ཚེ། དེ་ཡང་ཁྲིམས་དང་མ་མཐུན་པའི་དབྱེ་འབྱེད་ཅིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཁོ་མོས་ད་དུང་དཔེར་ན་མི་ཞིག་ལ་ཕྲུ་གུ་ཞིག་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པའི་རྒྱུན་མཚན་གྱིས་དབྱེ་འབྱེད་བྱས་པ། གལ་སྲིད་ལས་མི་ཞིག་གིས་ཕྲུ་གུ་བུ་བཅོལ་ཁང་ལ་ཕར་སྐྱེལ་བ་དང་། ཚུར་བླངས་དགོས་ཀྱི་ཡོད་ཚེ་སྦྱིན་བདག་གིས་རྒྱུན་མཚན་ལྡན་པའི་ཐོག་ནས་དུས་ཚོད་བཀོད་སྒྲིག་དང་ཆོག་མཆན་སྤྲོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག
protective employee
Source: Pexels/Sora Shimazaki


ཡང་ལྕམ་པཱ་པཱ་ལགས་ཀྱིས། གལ་སྲིད་ནང་གི་འགན་འཁུར་ལས་དོན་གྱི་ཆ་ནས་ཆུ་ཚོད་འཕར་མ་ལས་མ་ཐུབ་ཚེ་སྦྱིན་བདག་གིས་ལས་མིར་ཁྲིམས་སྒྲིག་ལག་བསྟར་གྱིས་ཆད་པ་གཅོད་ཚེ་དེ་ཡང་དབྱེ་འབྱེད་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡིན་ན་ཡང་ལས་མིས་སྦྱིན་བདག་ལ་ཁོང་ཚོའི་གནས་སྟངས་འགྲེལ་བརྗོད་བྱེད་དགོས་པ་དང་སྦྱིན་བདག་གིས་ཀྱང་དགོས་གལ་བྱུང་སྐབས་དུས་ཚོད་བཀོད་སྒྲིག་ཐད་དོ་འཁུར་ཡོད་པ་བྱེད་དགོས་པ་རེད་ཅེས་གསུངས་འདུག

ཉེས་ལྡོག་ལག་བསྟར་ཟེར་བ་དེ་ག་རེ་རེད་དམ། What is adverse action? 

 "ཉེས་ལྡོག་ལག་བསྟར་" adverse action ཞེས་པའི་ཚིག་དེ་ངལ་རྩོལ་དྲང་བདེན་གྱི་ཁྲིམས་ཡིག་ནང་བྲིས་ཡོད།

ཕི་ཊར་ཁི་ཊུར་ནར་ Patrick Turner ལགས་ནི་བྷེར་སི་བྷན་ Brisbane ནང་བརྟེན་གཞི་བྱས་པའི་མའོ་རེ་སི་བྷི་ལཱ་ཁི་བྷར་ནི་ Maurice Blackburn ཞེས་ཁྲིམས་རྩོད་པའི་མཐུན་ཚོགས་ནང་ངལ་རྩོལ་དང་བཟོ་ལས་ཁྲིམས་ལུགས་སྐོར་ཆེད་མཁས་པ་རྒན་པ་ཞིག་རེད། 

ཁོང་གིས་"ཉེས་ལྡོག་ལག་བསྟར་"དེ་དཔེར་ན་མི་ཞིག་ལས་གནས་སུ་བརྡབ་སྐྱོན་བྱུང་ཚེ་ཕྱིར་འབུད་བྱས་པ་དང་། ཕྱོགས་ལྷུང་ཐག་གཅོད་བྱས་ནས་ཁོ་རང་གི་ལས་ཀའི་གནས་རིམ་བརྗེ་སྤོ་བྱས་པ་བཅས་གལ་སྲིད་རྒྱུ་མཚན་བྱེ་བྲག་པ་ལ་བརྟེན་ནས་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་སྐོར་གསུངས་འདུག

ཡང་ཁོང་གིས་ང་ཚོས་ལྟ་ཚུལ་འཛིན་སྟངས་ཕྱོགས་གཉིས་ནས་བརྗོད་ཚེ་དོན་དག་སྙིང་པོ་དཔེར་ན། མི་ཞིག་གི་གླ་ཆ་ཉུང་འཕྲི་བྱས་པ་དང་། གོ་གནས་ཕབ་པ། ཉེན་བརྡ་བཏང་བ་བཅས་རེད།

ཉེས་ལྡོག་ལག་བསྟར་དེ་ད་དུང་ལས་མི་ཕན་ཚུན་དབར་དབྱེ་འབྱེད་དང་། འཇིགས་སྐུལ་བཅས་ཀྱང་ཉེས་ལྡོག་ལག་བསྟར་གྱི་ཁྲིམས་ནང་ཚུད་ཀྱི་རེད་ཅེས་གསུངས་འདུག
Mwanaume afanya kazi
Mwanaume afanya kazi Source: Pexels/Ron Lach

ཁྲིམས་དང་མཐུན་པའི་དབྱེ་འབྱེད། Lawful discrimination

ཁ་ཤས་ལ་བལྟ་སྟངས་མ་འདྲ་བ་བལྟ་བ་ནི་ཁྲིམས་འགལ་གྱི་དབྱེ་འབྱེད་ཡིན་དགོས་དོན་མེད།
ལས་ཀའི་ཁྲིམས་ཡིག་འོག་ལ་གལ་སྲིད་སྦྱིན་བདག་གིས་ལས་མི་དེའི་རང་བཞིན་བྱེ་བྲག་པའི་རྒྱུ་མཚན་ཐོག་ནས་དབྱེ་འབྱེད་བྱས་མེད་ཚེ། དེ་ནི་ཉེས་ལྡོག་ལག་བསྟར་ཡིན་པའི་བསམ་ཚུལ་འཁྱེར་རྒྱུ་མེད། 

སྐུ་ཞབས་ཊུར་ནར་ལགས་ཀྱིས་རྟགས་པར་དབྱེ་འབྱེད་ཟེར་བ་དེའི་སྐོར་དཔྱད་བརྗོད་བྱ་རྒྱུ་ཁག་པོ་ཞིག་རེད། འོན་ཀྱང་ཁྲིམས་ལུགས་ནང་གསལ་བའི་དབྱེ་འབྱེད་མིན་པའང་ཡོད་སྐོར་དཔེ་མཚོན་བརྗོད་འདུག

ཁོང་གིས་"གལ་སྲིད་ཁྱེད་རང་གི་ལས་ཀ་བྱེད་སར་རག་བཟི་བ་དང་ཁྱེད་ཀྱི་སྦྱིན་བདག་གིས་སྒྲིག་གཞི་འགྲེལ་བརྗོད་བྱས་ནས་ལས་ཀ་བྱེད་སར་ཆང་རག་འཐུང་ཆོག་གི་མེད་སྐོར་དང་ཉེན་བརྡ་བཏང་ནས། ལས་མི་གཞན་དག་དང་གཅིག་མཚུངས་བྱེད་དགོས་འདོད་ཚེ། ཁྱེད་རང་གཅིག་བྱས་ན་རྒྱབ་ལྗོངས་མ་འདྲ་བ་དང་དབང་པོ་སྐྱོན་ཅན་གྱི་གནད་དོན་ཡང་ཡོད་སྲིད་པ་ཡིན།"ཞེས་གསུངས་འདུག 

ལས་དོན་བཀོད་བྱུས་དང་སྟངས་འཛིན། Performance management

ལི་སཱ་ཨ་ནེ་སི་ Lisa Annese ལགས་ནི་ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་ཚོགས་ལས་ཁུངས་ནང་རྒྱུན་ལས་འགན་འཛིན་ཞིག་རེད།

ཁོ་མོས་ལས་ཀ་སྤྲོད་མཁན་སྦྱིན་བདག་ལ་ཁོང་ཚོའི་ལས་མི་རྣམས་ལ་དོ་དམ་སྟངས་འཛིན་བྱེད་ཆོག་པའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད། ལས་དོན་བཀོད་བྱུས་སྟངས་འཛིན་ནི་གནས་དོན་གཞན་པ་ཞིག་ཡིན་ཡང་མཚམས་རེར་དབྱེ་འབྱེད་སྐོར་དང་མགོ་རྙོག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

མི་བྱེ་བྲག་པ་ཞིག་ལ་ལས་དོན་བཀོད་བྱུས་སྟངས་འཛིན་ལ་འདོད་བློ་མ་ཁེངས་པ་བྱུང་ཡང་དེ་ནི་དབྱེ་འབྱེད་ཆགས་ཀྱི་མེད།
woman boss
Source: Pexels/Sora Shimazak

 གལ་སྲིད་ཁྱེད་རང་གིས་དབྱེ་འབྱེད་མྱོང་གི་འདུག་བསམས་ཚེ་ག་རེ་བྱེད་དགོས།

མེག་ཧན་པཱ་པཱ་ Meghann Papa ལགས་ཀྱིས་གལ་སྲིད་སུ་ཞིག་ལས་ཀ་བྱེད་སར་དབྱེ་འབྱེད་མྱོང་གི་ཡོད་ཚེ། ཁོང་ཚོས་གནས་དོན་དེ་སྦྱིན་བདག་ལ་ཁ་ཐུག་བཤད་དགོས་པ་རེད། 

"ལས་མི་མང་པོ་ཞིག་ལ་ལས་ཀ་བྱེད་སར་སྡུག་སྐད་དང་དཀའ་སྡུག་བརྗོད་རྒྱུ་ཡོད། དེར་བརྟེན་ཁོང་ཚོས་གནས་ཚུལ་བྱུང་མ་ཐག་ངེས་པར་དུ་་སྦྱིན་བདག་ལ་སྙན་གསན་ཞུས་ནས་གནད་དོན་སེལ་ཐབས་བྱེད་དགོས།" ཞེས་གསུངས་འདུག

གལ་སྲིད་ལས་ཀ་བྱེད་ས་རང་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཚེ། ངལ་རྩོལ་པའི་་ཁྲིམས་རྩོད་པ་དང་། དབྱེ་འབྱེད་འགོག་རྒོལ་གྱི་ཁྲིམས་རྩོད་པ་གང་རུང་ལས་ལམ་སྟོན་ཞུ་བའམ། ཡང་ནང་ཁོང་ཚོ་མཉམ་འབྲེལ་གྱི་ཚོགས་མི་ཡིན་ཚེ་མཉམ་འབྲེལ་ལ་སྐད་ཆ་བཤད་དགོས་པ་རེད། 

སྐུ་ཞབས་ཊུར་ནར་ལགས་ཀྱིས་མི་ཚོས་དེ་ཚོའི་ཐད་ཐོབ་ཐང་རག་གི་ཡོད་པ་ཤེས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

 
དབུས་དང་ངམའ་སྡེ་ས་ཁུལ་བཅས་ཀྱི་ཁྲིམས་ལུགས་ཁག Federal, state and territory laws


ཨོ་སི་ཊོ་ལི་ཡའི་ནང་དབུས་གཞུང་དང་མངའ་སྡེ། དེ་བཞིན་ས་ཁུལ་བཅས་ལ་མི་རྣམས་དབྱེ་འབྱེད་དང་བསུན་གཙེར་ལས་སྲུང་སྐྱོབ་སྐོར་ཁྲིམས་ལུགས་རེ་ཡོད།

སྐུ་ཞབས་ཕི་ཊར་ཁི་ཊུར་ནར་ Patrick Turner ལགས་ཀྱིས་སྤྱིར་ཡོངས་མངའ་སྡེའི་ཁྲིམས་ཁག་གི་བཀག་སྡོམ་མང་པོ་ཞིག་ནི་རྒྱུས་སྟོན་འདྲ་པོ་དེ་འདྲ་ཡིན་པ་རེད། འོན་ཀྱང་དེ་ཚོའི་དབར་མངོན་གསལ་གྱི་མ་འདྲ་བ་དེ་འདྲ་མེད་སྐོར་གསུངས་འདུག

ཁོང་གིས་གནས་དོན་འགའ་ཤས་ཐོག་ལ། དབུས་གཞུང་གི་ཁྲིམས་ལུགས་ལས་མངའ་སྡེའི་ཁྲིམས་ལུགས་གཞིར་བཟུང་ཞུ་གཏུགས་བྱས་ན་ཡག་བ་ཡོད་སྐོར་གསུངས་འདུག
team inclusion
Source: Pexels/fauxels

རོགས་རམ་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་  དང་ཡང་ན་ལས་གནས་དྲང་བདེན་འབྲེལ་གཏུགས་ཁ་པར་ཨང་གྲངས་13 13 94 ཐོག་འབྲེལ་བ་གནང་དགོས། གལ་སྲིད་ཁྱེད་རང་ལ་སྐད་སྒྱུར་རོགས་རམ་དགོས་ཚེ་ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ (TIS) ཡི་ཁ་པར་ཨང་གྲངས་ 13 14 50 ཐོག་འབྲེལ་བ་བྱེད་དགོས།


Share
Published 30 November 2021 6:57pm
Updated 2 December 2021 6:57pm
By Chiara Pazzano


Share this with family and friends