ཨོ་སི་ཊོ་ལི་ཡའི་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར། མཉམ་ཞུགས་དང་བློ་སྟོབས་ཆེར་བསྐྱེད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་འདི་བཞིན་(ཕྱི་ཟླ་ ༥ ཚེས་ ༢༧ ནས་ཕྱི་ཟླ་ ༦ ཚེས་ ༣ བར་)དུས་ཡུན་གཟའ་འཁོར་གཅིག་གི་རིང་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། བྱེད་སྒོ་འདིའི་ཐོག་ནས་ཨོ་སི་ཊོ་ལི་ཡའི་མི་ཚང་མས་ཨོ་སི་ཊོ་ལི་ཡའི་གདོད་མིའི་མི་རིགས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་དང་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་དེ་ཡིན།

National apology celebrations

Source: Kristian Dowling/Getty Images

གཙོ་དོན་ཁག་ཅིག

  • ཕྱི་ལོ་ ༢༠༢༢ ལོའི་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་འདིའི་བརྗོད་གཞི་ནི་"བློ་སྟོབས་ཆེར་བསྐྱེད་དང་འགྱུར་བ་གཏོང་"ཞེས་པ་དེ་ཡིན།
  • ཨོ་སི་ཊོ་ལི་ཡའི་འདུམ་སྒྲིག་དང་གདོད་མ་མི་རིགས་ཚོགས་སྡེའི་མཉམ་འབྲེལ་བདེ་དོན་ལྷན་ཁང་ FECCA བཅས་ནས་གཞིས་སྤོའི་ཚོགས་སྡེ་ཁག་བྱེད་སྒོ་འདིར་མཉམ་ཞུགས་ཡོང་བའི་འབོད་སྐུལ་བྱས་པ།
  • ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ས་གནས་གང་སར་བྱེད་སྒོ་སྤེལ་ས་འཚོལ་ཐུབ་རྒྱུ་མ་ཟད་དྲ་ཐོག་ལོ་ཐོ་ཐོག་ནས་ཀྱང་རྒྱལ་ཡོངས་འདུམ་སྒྲིག་གཟའ་འཁོར་གྱི་བྱེད་སྒོ་སྐོར་གཟིགས་ཐུབ།

ང་ཚོས་ཅིའི་ཕྱིར་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་སྲུང་བརྩི་བྱེད་དགོས་ཀྱི་ཡོད་དམ།

རྒྱལ་ཡོངས་འདུན་སྒྲིག་གི་གཟའ་འཁོར་ནི་ཕྱི་ལོ་ ༡༩༦༧ ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ལ་ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་ནས་ཁོང་ཚོ་མི་འབོར་ཞིབ་བཤེར་ནང་བཅུག་པས་མ་ཚད། ཁོང་ཚོར་འོས་ཤོག་འཕང་ཆོག་པའི་ཐག་གཅོད་བྱས་པའི་ཉིན་མོ་དེ་དྲན་གསོ་བྱེད་བཞིན་པ་ཞིག་ཡིན། 

མ་ཚད་ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༦ ཚེས་ ༣ ཉིན་ཨོ་སི་ཊོ་ལི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ནི་སྲོལ་རྒྱུན་ལུགས་ཀྱི་ས་ཆ་འདིའི་བདག་པོ་ཡིན་པའི་ཐག་གཅོད་བྱས་པའི་ཉིན་མོ་དེ་དྲན་གསོ་བྱེད་བཞིན་པ་ཞིག་ཀྱང་ཆགས་ཡོད། ཚེས་གྲངས་དེ་དག་ནི་འདུམ་སྒྲིག་གི་གོམ་པ་མདུན་བསྐྱོད་བྱེད་པའི་གནད་དོན་གལ་ཆེན་ཁག་ཆགས་ཡོད།

འདི་ལོའི་བརྗོད་གཞི་ག་རེ་ཡིན་ནམ།

ཕྱི་ལོ་ ༢༠༢༢ ལོའི་རྒྱལ་ཡོངས་འདུམ་སྒྲིག་གི་བདུན་ཕྲག་འདིའི་བརྗོད་གཞི་ནི་"བློ་སྟོབས་ཆེར་བསྐྱེད་དང་འགྱུར་བ་གཏོང་" ཞེས་པ་དེ་ཡིན།

"བློ་སྟོབས་ཆེར་བསྐྱེད་དང་འགྱུར་བ་གཏོང་" ཞེས་པ་དེ་ཨོ་སི་ཊོ་ལི་ཡའི་མི་ཚང་མས་རྫོགས་ཚིག་བཀོད་མེད་པའི་འདུམ་སྒྲིག་གི་གནད་དོན་ཐད་ལ་གདོང་ལེན་གྱིས་འགྱུར་བ་ཞིག་བཏང་ཚེ་དེས་རྒྱལ་ཁབ་ནང་མི་ཚང་མ་ལ་ཁེ་ཕན་ཐོབ་ཀྱི་ཡོད།
NRW logo
Source: Reconciliation Australia

 ནིའུ་སའོ་ཐི་ཝལ་མངའ་སྡེའི་བྱང་ཁུལ་གྱི་ཨོ་སི་ཊོ་ཡ་འདུན་སྒྲིག་གི་རྒྱུན་ལས་འགན་འཛིན་དང་ཨ་བྷོ་རི་ཇི་ནལ་མི་རིགས་ཀྱི་ནང་གསེས་ Bundjalung གི་བུད་མེད་ཡིན་པ་ལྕམ་ཀཱ་རན་མུན་ཌེན་ Karen Mundine ལགས་ཀྱིས་འདུམ་སྒྲིག་འདི་ནི་ཨོ་སི་ཊོ་ལི་ཡའི་མི་མང་ཚང་མ་ལ་འགན་འཁུར་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག  

ཁོ་མོས། རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་ NRW འདི་ནི་ང་ཚོ་ཚང་མ་ལ་ཕན་ཚུན་མཛའ་མཐུན་སྐོར་བསམ་བློ་གཏོང་བའི་གོ་སྐབས་ཞིག་ཡིན་པ་དང་། ཕན་ཚུན་ཁ་བརྡ་དང་སྐུལ་འདེད་བཅས་ཀྱི་ཆེད། ང་ཚོའི་ཚོགས་སྡེ་ཚང་མས་བྱེད་སྒོ་འདིའི་ནང་མཉམ་ཞུགས་དང་ཆ་ཤས་བླངས་དགོས་ཀྱི་ཡོད་པ་རེད་ཅེས་ཁོ་མོ་ SBS རླུང་འཕྲིན་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

གཞིས་སྤོ་བ་རྣམས་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་མཉམ་ཞུགས་ཡོང་བའི་འབོད་སྐུལ།

མོ་ཧམ་མཱ་ཌི་ Mohammad Al-Khafaji ལགས་ནི་ས་སྐྱེས་རྡོ་སྐྱེས་ཚོགས་སྡེའི་བདེ་དོན་མཉམ་འབྲེལ་གྱི་རྒྱུན་ལས་འགན་འཛིན་ཞིག་རེད། ཁོང་གིས་གཞིས་སྤོ་བ་ཚང་མ་འདུམ་སྒྲིག་གི་བྱེད་སྒོ་ཁག་ལ་མཉམ་ཞུགས་དགོས་པའི་འབོད་སྐུལ་གནང་འདུག 

ཁོང་གིས། "ང་ཚོས་ཁོང་ཚོའི་ལོས་རྒྱུས་ཤེས་དགོས་པ་ནི་ལས་འགན་དང་འགན་ཁུར་ཡིན་པས་མ་ཚད། ཚོགས་སྡེ་འདི་ཚོ་གནས་སྟངས་གང་འདྲ་ཞིག་བརྒྱུད་ནས་ཡོང་ཡོད་མེད་ཤེས་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོ་ཡང་ཁོང་ཚོ་དང་གཅིག་མཚུངས་ཀྱི་མྱོངས་བ་ཡོད་པས་མ་ཚད་གཅིག་མཚུངས་ཀྱི་འགྱུར་བ་ཞིག་བརྒྱུད་ནས་ཡོང་ཡོད་པ་རེད་"ཅེས་གསུངས་འདུག

 ང་ཚོ་གཉིས་ཀ་མི་རིགས་རིང་ལུགས་ཀྱི་བཙན་གནོན་དང་དྲང་བདེན་མ་ཡིན་པའི་གནས་བབས་ཉམས་སུ་མྱོངས་ཡོད་པ་རེད། ང་ཚོ་གཉིས་ཀ་རྒྱལ་ཁབ་འདིའི་ནང་འདྲ་མཉམ་ལོངས་སུ་སྤྱོད་འདོད་ཡོད།

གཞིས་སྤོ་བ་ཚང་མས་རྒྱལ་ཡོངས་འདུམ་སྒྲིག་བདུན་ཕྲག་གི་གལ་གནད་སྐོར་མི་ཤེས་པ་མིན་ཡང་། མི་མང་པོ་ཞིག་གིས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་དང་། ཁོང་ཚོའི་རིག་གཞུང་དང་ལོ་རྒྱུས། ཡང་ན་ཁོང་ཚོའི་སྐོར་ལ་བཀའ་མོལ་གང་འདྲ་ཞིག་ནང་དགོས་མིན་ཤེས་ཀྱི་མེད།

མཉམ་ཞུགས་སྐུལ་འདེད་ཀྱི་ལམ་སྟོན།

ས་སྐྱེས་རྡོ་སྐྱེས་ཚོགས་སྡེའི་བདེ་དོན་མཉམ་འབྲེལ་ FECCA ནས་ཕྱི་ལོ་ ༢༠༢༢ ནང་རིག་གཞུང་སྣ་ཚོགས་ཀྱི་ཚོགས་སྡེ་རྣམས་ཀྱི་ཆེད་འདུམ་སྒྲིག་གི་བྱེད་སྒོར་མཉམ་ཞུགས་གནང་སྟངས་སྐོར་ཁ་བྱང་ལ་ Encouraging Engagement "མཉམ་ཞུགས་སྐུལ་འདེད་"ཞེས་པའི་ལམ་སྟོན་ཡིག་ཆ་ཞིག་གསར་བཟོ་བྱས་ཡོད།   

 ལྷན་ཚོགས་དེའི་འགན་འཛིན་མོ་ཧམ་མག་ཌི་  Mohammad Al-Khafaji ལགས་ཀྱིས་ཡིག་ཆ་དེའི་ནང་རྒྱལ་ཡོངས་འདུམ་སྒྲིག་གི་བདུན་ཕྲག་དང་དེ་མིན་གྱི་དུས་ཚོད་ནང་བཀའ་མོལ་སྐབས་སུ་གནད་འགག་སྐོར་ལམ་སྟོན་བྱས་ཡོད་སྐོར་བརྗོད་འདུག
དེ་ནི་འགྲིག་པ་དང་དེ་ནི་ནོར་བ་གང་ཡང་མིན་པར་དམིགས་དོན་དེ་གཙོ་གནད་ཆགས་ཡོད། འགྲོ་ལམ་བཟང་པོ་ཞིག་ལ་སླེབས་ཐབས་དང་མཉམ་ཞུགས་བྱེད་དགོས་ཤིང་། ཕན་ཚུན་དབར་གྱི་རིག་གཞུང་དང་ལོ་རྒྱུས་ལ་སློབ་སྦྱོང་དང་ང་ཚོ་གཞིས་སྤོ་བ་ཚོས་རྒྱལ་ཁབ་ཀྱི་མི་རིགས་དང་པོ་ཚོའི་འབོད་སྒྲ་གོང་མཐོར་གཏོང་དགོས་པ་ཡིན།
དེ་ཡང་ Encouraging Engagement "མཉམ་ཞུགས་སྐུལ་འདེད་" ཞེས་པའི་ཡིག་ཆ་དེའི་ནང་དོན་དང་ལྡན་པའི་བྱེད་སྒོ་ཁག་ཅིག་ངོ་སྤྲོད་བྱས་ཡོད། 

  • འདུམ་སྒྲིག་གི་བྱེད་སྒོ་འཆར་གཞི་བཟོ་བ།
  • རྒྱལ་ཡོངས་འདུམ་སྒྲིག་གི་བདུན་ཕྲག་ལ་མཉམ་ཞུགས།
  • རྒྱལ་ཡོངས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱི་ཉིན་མོ་སྲུང་བརྩི་ཚོགས་ཆུང་བཟོ་བ།
  • ས་གནས་སུ་ཡོད་པའི་གདོད་མའི་མི་རིགས་ལོ་ན་རྒན་པ་རྣམས་གདན་ཞུས་ཀྱིས་བྱེད་སྒོ་འཁྲབ་སྟོན་བྱེད་པ།
  • ཁོང་ཚོའི་རིག་གཞུང་དང་ལྡན་པའི་ལས་གནས་ཞིག་ལ་འབད་བརྩོན་བྱ་རྒྱུ། 
ས་སྐྱེས་རྡོ་སྐྱེས་ཚོགས་སྡེའི་བདེ་དོན་མཉམ་འབྲེལ་ FECCA ནས་འགྲེམས་སྤེལ་བྱས་པའི་ལམ་སྟོན་ཡིག་ཆ་དེ་་ཐུབ།
Joan Baker
Joan Baker watches Kevin Rudd deliver the National Apology to members of the Stolen Generations Source: Kristian Dowling/Getty Images

 ཉིན་ལྟ་བློ་སྟོབས་ཆེར་བསྐྱེད་བྱེད།

འདི་ལོའི་བརྗོད་གཞི་ནི་ Be Brave. Make Change (བློ་སྟོབས་ཆེར་བསྐྱེད་དང་འགྱུར་བ་གཏོང་) ཞེས་པ་དེ་ཡིན་པས་ཨོ་སི་ཊོ་ལི་ཡིའི་འདུམ་སྒྲིག་ནས་མི་ཚང་མས་ཉིན་རེའི་འཚོ་བའི་ཁྲོད་ནས་གནས་སྟངས་ཚར་མར་བློ་སྟོབས་ཆེན་པོས་གདོང་ལེན་བྱེད་དགོས་སྐོར་བརྗོད་ཡོད། 

རྒྱལ་ཡོངས་འདུམ་སྒྲིག་གཟའ་འཁོར་གྱི་ལས་འགུར་མཉམ་ཞུགས་དང་ཆ་ཤས་བླངས་བར་ལས་འགུལ་དེའི་སྐོར་  ཡི་དྲ་ཚིགས་ཐོག་པར་རིས་སྣ་ཚོགས་ཡོད་པས་མ་ཚད་གཞན་ཡང་ SBS གསར་ཁང་གིས་བྱེད་སྒོ་དེའི་སྐོར་གློག་བརྙན་དང་སྒྲ་ལྡན་གནས་ཚུལ་མང་པོ་ཞིག་སྤེལ་ཡོད་པས་དེ་དག་ཁྱེད་རང་གི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ཁག་ལ་བརྒྱུད་སྤེལ་བྱེད་ཆོག་

ཁྱེད་རང་གིས་འདི་ལོའི་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་སྐོར་གྱི་དུས་ཚེས་དང་བྱེད་སྒོ་སྒོ་ཁག་གི་ལོ་ཐོ་དྲ་ཐག་གཟིགས་ཐུབ། 

མ་ཚད་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་ཡོངས་འདུམ་སྒྲིག་གི་གཟའ་འཁོར་སྐོར་ཁྱེད་ཀྱི་གློག་ཀླད་ནང་ཕབ་ལེན་བྱེད་པར་གཉེན་ཆས་དང་དྲ་ཚིགས་དྲ་ཐག་གཟིགས།
NRW banner
Source: Reconciliation Australia/Tori-Jay Mordey/Carbon Creative


Share
Published 29 May 2022 1:57pm
Updated 29 May 2022 4:53pm
By Melissa Compagnoni


Share this with family and friends