Key Points
- “Stop it at the Start” campaign aims to break the cycle of violence by encouraging adults to have positive influences in young people
- We must stop excuses and educate children about respectful behaviour
- Resources are available to help you engage in conversation
རྒྱུན་དུ་ང་ཚོའི་མཐོང་ཐོས་སུ་བུ་ཞིག་གིས་བུ་མོ་ཆུང་ཆུང་དང་བུད་མེད་ལ་གུས་ཞབས་མེད་པ་དང་བཙན་དབང་གྱི་བྱ་སྤྱོད་བསྟན་ཚེ། ད་དུང་དེ་ལ་བསྔགས་བརྗོད་ཀྱིས་གལ་ཡོད་མ་རེད། བུ་ཡིན་པ་སོང་ཙམ་དེ་འདྲ་བྱེད་ཀྱི་ཡོད་རེད། གང་ཡིན་ཟེར་ན་ཁོང་ཁྱོད་ལ་དགའ་བ་སོང་ཙང་བྱས་པ་རེད་ཅེས་བཤད་མཁན་ཡོད།
སྐད་ཆ་འདི་དག་ཕྱི་ཚུལ་ནས་བལྟས་ན་གནོད་སྐྱོན་གང་ཡང་མེད་པ་ལྟར་མངོན་གྱི་ཡོད་ཀྱང་། ཆེད་མཁས་པ་ཚོས་དེ་ནི་བུ་དང་བུ་མོ་གཉིས་ཀའི་ནང་མངོན་གསལ་མིན་པའི་ཐོག་ནས་དཀའ་ངལ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
གུས་ཞབས་མེད་པའི་བྱ་སྤྱོད་ཚང་མ་དྲག་སྤྱོད་ཀྱི་ངོ་བོར་འགྱུར་བའི་ངེས་པ་མེད་ཀྱང་། ང་ཚོས་ཤེས་གསལ་ལྟར་དྲག་སྤྱོད་ནི་གུས་བརྩི་མེད་པ་ལས་འགོ་འཛུགས་ཀྱི་ཡོད། དེར་བརྟེན་ང་ཚོས་དྲག་སྤྱོད་ཀྱི་རྩ་བར་གྱུར་བའི་གནས་ཚུལ་འདི་དག་ཐོག་མ་ཉིད་ནས་བཀག་འགོག་བྱེད་ཐུབ།
"འགོ་འཛུགས་པ་བ་དང་བཀག་འགོག་བྱེད་"ཅེས་པའི་ལས་འགུལ་དེ་ག་རེ་རེད་དམ།
འགོ་འཛུགས་པ་དང་བཀག་འགོག་བྱེད་ ཞེས་པའི་ལས་འགུལ་དེ་ནི་ཨོ་སི་ཊོ་ལི་ཡ་གཞུང་གིས་གསར་འཛུགས་བྱས་པའི་བདེ་དོན་ལྷན་ཁང་ཞིག་ཡིན་ཞིང་། ལྷན་ཁང་དེས་ཕོ་མོ་གཞི་རྩར་གྱུར་པའི་དྲག་སྤྱོད་ཀྱི་འབྱུང་རྐྱེན་རིགས་བཀག་འགོག་བྱེད་མཁན་ཞིག་ཆགས་ཡོད། ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ལོར་འགོ་འཛུགས་བྱས་རྗེས་གྲངས་ཐོར་ལྟར་ན་བུད་མེད་དང་ཕྲུ་གུར་དྲག་སྤྱོད་ཀྱི་གནས་སྟངས་ཧང་སང་དགོས་པ་ཆགས་ཡོད།
གཞན་གྱིས་ཤེས་རྟོགས་བྱུང་བར་ལྟར་ན། ལོ་ན་ ༡༥ ནས་བཟུང་སྟེ་བུད་མེད་སུམ་ཆ་གཅིག་ཙམ་ལ་ལུས་སེམས་དང་ཡང་ན་ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་གི་ཡོད་སྐོར་བརྗོད་འདུག མ་ཚད་ལོ་ན་ ༡༥ ཙམ་ནས་བཟུང་སྟེ་བུད་མེད་བཞི་ཆ་ ༡ ཙམ་ལ་སོ་སོའི་ཁྱོ་ག་ལས་སེམས་ཁམས་ལ་གནོད་འཚེ་ཕོག་གི་ཡོད་སྐོར་གསལ་འདུག
སྔོན་གྱི་ཁྱོ་ག་དང་ཡང་ན་ད་ལྟའི་ཁྱོ་ག་གང་རུང་གིས་ཉིན་ ༡༠ རེའི་ནང་བུད་མེད་རེ་གསོད་ཀྱི་ཡོད།Assistant Minister for Social Services and Prevention of Family Violence, Justine Elliot
སྤྱི་ཚོགས་ཞབས་ཞུ་དང་ཁྱིམ་ཚང་གི་དྲག་སྤྱོད་སྔོན་འགོག་གི་བློན་ཆེན་ཨེ་ལོ་ཊི་ Elliot མཆོག་གིས་"དྲག་སྤྱོད་དང་ཁྱིམ་ཚང་གི་རྩུབ་སྤྱོད་ཉུང་དུ་གཏོང་བའི་ཐབས་ལམ་གཅིག་རང་མཐོང་ཐུབ་པ་ནི་རྒྱལ་ཡོངས་སུ་ཕོ་མོ་དབར་འདྲ་མཉམ་མིན་པའི་གནས་སྟངས་དང་། དབྱེ་འབྱེད། འགལ་རྐྱེན་སྐོར་དོ་སྣང་ཤུགས་ཆེར་གནང་དགོས་པ་དེ་རེད་"ཅེས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་།
ལོ་ན་གཞོན་པ་ཚོའི་ཀུན་སྤྱོད་དེ་མི་དར་མ་དང་། ལྟ་སྐྱོང་བྱེད་མཁན། ཉེ་འཁོར་གྱི་མི་ཚོས་ལས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ལས་འགུལ་གཙོ་བོར་ལོ་ན་ ༡༠ ནས་ ༡༧ བར་གྱི་ན་གཞོན་ཚོའི་ཕ་མ་དང་ནང་མི་རྣམས་ལ་དམིགས་འབེན་བཟུང་དགོས་ཀྱི་ཡོད་པ་དང་། ཁོང་ཚོ་ལས་ན་གཞོན་དང་ཕྲུ་གུ་ཚོར་ཀུན་སྤྱོད་ལ་འགྱུར་བ་དང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དྲག་སྤྱོད་འབྱུང་རྐྱེན་གྱི་གོ་རིམ་ངོས་བཟུང་བ།
ཕ་མའི་སྐོར་ཆེད་མཁས་པ་དང་ཕྲུ་གུར་སློབ་གསོ་སྐོར་གྱི་རྩོམ་པ་པོ་ཌོ་ཊར་རོ་སི་ཎ་Dr Rosina McAlpine ལགས་ཀྱིས་"དྲག་སྤྱོད་ནི་ལམ་སང་འགོ་འཛུགས་ཀྱི་མེད་པར་དེ་ནི་རིམ་བཞིན་དྲག་སྤྱོད་ལ་འགྱུར་གྱི་ཡོད་པ་རེད་"ཅེས་གསུངས་འདུག
ཌོ་ཊར་རོ་སི་ཎ་ Dr Rosina McAlpine ཁོ་མོ་རང་ཉིད་ཀྱི་ཉམས་མྱོངས་ལས་ཁྱིམ་ཚང་ཞིག་གི་ནང་དྲག་སྤྱོད་ནི་ཁོ་མོའི་སྤོ་སྤོ་དང་། དེ་ནས་ཁོ་མོའི་པཱ་ལགས་སོགས་ལས་མར་བརྒྱུད་ནས་ཡོང་བ་ཞིག་ཡིན་སྐོར་བརྗོད་འདུག དེ་ཡང་ཁོ་མོས་ངའི་པཱ་ལགས་ཀྱི་དུས་རབས་དེར་སྒྲིག་ལམ་བཟོ་ཆེད་ཕྲུ་གུར་ཉེས་རྡུང་གཏོང་བ་ནི་ཕྲུ་གུ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་སྐོར་འདོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་སྔོན་གྱི་མི་རབས་ནང་ཕྲུ་གུར་སྒྲིག་བཙུགས་བཟོ་བ་དང་ཉེས་རྡུང་གཏོང་བ་ནི་ཕྲུ་གུ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པར་འདོད་ཀྱི་ཡོད། Credit: FluxFactory/Getty Images
ཁོར་ཡུག་ནང་མི་མང་པོ་ཞིག་གིས་རྒྱུན་ལྡན་མ་ཡིན་པའི་ལག་ལེན་མང་པོ་ཞིག་བསྟར་གྱི་ཡོད་པ་ཁྱེད་ཀྱིས་ཤེས་རྟོགས་ཐུབ་ཀྱི་རེད། ཕྲུ་གུ་ཞིག་ལ་མཚོན་ན་ནང་མིའི་འཚོ་བ་གང་འདྲ་ཡིན་མིན་དང་། གང་ཞིག་དང་ལེན་བྱེད་དགོས་པ་དང་གང་ཞིག་དང་ལེན་བྱེད་མི་དགོས་པ། གང་ཞིག་ལམ་ཁ་འགྲིག་པ་དང་གང་ཞིག་ལམ་ཁ་ནོར་བ་ཡིན་པ་བཅས་ཀྱི་སྐོར་ལྟ་གྲུབ་སྦྱོང་བརྡར་སྤྱོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། " དཔེར་ན་ཌོ་ཊར་རོ་སི་ཎ་ Dr Rosina McAlpine ཡི་པཱ་ལགས་ལྟ་བུར་དེ་ཚོ་ལས་དྲག་སྤྱོད་ཀྱི་ཤུགས་རྐྱེན་ཐེབས་ནས་ཁོང་ཚོའི་བྱེད་སྟངས་དེ་ནི་འགྲིག་པ་ཞིག་དང་ཕྲུ་གུ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་ཡིད་ཆེས་ཀྱིས་དཀའ་ངལ་བསྐྱར་དུ་འབྱུང་གི་ཡོད་པ་རེད།" དེར་བརྟེན་དཀའ་ངལ་དེ་མུ་མཐུད་གནས་ཀྱི་ཡོད་པ་དང་ཁོང་ཚོས་ཐབས་ལམ་གཞན་པ་ཞིག་ཤེས་ཀྱི་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་འདུག
ང་རང་ཆུང་ཆུང་སྐབས་ང་ཡང་ངའི་པཱ་ལགས་ལྟར་ཕྲུ་གུར་ཉེས་རྡུང་གཏོང་མཁན་ཞིག་ཆགས་སྲིད་པའི་སེམས་ཁྲལ་བྱེད་མྱོངས་ཡོད། ངས་ལོ་ངོ་མང་པོའི་རིང་ལ་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་སྐོར་ཞིབ་འཇུག་དང་རྒྱུས་ལོན་བྱས་པ་ཡིན། ང་ནི་ངའི་ཁྱིམ་ཚང་དང་མཉམ་དུ་དྲག་སྤྱོད་ཉམས་སུ་མྱོངས་མཁན་ཞིག་ཡིན།Dr Rosina McAlpine, Parenting expert and author of 'Inspired Children'.
ཁག་དཀྲི་མེད་པ་བཟོ་དགོས།
ཕྲུ་གུ་བུ་མོ་ལ་གུས་ཞབས་མེད་པ་དང་བཙན་དབང་གི་སྤྱོད་ལམ་བསྟན་པའི་གནས་ཚུལ་ཁག་ལ་ཁ་གཡར་ས་འཚོལ་གྱི་ཡོད་པ་དང་། དྲ་ཚིགས་ ཐོག་དེའི་སྐོར་ཞིབ་ཕྲ་འགྲེལ་བརྗོད་བྱས་ཡོད།
བུ་ཞིག་གིས་བུ་མོར་རྙེད་བརྐོས་ཚེ་དེ་ནི་བུ་ཚོས་རྒྱུན་དུ་ནས་དེ་འདྲ་བྱེད་ཀྱི་རེད་ཟེར་བ་དང་། བུ་མོ་ཚོས་ཀྱང་བུ་ཚོས་ག་རེ་བྱེད་པ་དེ་གོམས་པ་བྱེད་དགོས་བསམས་པའི་གནས་ཚུལ་དེ་ཚོའི་རིགས་ང་ཚོས་ངེས་པར་དུ་ཁ་གཡར་ས་དེ་ཚོ་མེད་པ་བཟོ་དགོས་པ་དང་། ཕྲུ་གུ་ཚོར་གུས་ཞབས་ལྡན་པའི་ཀུན་སྤྱོད་ག་རེ་ཡིན་མིན་སྐོར་སློབ་སྦྱོང་སྤྲོད་དགོས་པ་རེད་ཅེས་གསུངས་འདུག

ཕ་མ་དང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་ཚོར་ཕྲུ་གུར་གུས་ཞབས་སྐོར་སློབ་སྦྱོང་སྤྲོད་དགོས་པའི་འགན་འཁུར་ཆགས་ཡོད། Credit: MoMo Productions/Getty Images
ལྕམ་ཨེ་ལོ་ཊི་ Elliot ལགས་ཀྱིས་ཕོ་མོ་འདྲ་མཉམ་དང་གུས་ཞབས་ལྡན་པའི་འབྲེལ་ལམ་སྐོར་འབད་བརྩོན་དང་ཁ་གསང་པོ་སྒོ་ནས་བགྲོ་གླེང་བྱེད་དགོས་པའི་སྐུལ་འདེད་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། དེའི་སྐོར་བགྲོ་གླེང་འགོ་འཛུགས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
ཕྲུ་གུར་གུས་ཞབས་མེད་པ་དང་སྤྱོད་ལམ་རྩུབ་པོ་སྐོར་སྐད་ཆ་བྱེད་རྒྱུ་ལས་སླ་མོ་ཞིག་རྩ་བ་ནས་མིན་ཡང་། ཕ་མ་དང་ཕྲུ་གུ་ལྟ་སྐྱོང་བྱེད་མཁན་ཚོས་དེ་སྐོར་སྐད་ཆ་དང་རྒྱུན་ལྡན་ནས་སློབ་གསོ་རྒྱག་དགོས་ཀྱི་ཡོད་པ་རེད།
ཕྲུ་གུར་གུས་ཞབས་སྐོར་སློབ་སྦྱོང་སྤྲོད་རྒྱུར་རྩ་བ་ནས་ཆུང་དྲག་མེད་ལ་རྩ་བ་ནས་ཕྱིས་དྲག་མེད།Dr Rosina McAlpine
འདི་ནས་ ཞེས་པ་ནས་ཕྲུ་གུར་རྒྱུན་དུ་ལན་འདེབས་དང་སྐད་ཆ་ཤོད་སྟངས་སྐོར་གྱི་རྒྱུན་ཤེས་མཁོ་འདོན་བྱས་ཡོད།
དགེ་རྒན་དང་ཕ་མ་ཞིག་ཡིན་པའི་ངོས་ནས་གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ནའང་ཕྲུ་གུའི་སྤྱོད་ངན་བཀག་འགོག་དང་སློབ་གསོ་རྒྱག་དགོས་པ་ལས་ཁ་གཡར་ས་གཏན་ནས་བཟོ་མི་རུང་བ་དང་། གུས་ཞབས་ལྡན་པའི་སྤྱོད་ལམ་ཟེར་བ་དེ་ག་རེ་ཡིན་མིན་སྐོར་ལ་ཁ་བརྡ་བྱེད་དགོས་པ་ཡིན།Dr Rosina McAlpine
ཌོ་ཊར་རོ་སི་ཎ་ Dr Rosina McAlpine ལགས་ཀྱིས་གལ་སྲིད་ཕྲུ་གུ་སྤུན་མཆེད་གཉིས་འཁྲུག་པ་རྒྱག་གིན་ཡོད་ན། ཁོང་ཚོར་ཁ་གཡར་ས་འཚོལ་བཅུག་རྒྱུ་མེད་པར་དེ་ལས་ལྡོག་ཏེ་ཁོང་ཚོར་སྤྱོད་ལམ་འགྲིག་པ་དེ་ག་རེ་ཡིན་མིན་དང་། གུས་ཞབས་ཟེར་བ་དེ་ག་རེ་ཡིན་མིན། གལ་སྲིད་ཁོང་ཁྱེད་རང་་ཡིན་ན་སེམས་ལ་ག་རེ་ཚོར་ས་རེད་ཅེས་སྐད་ཆ་འདྲི་དགོས་པ་རེད་ཅེས་གསུངས་འདུག
དེར་བརྟེན་ང་ཚོས་ཕྲུ་གུ་ཚོར་གུས་ཞབས་ལྡན་པའི་ཀུན་སྤྱོད་སྐོར་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་ཡང་དྲག་སྤྱོད་ཀྱི་འབྱུང་རྐྱེན་ངོས་འཛིན་དང་། ཐོག་མ་ཉིད་ནས་ང་ཚོས་བཀག་འགོག་བྱེད་ཐུབ་ཀྱི་ཡོད་པས་དེས་བཟང་ཕྱོགས་དཔེ་མཚོན་ཞིག་ཆགས་པ་བྱེད་དགོས།
རྒྱབ་སྐྱོར་དང་ཞབས་ཞུ།
གལ་སྲིད་ཁྱེད་རང་གིས་སུ་ཞིག་ལ་དྲག་སྤྱོད་དང་ཆགས་སྤྱོད་ཀྱི་གནོད་འཚེ་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཚེ་གཤམ་གྱི་ཁ་པར་ཨང་གྲངས་དེ་དག་ཐོག་ནས་འབྲེལ་གཏུགས་བྱེད་དགོས། call 1800RESPECT on 1800 737 732 or visit
In an emergency, call 000