ཨོ་སི་ཊོ་ལི་ཡའི་མི་སེར་དང་ཨོ་སི་ཊོ་ལི་ཡའི་ནང་གཏན་འཇགས་གནས་སྡོད་བྱེད་མཁན། དེ་བཞིན་ནེའུ་ཛི་ལན་ཌིའི་མི་སེར་བཅས་ཀྱིས་སོ་སོའི་ཕ་མ་ཨོ་སི་ཊོ་ལི་ཡའི་ནང་གཏན་འཇགས་དང་ཡང་ན་གནས་སྐབས་གནས་སྡོད་བྱ་རྒྱུའི་མཐོང་ཆེན་ཞུ་ཆོག་གི་ཡོད་པ་རེད།
དེ་ཡང་"ཕ་མ་"དང་"ཆ་རྐྱེན་དུ་གྱུར་བའི་ཕ་མ་" ཞེས་གཙོ་བོར་མཐོང་ཆེན་ཁག་གཉིས་ཡོད་པ་རེད།
"ཆ་རྐྱེན་དུ་གྱུར་བའི་ཕ་མ་"ཡི་མཐོང་ཆེན་དེར་འགྲོ་སོང་ཆེ་བ་ཡོད་པ་དང་། ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༦ ཚེས་ ༣༠ བར་"གཞིས་སྤོ་ལས་རིམ་གྱི་ལོར་"དེར་མཐོང་ཆེན་གྱི་ས་མིག་མང་བ་སྤྲོད་ཀྱི་ཡོད།
ཛི་ཁེ་ Zeke Bentley ལགས་ནི་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་རྒྱལ་ས་བྷིར་སི་བྷན་ (Brisbane) ནང་གཞིས་སྤོ་ལས་ཁུངས་ཤིག་གི་ནང་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་འབད་བརྩོན་གནང་བ་ཡིན་ན་རེ་བ་ཆེན་པོ་ཡོད་པའི་བདམ་ག་ཞིག་ཡིན་ཡང་། མཚམས་རེར་མཐོང་ཆེན་རག་པར་དུས་ཡུན་ལོ་ ༣༠ མན་འགོར་སྲིད་སྐོར་ཡང་འགྲེལ་བརྗོད་གནང་འདུག
ཁོང་གིས་ཕྱོགས་གཞན་པ་ཞིག་ནས་གལ་སྲིད་ནང་མི་ཚོས་ཕ་མ་རེ་རེར་འགྲོ་སོང་ཨོ་སྒོར་ ༤༥་༠༠༠ ནས་ ༥༥་༠༠༠ བར་གཏང་བ་ཡིན་ན་ཁོང་ཚོས་མཐོང་ཆེན་ལོ་ ༢ ནས་ ༥ བར་དུ་རག་སྲིད་སྐོར་ཡང་འགྲེལ་བརྗོད་གནང་འདུག
ལམ་ཁ་ག་ལེར་བརྒྱུད་པ་ཡིན་ན་དམིགས་བསལ་དལ་མོ་ཡིན་པས་དེས་དུས་ཡུན་ལོ་ ༡༨ ནས་ ༣༠ བར་འགོར་གྱི་ཡོད་འདུག

Smiling multi-generation Asian family Source: Getty Images
ཨོ་སི་ཊོ་ལི་ཡའི་ནང་ཕ་མའི་མཐོང་ཆེན་ཞུ་བར་དཔལ་འབྱོར་གྱི་དཀའ་ངལ་གཅིག་པུ་མིན་པར། ད་དུང་སྙན་ཞུ་རྒྱག་མཁན་དེའི་སྤྱོད་ལམ་དང་འཕྲོད་བསྟེན། དེ་བཞིན་ནང་མིའི་དཔལ་འབྱོར་བཅས་བརྟག་དཔྱད་ཚད་གཞི་ལོངས་མིན་དེ་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་འདུག
གཞན་ཡང་ཕ་མའི་ནང་མིར་དཔལ་འབྱོར་གྱི་ཚད་གཞི་ལོངས་དགོས་པས་མ་ཚད། སོ་སོའི་ཕྲུ་གུ་ལུང་པ་གཞན་ལས་ཀྱང་ཨོ་སི་ཊོ་ལི་ཡའི་ནང་གཏན་འཇགས་གནས་སྡོད་བྱེད་མཁན་ཕྲུ་གུ་མང་བ་ཡོད་དགོས་ཀྱི་ཡོད་འདུག
དཔེར་ན་གལ་སྲིད་ཁྱེད་ལ་ཕྲུ་གུ་གསུམ་ཡོད་ཚེ་དེའི་ནང་ཕྲུ་གུ་གཉིས་ཨོ་སི་ཊོ་ལི་ཡའི་ནང་གཏན་འཇགས་གནས་སྡོད་བྱེད་མཁན་ཡིན་པ་སྟོན་དགོས་ཀྱི་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༤ ནས་ཨོ་སི་ཊོ་ལི་ཡ་གཞུང་གིས་ཕ་མའི་མཐོང་ཆེན་ (གནས་སྐབས་) སྐོར་རོགས་རམ་ཐད་ (ནང་སྲིད་སྡེ་ཚན་ 870) ཅན་ཞིག་འགྲེལ་བརྗོད་བྱས་ཡོད།
Sirus ཞེས་པའི་སྐྱབས་བཅོལ་ལྷན་ཁང་གི་ཁྲིམས་རྩོད་པ་ Sam Jazayeri ལགས་ཀྱིས་ཕ་མའི་"གནས་སྐབས་"མཐོང་ཆེན་གསར་པ་འདི་ནི་མཐོང་ཆེན་གཅིག་གི་ཐོག་ནང་ཕ་མ་རྣམས་ཨོ་སི་ཊོ་ལི་ཡའི་ནང་དུས་ཡུན་ལོ་ ༣ ནས་ ༥ བར་གནས་སྡོད་བྱེད་ཆོག་གི་ཡོད་པ་དང་། གལ་སྲིད་མཐོང་ཆེན་རྒྱབ་སྣོན་རག་ཚེ་མང་ཤོས་དུས་ཡུན་ལོ་ ༡༠ བར་སྡོད་ཆོག་པའམ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་འདྲ་སོང་ཙང་མཐོང་ཆེན་ཞུ་མཁན་པ་མ་ཚོས་འདིར་ཨོ་སི་ཊོ་ལི་ཡའི་ནང་ཁོང་ཚོའི་ཕྲུ་གུ་དང་ཚ་བོ་ཚ་མོ་རྣམས་དང་ལྷན་དུ་དུས་ཡུན་ལོ་ ༡༠ རིང་མཉམ་སྡོད་བྱ་རྒྱུ་ཡོང་སྲིད་སྐོར་དང་། དེ་ཡང་མཐོང་ཆེན་འདིར་དུས་ཡུན་ལོ་ ༣ མན་ལ་ཨོ་སྒོར་ ༥་༠༠༠ དང་ཡང་ན་དུས་ཡུན་ལོ་ ༥ བར་ལ་ཨོ་སྒོར་ ༡༠་༠༠༠ གནས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
བརྒྱུད་རིམ་དེ་བརྒྱུད་པར་དུས་ཡུན་ཟླ་བ་ ༤ ཙམ་འགོར་སྲིད་པ་དང་། ཕ་མ་བཟའ་ཚང་གཉིས་ནང་གཅིག་ལ་སྦྱིན་བདག་རོགས་རམ་རག་སྲིད། འོན་ཀྱང་སྦྱིན་བདག་བྱས་པའི་ཕ་མ་(གནས་སྐབས་)(ནང་སྲིད་སྡེ་ཚན་ 870) ནང་འཁོད་མཐོང་ཆེན་ཅན་གྱི་ཕ་མ་ཚོས་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་ཆོག་གི་མེད་པས་མ་ཚད། གཏན་འཇགས་གནས་སྡོད་ཆེད་མཐོང་ཆེན་སྙན་ཞུ་རྒྱག་ཆོག་གི་མེད་པ་རེད། ལོ་ ༡༠ རྗེས་སོ་སོའི་ལུང་པར་ཕྱིར་ལོག་བྱེད་དགོས་ཀྱི་ཡོད་པ་རེད། 

Daughter embracing mother after outdoor family dinner party Source: Getty Images
ཕ་མ་དང་ཟླ་སྦྲེལ་ཆེད་དུ་ཁྱོན་མཐོང་ཆེན་མ་འདྲ་བ་རིགས་བདུན་ཙམ་ཡོད་ཀྱང་། ཕ་མའི་མཐོང་ཆེན་ཁག་ཅིག་ནི་ལོ་རེའི་གཞིས་སྤོའི་ལས་རིམ་དང་འབྲེལ་བ་ཆགས་ཡོད་པ་རེད།
དཔེར་ན། ཕ་མའི་མཐོང་ཆེན་ཁག་ཚང་མ་རྩིས་ལོ་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ བར་དག་ཐེར་གྱིས་ཁྱོན་མཐོང་ཆེན་གྲངས་་ ༧༣༧༡ སྤྲད་པ་ལྟར་བུ་དང་། དེ་ཡང་ལོ་ལྟར་གཞིས་སྤོས་ལས་རིམ་ནང་ཁྱོན་ཕ་མའི་ (གནས་སྐབས་) མཐོང་ཆེན་གྲངས་ ༡༥་༠༠༠ ཙམ་སྤྲོད་ཀྱི་ཡོད་པ་རེད།
ཕ་མའི་མཐོང་ཆེན་ཞུ་ཕྱོགས་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདིར་གཟིགས། .
གལ་སྲིད་ཁྱེད་རང་གི་སྐད་ཡིག་ནང་རོགས་རམ་དགོས་ཚེ་དྲ་ཚིགས་འདིར་འགྲོ་བ་དང་ཡང་ན་ ཁ་པར་ཨང་གྲངས་ 13 14 50 ཐོག་འབྲེལ་བ་གནང་དགོས།