ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་པགས་སྐྲན་ནད་པ་མང་ཤོས་ཡིན་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་ངོ་ཚབ་ལས་ཁུངས་ཀྱིས་སྙན་ཐོ་བཏོན་པར་ལྟར་ན། ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་ཨོ་སི་ཊོ་ལི་ཡའི་ནང་མི་ ༣ ནང་ནས་ ༡ སྟེ་མི་འབོར་བརྒྱ་ཆ་ ༣༨་༨ ཙམ་ལ་པགས་པའི་སྐྲན་ནད་ཡོད་པ་དང་། པགས་པའི་སྐྲན་ནད་ནི་ཨོ་སི་ཊོ་ལི་ཡའི་ནང་རྒྱུན་ལྡན་ལྟར་བུ་ཞིག་ཆགས་ཡོད་པ་རེད།
གནས་ཚུལ་གཙོ་འདོན་ཁག་ཅིག
- མིའི་ལུས་པོ་ལ་ཉི་མའི་འོད་རླབས་ཚད་བརྒལ་ཕོག་ཚེ་དེས་པགས་པའི་ཕྲ་ཕུང་གི་ཌེ་ཨེན་ཨེ་ DNA ལ་གནོད་སྐྱོན་གཏོང་གིན་ཡོད།
- ཤ་མདོག་ནག་པོའི་རིགས་ལ་ཉེན་ཁ་ཆུང་བ་ཡོད་ཀྱང་། ད་དུང་པགས་པའི་སྐྲན་ནད་ཕོག་སྲིད་པ་ཡིན།
- ཤ་མདོག་ནག་པོའི་རིགས་ལ་མིའི་བཅུད་རྫས་ D ཡི་འཚོ་བཅུད་ཉུང་སྐྱོན་གྱི་ཉེན་ཁ་ཆེ་བ་ཡོད།
སྨན་རྫས་ཞིབ་འཇུག་ལྟེ་གནས་དང་སྐྲན་ནད་སྟངས་འཛིན་ཚོགས་པའི་སློབ་དཔོན་ཌེ་ཝི་ཌེ་ཝི་ཊི་མན་ David Whiteman ལགས་ཀྱིས་པགས་པའི་སྐྲན་ནད་ཀྱི་དཀའ་ངལ་འབྱུང་ཁུངས་ཤིག་ནི་ས་ཁམས་དང་། གནས་སྤོ་བ་གཉིས་མཉམ་དུ་སྡེབ་པ་ལས་འབྱུང་གི་ཡོད་སྐོར་གསུངས་འདུག
ཁོང་གིས་"ལྷོ་ཕྱེད་གོ་ལའི་ནང་ང་ཚོའི་རྒྱལ་ཁབ་ནི་ལྷོ་ཕྱེད་གོ་ལའི་འཕྲེད་ཀྱི་རྒྱང་ཐག་དམའ་མོའི་མཚམས་སུ་ཆགས་ཡོད་སྟབས། ཡོ་རོབ་དང་ཨེ་ཤེ་ཡ་བྱང་མ། གཞན་བྱང་ཨ་མི་རི་ཁ་ལྟ་བུ་འཛམ་གླིང་གི་ཆ་ཤས་གཞན་ཁག་ལས་ཨོ་སི་ཊོ་ལི་ཡར་ཉི་མའི་འོད་རླབས་ཚད་གཞི་ཤུགས་ཆེ་ས་གཞིར་ཕོག་གི་ཡོད་པ་རེད། དེར་བརྟེན་ང་ཚོ་སྡོད་ས་འདིར་ཉི་མའི་འོད་རླབས་ཁ་ཐུག་འཁེལ་ས་ཞིག་ཆགས་ཡོད་"ཅེས་གསུངས་འདུག

Source: Getty Images/maps4media
ཨོ་སི་ཊོ་ལི་ཡ་ནི་ད་དུང་སའི་གོ་ལའི་ཉི་མ་འཁོར་ལམ་ཡང་འཁེལ་གྱི་ཡོད་འདུག
ཡང་སློབ་དཔོན་ཝི་ཊི་མན་ལགས་ཀྱིས་"ང་ཚོ་ཨོ་སི་ཊོ་ལི་ཡའི་ནང་དཔྱིད་ཀ་ནི། སྤྱིར་སྟངས་ཉི་མའི་འོད་ཟེར་ཧ་ཅང་ཤུགས་ཆེ་འཕྲོས་ཀྱི་ཡོད། གང་ཡིན་ཟེར་ན་སྐབས་དེར་བྱང་ཕྱེད་གོ་ལ་དང་བསྡུར་ན་དཔྱིད་ཀ་ང་ཚོ་ཉི་མ་དང་བར་ཐག་ཅུང་ཉེ་རུ་འགྲོ་བཞིན་ཡོད་པ་རེད་"ཅེས་གསུངས་འདུག
ཁོང་གིས་ཨོ་སི་ཊོ་ལི་ཡའི་མི་མང་ཆེ་བ་ནི་ཡོ་རོབ་མི་དཀར་གྱི་རིགས་རྒྱུད་དང་ཤ་པགས་དཀར་པོ་ཡིན་པས། དེ་ནི་ཉི་མའི་འོད་རླབས་ཤུགས་ཆེ་འཕྲོས་ས་ཨོ་ས་ཊོ་ལི་ཡའི་ཁོར་ཡུག་དེ་ཁོང་ཚོར་འཚམ་པོ་མིན་སྐོར་གསུངས་འདུག

Source: Getty Images/MB Photography
ཉི་མས་པགས་སྐྲན་ན་ཚ་གང་འདྲ་བྱེད་ནས་བཟོ་བཞིན་ཡོད་དམ།
མིའི་གཟུགས་པོ་ལ་ཉི་མའི་འོད་རླབས་ཚད་བརྒལ་ཕོག་ཚེ་མིའི་པགས་པའི་ནང་གྲུབ་རྫས་ཕྲ་མོའི་ DNA གནོད་སྐྱོན་བཏང་ནས་པགས་སྐྲན་གྱི་རྒྱུར་འགྱུར་བ་དང་། གནོད་སྐྱོ་ཇེ་མང་དུ་ཕྱིན་ཚེ་པགས་པའི་སྐྲན་ནད་ཆགས་ཀྱི་ཡོད་པ་རེད།
སིཌ་ནིང་ནང་ན་ཚ་སྤྱི་ཡོངས་ཀྱི་སྨན་པ་ GP ཨཱ་མཱ་ཌ་ཧཱ་སཱ་ནིང་ Ahmad Hasanien ལགས་ཀྱིས། ཉི་མའི་འོད་རླབས་པགས་པ་ལ་ཕོག་ཚེ་ག་རེ་ཆགས་ཀྱི་རེད་དམ་ཟེར་ན། ཕྱི་ངོས་ནས་མིའི་གྲུབ་རྫས་ཕྲ་མོ་ Cell ཡི་ DNA འགྱུར་བ་གཏོང་འགོ་ཚུགས་པ་དང་། དེ་ནས་ཉི་མ་ནས་ཉི་མ་དང་ལོ་ནས་ལོའི་རྗེས་ལ་པགས་པའི་སྐྲན་ནད་འགོ་ཚུགས་ནས་ཚེ་སྲོག་ལའང་ཉེན་ཁ་ཡོད་པ་རེད་"ཅེས་གསུངས་འདུག
དཔེར་ན་མིའི་གཟུགས་པོའི་ནང་ལ་ DNA བཟོ་བཅོས་བྱེད་མཁན་གྱི་འཕྲུལ་ཆས་ལ་མཚོན་ན་དེས་གནོད་སྐྱོན་བཏང་ཚར་བའི་གྲུབ་རྫས་དེ་དག་བསྐྱར་བཅོས་བྱེད་ཐུབ་ཀྱི་མེད་པ་དང་། དེ་དག་ཇེ་མང་དུ་ཕྱིན་ནས་སྐྲན་ནད་དུ་འགྱུར་གྱི་ཡོད།
ཌོར་ཊར་ཧཱ་སཱ་ནིང་ Dr Hasanien ལགས་ཀྱིས་ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་ནང་དཔྱིད་ཀ་ཉི་མའི་འོད་རླབས་ཧ་ཅང་མཐོ་བ་ཡོད་པས་ཉི་མ་ལས་སྲུང་སྐྱོབ་མ་བྱས་ཚེ་ཉེན་ཁ་ཆེན་པོ་ཡོད་སྐོར་གསུངས་འདུག ཁོང་གིས་"ཨོ་སི་ཊོ་ལི་ཡའི་ནང་ཉི་མའི་ནང་ཉི་མའི་འོད་རླབས་ཀྱི་ཤུགས་ཚད་དེ་ ༡༢ ཡིན་པ་དང་རྒྱུན་དུ་ང་རང་ཉི་མའི་ནང་ཕྱི་ལོགས་ལ་འགྲོ་རྒྱུ་ལས་གཡོལ་གྱི་ཡོད་ལ། ངས་ཕྲུ་གུ་ཚོ་ཡང་ཕྱི་ལོགས་ལ་ཁྲིད་མི་དགོས་པའི་ཐབས་ཤེས་བྱེད་ཀྱི་ཡོད་"ཅེས་གསུངས་འདུག
དགུན་ཁ་སྐབས་སུ་ཉི་མ་ཤར་གྱི་ཡོད་ཀྱང་ཉི་མའི་འོད་རླབས་ཤུགས་ཚད་དེ་ ༣ ནས་ ༤ བར་ཡིན་པ་དང་། ཌོ་ཊར་ཧཱ་སཱ་ནིང་ལགས་ཀྱིས་སྐབས་དེར་ཉི་མའི་འོད་རླབས་ཀྱི་དུས་ཚོད་དེ་ཡང་ཐུང་ཐུང་ཡིན་སྐོར་གསུངས་འདུག
འོན་ཀྱང་དཔྱིད་ཀའི་སྐབས་སུ་ཉི་མའི་འོད་རླབས་འཕྲོས་པའི་དུས་ཚོད་སྔ་དྲོ་ཆུ་ཚོད་ ༨ པ་ནས་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་བར་འཕྲོས་ཀྱི་ཡོད་པས་མ་ཚད་རྒྱུན་དུ་འོད་རླབས་ཀྱི་ཤུགས་ཚད་ ༡༢ ནས་ ༡༤ བར་སླེབས་ཀྱི་ཡོད་སྐོར་གསུངས་འདུག

Source: Getty Images/Stuart Westmoreland
ཉི་མ་ལས་ཁྱེད་རང་སྲུང་སྐྱོང་བྱེད་སྟངས་ཨོ་སི་ཊོ་ལ་ཡའི་ནང་གཤམ་གསལ་དབྱིན་ཚིག་སྟབས་བདེ་འདི་ཚོ་བེད་སྤྱོད་བྱེད་བཞིན་ཡོད། 'Slip, slop, slap, seek, slide.'
ཕི་ཇི་ཕེར་ས་ཊོན་ Paige Preston ལགས་ནི་སྔོན་མ་ཨོ་སི་ཊོ་ལི་ཡའི་སྐྲན་ནད་བདེ་དོན་ལྷན་ཁང་གི་པགས་སྐྲན་ཚོགས་ཆུང་གི་ཚོགས་གཙོ་རེད། ཁོ་མོས་ཨོ་སི་ཊོ་ལི་ཡའི་མི་ཚང་མ་ཕྱི་རོལ་ཏུ་མ་འགྲོ་སྔོན་ལ་ས་གནས་དེའི་ཉི་མའི་འོད་རླབས་ཀྱི་ཚད་གཞི་བརྟག་དཔྱད་བྱེད་དགོས་པ་དང་། དེ་ཡང་ ཞེས་པའི་ཁ་པར་ནང་གི་གཉེན་ཆས་དང་ཡང་ན་གནམ་གཤིས་རིག་པའི་དྲ་ཚིགས་ཐོག་ནས་བརྟག་དཔྱད་བྱེད་དགོས་པའི་འབོད་སྐུལ་གནང་འདུག
ཁོ་མོས་"གལ་སྲིད་ཉི་མའི་འོད་རླབས་ཚད་གཞི་ ༣ དང་དེའི་ཡན་ཡིན་ཚེ་ང་ཚོས་ཨོ་སི་ཊོ་ལི་ཡའི་མི་ཚང་མས་ངེས་པར་དུ་ཉི་མ་ལས་སྲུང་སྐྱོབ་ཀྱི་ཐབས་ལམ་འདྲ་མིན་སྤྱོད་དགོས་པའི་ལམ་སྟོན་བྱེད་བཞིན་ཡོད་"ཅེས་གསུངས་འདུག
ཁོ་མོས་"ཉི་མའི་འོད་རླབས་རིམ་པ་ ༣ དང་དེའི་ཡན་ཡིན་ཚེ་པགས་པ་བཀབ་ཐུབ་པའི་གོས་གྱོན་དགོས་པ་དང་། ཉི་འགོག་སྣུམ་བྱུག་དགོས། སྐེ་དང་རྣ་བ་དང་ངོ་གདོང་ཁེབས་པའི་ཞྭ་མོ་གྱོན་དགོས། གྲིབ་ནག་འོག་སྡོད་དགོས་པ་དང་ཉི་འགོག་མི་ཤེལ་གྱོན་དགོས་ཀྱི་ཡོད་པ་རེད་"ཅེས་གསུངས་འདུག
ཤ་མདོག་ནག་པོའི་མི་རྣམས་ལ་པགས་པའི་སྐྲན་ནད་ཕོགས་པའི་ཉེན་ཁ་ཆུང་བ་ཡོད་དམ།

Source: Getty Images/Elizabeth Fernandez
སྐུ་ཞབས་ཝི་ཊི་མན་ལགས་ཀྱིས་ཤ་མདོག་ནག་པོའི་མི་རྣམས་ལ་པགས་ནད་ཀྱི་ཉེན་ཁ་ཆུང་བ་ཡོད། འོན་ཀྱང་ཁོང་ཚོ་ལ་པགས་ནད་ཀྱི་ཉེན་ཁ་མེད་པ་མ་ཡིན་ཞེས་གསུངས་འདུག
མ་ཚད་ཌོ་ཊར་ཧན་སིན་ Dr Hasanien ལགས་ཀྱིས་ཁོང་གི་སྨན་བཅོས་ལག་ལེན་སྐབས་ཤ་མདོག་ནག་པོ་ཡིན་པའི་པགས་སྐྲན་ནད་པ་མང་པོ་ཞིག་མཐོང་མྱོང་ཡོད་སྐོར་གསུངས་འདུག
བཅུད་རྫས་ D ཉུང་སྐྱོན་གྱི་གནས་ཚུལ།
འོན་ཀྱང་ཉི་མའི་ནང་མ་འགྲོ་ཚེ་མིའི་ལུང་ཟུངས་ལ་དགོས་པའི་བཅུད་རྫས་ D ཉུང་སྐྱོན་གྱི་གནས་ཚུལ་ཡོང་སྲིད་ལ། ལྷག་པར་དུ་ཤ་མདོག་ནག་པོའི་མི་རྣམས་ལ་བཅུད་རྫས་ D མི་འདང་བའི་དཀའ་ངལ་ཡོད།
སྐྲན་ནད་བདེ་དོན་ལྷན་ཁང་གི་ལས་བྱེད་ཕི་ཇི་ཕེར་ས་ཊོན་ Paige Preston ལགས་ཀྱིས་ཉི་མ་སྲོལ་བ་ལས་ཁྱེད་རང་གི་སྨན་པ་ལ་བཅུད་རྫས་ D སྐོར་ག་རེ་དགོས་མིན་བཀའ་འདྲི་ཞུ་དགོས་པ་རེད་ཅེས་གསུངས་འདུག

A crowded Bondi Beach, in NSW, on a Summer day. Source: Getty Images/Matteo Colombo
READ MORE

Living with an underlying condition