འདི་ལོར་སིཌ་ནི་དང་ཨོ་སི་ཊོ་ལི་ཡ་ཁྱོན་དུ་ལོ་གསར་སྲུང་བརྩི་མ་འདྲ་བ་ཞུ་རྒྱུ་དང་སྐབས་དེར་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་སྐོར།

ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་སིཌ་ནི་བྱང་ཕྱོགས་མཚོ་མཐའ་ཁུལ་དུ་ཏོག་དབྱིབས་ན་ཚ་སླར་ཡང་འཕར་བའི་རྐྱེན་གྱིས། འདི་ལོར་ལོ་གསར་སྐབས་ཨོ་སི་ཊོ་ལི་ཡ་ཁྱོན་དུ་དམ་བསྒྲགས་ཐད་གནས་ཚུལ་ཁག་ཅིག་འགྲེལ་བརྗོད་བྱས་ཡོད།

The midnight fireworks seen from Mrs Macquarie's Chair during New Year's Eve celebrations in Sydney, 31 December, 2019.

The midnight fireworks seen from Mrs Macquarie's Chair during New Year's Eve celebrations in Sydney, 31 December, 2019. Source: AAP

ཏོག་དབྱིབས་ན་ཚའི་རྐྱེན་པས་དམ་བསྒྲགས་འོག་ཨོ་སི་ཊོ་ལི་ཡའི་མི་རྣམས་ཕྱི་ལོ་ ༢༠༢༡ ལོའི་ལོ་གསར་དེ་བཞིན་རྒྱུན་ལྡན་ལྟར་རོལ་ཐུབ་ཀྱི་མེད་པ་རེད། ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་སླར་ཡང་ཡར་འཕར་ཡོད་པའི་རྐྱེན་གྱིས་འགོ་ཁྲིད་ཚོས་གལ་སྲིད་སུ་ཞིག་ཏོག་དབྱིབས་ན་ཚའི་ནད་རྟགས་ལྟར་བུར་ཐོན་ཚེ། ཐག་ཉེ་ཤོས་ཀྱི་སྨན་ཁང་ལ་འགྲོ་ནས་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པའི་སྐུལ་འདེད་གནང་ཡོད།

ལོ་གསར་ཚུན་པའི་གུང་སེང་སྐབས་སྨན་ཁང་ཁག་སྒོ་ཕྱེས་ཡོད་པ་དང་། ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་སྨན་ཁང་ཁག་ ༣༥༠ ཡོད་ཅིང་མང་ཆེ་བ་བདུན་ཕྲག་གཅིག་ནང་ཉིན་བདུན་རིང་སྒོ་ཕྱེ་བཞིན་ཡོད་པ་རེད། ཁྱེད་རང་དང་ཐག་ཉེ་ཤོས་ཀྱི་སྨན་ཁང་འཚོལ་ས་དྲ་ཚིགས་  དང་ཡང་ན་ཁྱེད་རང་གི་རྒྱུན་བསྟེན་སྨན་པར་བཀའ་འདྲི་ཞུ་དགོས།

འདིར་ཨོ་སི་ཊོ་ལི་ཡ་ཁྱོན་དུ་ལོ་གསར་སྐབས་སྤྱི་ཚོགས་རྒྱང་བཀྱེད་ཐེ་བའི་ཁྱེད་རང་གིས་བྱེད་ཆོག་པ་ག་རེ་ཡོད་མེད་དང་མི་ཆོག་པ་ག་རེ་ཡོད་མེད་སྐོར་བསྟན་ཡོད། 

བྱང་ཕྱོགས་མཚོ་མཐའ་ཁུལ། Northern Beaches

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་ཏོག་དབྱིབས་ན་ཚ་སླར་ཡང་འཕར་ས་བྱང་ཕྱོགས་མཚོ་མཐའ་ཁུལ་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད། བྱང་ཁུལ་དང་བྱང་ཁུལ་མཚོ་མཐའ་ཁུལ་གྱི་མི་རྣམས་ཉུང་མཐའ་ཕྱི་ཟླ་ ༡ ཚེས་ ༩ བར་མཐུ་མཐུད་ནང་ལ་སྡོད་དགོས་པའི་དམ་བསྒྲགས་བྱས་ཡོད། འོན་ཀྱང་ལོ་གསར་སྲུང་བརྩི་བྱེད་ཆོག་གི་ཡོད་པས་མ་ཚད་ས་གནས་གཅིག་ལ་སྡོད་མཁན་ཡིན་ན་ཕྲུ་གུ་ཐེ་བའི་མི་གྲངས་ ༥ མཉམ་དུ་ལོ་གསར་གཏོང་ཆོག་གི་ཡོད་པ་རེད། 

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུའི་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡ རེས་གཟའ་པ་སངས་ཉིན་བར་གལ་སྲིད་ཁྱེད་རང་བྱང་ཁུལ་མཚོ་མཐའ་ཁུལ་དུ་གནས་སྡོད་བྱེད་མཁན་ཡིན་ཚེ། གཤམ་གསལ་གྱི་དམ་བསྒྲགས་ཐད་སྙན་ཞུ་འབུལ་དགོས་པ་ཡིན། 

ས་གནས་དེ་ག་ནས་བྱིས་པ་ཐེ་བའི་མགྲོན་པོ་མི་གྲངས་ ༥ ནང་ལ་ཡོང་གི་ཡོད་པ། ས་གནས་དེ་ག་རུ་བྱིས་པ་ཐེ་བའི་མི་གྲངས་ ༥ མཉམ་དུ་འདུ་འཛོམས་བྱེད་ཀྱི་ཡོད་པ། གཤམ་གསལ་དྲ་ཐག་དེའི་ཐོག་ནས་བརྡ་ལམ་སྙན་ཞུ་འབུལ་དགོས་པ་ཡིན།  

— NSW Health (@NSWHealth)
བྱང་ཁུལ་མཚོ་མཐའ་ Northern Beaches ནང་གསེས་ལྷོ་ངོས་ Southern zone སུ་ས་གནས་གཅིག་པ་ཡིན་པ་བྱིས་པ་ཐེ་བའི་ཁྱོན་མི་གྲངས་ ༥ ནང་ལ་འདུ་འཛོམས་ཆོག་གི་ཡོད། འོན་ཀྱང་ས་གནས་གཞན་ Greater Sydney ནས་ཡིན་པ་མཉམ་འཛོམས་བྱེད་ཆོག་གི་མེད་པ་རེད། 

བྱང་ཁུལ་མཚོ་མཐའི་ས་གནས་ཁག་གཉིས་ཀ་ནས་ཆང་ཁང་དང་། ཟ་ཁང་སོགས་མུ་མཐུད་སྒོ་ཕྱེ་རྒྱུ་ཡིན་ཡང་བཟའ་གཏུང་རིགས་འཁྱེར་ནས་འགྲོ་དགོས་ཀྱི་ཡོད་པ་རེད། 

གྷེར་ཊར་ Greater Sydney

ནེའུ་སོ་ཐི་ཝལ་ NSW མངའ་སྡེ་གཞུང་གིས་འདི་ལོའི་ལོ་གསར་ཤོག་སྦག་སྤར་སྐབས་མི་རྣམས་ནང་ལ་སྡོད་དགོས་པ་དང་། བརྙན་འཕྲིན་བརྒྱུད་མཚན་གུང་དུ་དུས་ཡུན་སྐར་མ་ ༧ རིང་ཤོག་སྦག་སྤར་བའི་ལྟད་མོ་ཐད་གཏོང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

སིཌ་ནི་ཁུལ་དུ་ཉེན་རྟོག་པས་བལྟ་སྲུང་འོག་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུ་མ་ཟད། དེ་སྔོན་འདུ་འཛོམས་ཀྱི་ཚད་བཀག་མི་གྲངས་ ༡༠༠ ནས་ད་ཆ་མི་གྲངས་ ༥༠ ལ་མར་བཅག་ཡོད་འདུག 

ནང་ལ་བྱིས་པ་ཐེ་བའི་གཞན་མགྲོན་པོ་མི་གྲངས་ ༥ འགྲོ་འོངས་བྱེད་ཆོག་གི་ཡོད།
རེས་གཟའ་ཟླ་བ་ཉིན་བཟོས་པའི་ལོ་གསར་གྱི་ཤོག་སྦག་སྤར་བའི་བྱེད་སྒོ་སྐབས་ཏོག་དབྱིབས་སྔོན་འགོག་མདུན་བསྐྱོད་མི་སྣའི་འཆར་གཞི་དེ་ཕྱིར་འཐེན་བྱས་ཡོད་ཅིང་། ནེའུ་སོ་ཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་  Berejiklian ལགས་ཀྱིས་འདུ་འཛོམས་དེ་ནི་སི་ཌི་ནིང་དང་ས་གནས་ནས་ཡོང་བའི་མི་རྣམས་ཀྱི་འཕྲོད་བསྟེན་བདེ་འཇགས་ཐད་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག

 ཝི་ཊོ་རི་ཡ། Victoria

འདི་ལོར་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ནང་ཝི་ཊོ་རི་ཡ་ནི་ཁྱིམ་སྡོད་བཀའ་རྒྱ་འོག་དུས་ཡུན་རིང་ཤོས་དང་དཀའ་ངལ་ཆེ་ཤོས་མྱངས་མཁན་དེ་ཡིན་ཡང་། བར་སྐབས་ནས་དུས་ཡུན་ཉིན་གྲངས་ ༦༠ རིང་ཏོག་དབྱིབས་ནད་པ་གསར་པ་ཐོན་མེད་སྟབས་ལོ་གསར་ལྷོད་ལྷོད་བྱེད་ནས་གཏོང་ཆོག་གི་ཡོད་པ་རེད། 

ལོ་གསར་སྐབས་ཁྱིམ་ཚང་ནང་ཁྱོན་མི་གྲངས་ ༣༠ འདུ་འཛོམས་བྱེད་ཆོག་གི་ཡོད་པས་མ་ཚད། ཁང་པའི་ཕྱི་རོལ་དུ་ཁྱོན་མི་གྲངས་ ༡༠༠ མན་མཉམ་དུ་འདུ་འཛོམས་བྱེད་ནས་ལོ་གསར་གཏོང་ཆོག་གི་ཡོད་པ་རེད། 

ཆང་ཁང་དང་། ཟ་ཁང་། དེ་བཞིན་མཚན་ཚོགས་ཁང་བཅས་མུ་མཐུད་སྒོ་ཕྱེ་ཆོག་གི་ཡོད། འོན་ཀྱང་ནང་ལ་འོངས་མཁན་མི་གྲངས་ཚད་གཞི་བཟོས་ཡོད། 

མེལ་བྷོན་ནང་རྒྱུན་དུ་ལོ་གསར་སྐབས་ཡཱ་རཱ་གཙང་པོ་ Yarra River ཐོག་ཤོག་སྦག་སྤར་བའི་བྱེད་སྒོ་དེ་འདི་ལོར་མེད་པ་བཟོས་ནས། མངའ་སྡེ་གཞུང་གིས་མི་རྣམས་རྫོང་གི་ཚོང་ཚོགས་ལྟེ་གནས་ CBD  ནས་བར་ཐག་རིང་ཙམ་སྡོད་དགོས་པའི་འབོད་སྐུལ་དང་། གྲོང་ཁྱེར་ནང་ཁོ་ནར་མཛད་སྒོ་ཐོ་འགོད་བྱེད་ཆོག་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
New Year's Eve fireworks over the Yarra river and Melbourne at midnight, Wednesday, Jan. 1, 2014. (AAP Image/David Crosling) NO ARCHIVING
آتش‌بازی شب سال نو بر فراز دریای یارا در ملبورن Source: AAP
ཁུན་སི་ལན་ཌི། Queensland

ཁུན་སི་ལན་ཌི་ཡང་མངའ་སྡེ་གཞན་ལྟར་དུས་ཡུན་རིང་པོར་ཏོག་དབྱིབས་ན་ཚ་འགོས་མཁན་གསར་པ་བྱུང་མེད་སྟབས། ལོ་གསར་སྐབས་ཁྱིམ་ཚང་ནང་མི་ཐེ་བའི་ཁྱོན་མི་གྲངས་ ༥༠ མན་འདུ་འཛོམས་ཆོག་གི་ཡོད་པས་མ་ཚད། ཁང་པའི་ཕྱི་རོལ་ཏུ་མི་གྲངས་ ༡༠༠ མན་མཉམ་འཛོམས་ཆོག་གི་ཡོད་པ་རེད། 

ལྷོ་ཕྱོགས་མངའ་སྡེ། South Australia

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཁྱིམ་ཚང་ནང་ཁྱོན་མི་གྲངས་ ༥༠ མན་འདུ་འཛོམས་ཆོག་གི་ཡོད་པ་དང་། ས་ཁྱོན་རྨིད་གྲུ་བཞི་མ་ ༢ ནང་ཁྱོན་གཅིག་ལས་མང་བ་མཉམ་སྡོད་ཆོག་གི་མེད་པ་རེད།

དེ་བཞིན་སྒེར་གྱི་བྱེད་སྒོ་དེ་འདྲ་མི་གྲངས་ ༢༠༠ མན་འདུ་འཛོམས་ཆོག་གི་ཡོད་ཀྱང་། སྡོད་ས་བར་སྟོང་རྨིད་གྲུ་བཞི་མ་གོང་གསལ་ལྟར་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད། 

ནུབ་ཕྱོགས་མངའ་སྡེ། Western Australia        

ནུབ་ཕྱོགས་མངའ་སྡེའི་ནང་མི་གྲངས་མང་ཤོས་འདུ་འཛོམས་ཀྱི་ཚད་བཀག་བཟོས་མེད་རུང་། མི་རེའི་སྡོད་ས་བར་སྟོང་ས་ཁྱོན་རྨིད་གྲུ་བཞི་མ་ ༢ རེ་དགོས་ཀྱི་ཡོད་པ་རེད། 

ཏཱ་སི་མ་ནིང་ཡ Tasmania

ཏཱ་ས་མ་ནི་ཡ་མངའ་སྡེའི་ནང་རྨིད་གྲུ་བཞི་མ་གཉིས་རེ་དགོས་ཀྱི་ཡོད་པའི་སྒྲིག་གཞི་གཅིག་མཚུངས་ཡིན་ཡང་། བཅད་བགོས་བྱས་མེད་པའི་ཁང་པའི་ནང་མི་གྲངས་མང་ཤོས་ ༢༥༠ ལས་མང་བ་འདུ་འཛོམས་ཆོག་གི་མེད་པ་རེད། 

ཁང་པའི་ཕྱི་རོལ་ཏུ་མི་གྲངས་ ༡༠༠༠ མན་མཉམ་དུ་འདུ་འཛོམས་ཆོག་གི་ཡོད་པ་རེད། 

བྱང་ཁུལ་མངའ་སྡེ་དང་རྒྱལ་ས་མངའ་ཁུལ། Northern Territory and ACT  

བྱང་ཁུལ་མངའ་སྡེའི་ནང་ཁང་པའི་ནང་དང་ཕྱི་རོལ་ཏུ་མི་གྲངས་ག་ཚོད་འདུ་འཛོམས་ཆོག་གི་ཡོད་མེད་གསལ་མེད་ཀྱང་། རྒྱུན་དུ་མི་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་ཀྱི་ཡོད་པ་རེད། 

རྒྱལ་ས་མངའ་ཁུལ་དུ་ཁྱིམ་ཚང་ནང་མི་གྲངས་ག་ཚོད་ཡོང་ཆོག་གི་ཡོད་མེད་ཀྱི་དམ་བསྒྲགས་མེད་པ་དང་། རྒྱལ་ས་ཁེམ་བྷེ་ར་ནང་ཕྱི་རོལ་ཏུ་འདུ་འཛོམས་ཚད་གཞི་མི་གྲངས་ ༥༠༠ མན་དང་། མི་གཞན་དང་བར་སྟོང་རྨིད་གྲུ་བཞི་མ་ ༢ བཞག་དགོས་པའི་སྒྲིག་གཞི་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་རྣམས་ངེས་པར་དུ་མི་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་པ་དང་། ཁྱེད་རང་གི་ས་གནས་སུ་དམ་བསྒྲགས་དང་འདུ་འཛོམས་ཚད་བཀག་སྐོར་རྒྱུན་དུ་ཞིབ་འཇུག་བྱེད་དགོས། གལ་སྲིད་ཁྱེད་རང་ཆམ་པ་དང་རིམས་ཆམ་གྱི་ནད་རྟགས་ཐོན་ཚེ་ནང་ལ་བསྡད་ནས་ཁྱེད་རང་གི་སྨན་པར་ཁ་པར་གཏོང་བའམ་ཡང་ན་ཛ་དྲག་ཏོག་དབྱིབས་འཕྲོད་བསྟེན་འབྲེལ་གཏུགས་ཁ་པར་ཨང་གྲངས་ 1800 020 080 ཐོག་འབྲེལ་བ་གནང་དགོས།

SBS གསར་ཁང་གི་གསར་འགྱུར་དང་ཏོག་དབྱིབས་ནད་དུག་སྐོར་སྐད་ཡིག་ཁག་ ༦༣ ནང་ཡོད་ཅིང་བོད་ཡིག་ཐོག་དྲ་ཚིགས་འདི་ནས་གཟིགས་ 


Share
Published 30 December 2020 12:27pm
Updated 30 December 2020 2:35pm
By Jarni Blakkarly
Presented by Sangyal Dorjee


Share this with family and friends