ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སྐབས་སུ་ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཁང་མང་པོ་ཞིག་གསོན་གནས་ཆེད་བཙན་དབང་གིས་གྲངས་འཛིན་(Digital)གྱི་ཐབས་ཇུས་ཡོ་ཆས་གསར་པ་ཞིག་སྤྱད་དགོས་བྱུང་ཡོད།
གྲངས་འཛིན་རིག་པའི་ཆེད་མཁས་པ་ཚོས་ཚོང་ལས་གོང་འཕེལ་ཆེད་འགྲན་བསྡུར་གྱི་ནུས་པ་དང་ལུགས་སྲོལ་གསར་གཏོད་ནི། གྲངས་འཛིན་རིག་པ་རྒྱུས་ལོན་དང་ཚོང་ལས་ཐབས་ཇུས་བཅས་དང་ངོས་གཉིས་ཀྱི་ལྕགས་སྒོར་ལྟར་བུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
- ཁྱེད་རང་གི་ཚོང་ལས་གོང་འཕེལ་ཇི་ལྟར་གཏང་དགོས་མིན་དང་དམིགས་འབེབས་ཚོང་ཤག་སུ་ཡིན་ནམ།
- ཚོང་ལས་ལ་གནོད་འཚེ་མི་ཐེབས་པ་ཇི་ལྟར་བྱེད་དགོས།
- དངོས་ཟོག་ཐོན་སྐྱེད་ཇི་ལྟར་བྱེད་དགོས།
གོང་གི་དྲི་བ་དེར་ཧཱ་ཝ་ཌིའི་སློབ་ཟུར་དང་གྲངས་འཛིན་རིག་པའི་ཆེད་མཁས་དང་འབུམ་རམས་པ་སཱན་ཌི་ཆོང་ Sandy Chong ལགས་ཀྱིས་ལན་འདེབས་གནང་ཡོད་པ་དང་། ཁོང་གིས་ཡཱ་ཧོ་ Yahoo དང་ མེ་ཁོར་སིད་སི་ཊམ་ Microsystems ཨ་རི་ཨེ་སི་ཕིར་རེ་སི་ American Express དེ་བཞིན་ཀུ་ཤུ་ Apple བཅས་ཚོང་ལས་ ༢༠༠ ཙམ་ལ་རོགས་རམ་གནང་ཡོད།
འབུམ་རམས་པ་སཱན་ཌི་ཆོང་ Sandy Chong ལགས་ཀྱིས་དྲ་ཐོག་ཚོང་ལས་ཤིག་གཉེར་བར་ཐབས་ལམ་ཡག་ཤོས་དེ་དྲ་ཚིགས་ཤིག་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཚོང་ཤག་ངོས་འཛིན་ཐུབ་དགོས་ཀྱི་ཡོད་པས་མ་ཚད། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་གྱི་གླེང་སྟེགས་ཁག་ཅིག་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཡང་ཁོང་གིས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཚང་མ་དགོས་པའི་ངེས་པར་མེད་ཅིང་། གཙོ་བོར་ཁྱེད་རང་གི་ཚོང་ལས་དང་འཚམ་འགའ་བདམས་ནས། ཚོང་ཤག་སུ་ཞིག་གང་འདྲ་བྱེད་ནས་དོ་སྣང་འདྲེན་དགོས་མི་དེ་རེད་ཅེས་གསུངས་འདུག
འབུམ་རམས་པ་ཆོང་ལགས་ཀྱིས། སྐད་ཡིག་དང་རིག་གཞུང་སྣ་ཚོགས་ནས་ཡིན་པའི་ཚོང་ལས་ཆུང་ཁག་རྣམས་ལ་ཁོང་ཚོར་ཞབས་ཞུ་དང་ཚོང་ལས་ཡིད་དབང་འཕྲོག་པོ་ཡོད་མེད་ལ་མ་བལྟོས་པར་དྲ་ཐོག་ཚོང་ལས་གཉེར་རྒྱུར་དཀའ་ངལ་འཕྲོད་བཞིན་ཡོད་སྐོར་གསུངས་འདུག
ཁོང་གིས། སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཅན་དེ་ཚོ་ལ་དགོས་ངེས་ཀྱི་བརྒྱུད་ལམ་མེད་པས་མ་ཚད་སྐད་ཡིག་ཐོག་ནས་ཀྱང་དཀའ་ངལ་ཡོད་སྟབས། ཚོང་ལས་ཡར་རྒྱས་དང་དྲ་ཐོག་ཚོང་ལས་ལེགས་པོ་ཞིག་གཉེར་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་ནང་། གཞུང་གིས་ཐེབས་རྩ་ལས་གཞི་ དང་ཡང་ན་ NEIS ནས་ཚོང་ལས་ཆུང་ཁག་སོགས་ལ་དཔལ་འབྱོར་རོགས་རམ་དང་རིན་མེད་ལམ་སྟོན་གནང་གི་ཡོད།
ལས་གཞི་དེར་མཉམ་ཞུགས་གནང་ཚེ་ཁེ་ལས་གསར་པ་རྣམས་ལ་ཐོག་མའི་ཟླ་བ་ ༡༢ རིང་རིན་མེད་ལམ་སྟོན་གནང་གི་ཡོད་པས་མ་ཚད། ཐོག་མའི་བདུན་ཕྲག་ ༣༩ རིང་ཚོང་ལས་གཉེར་ཆེད་དཔལ་འབྱོར་རོགས་རམ་གནང་གི་ཡོད་པ་རེད།

Small business micro-business woman entrepreneur. Source: Getty Images/filadendron
མཱ་ཇའ Maja Jadrijević ལགས་ཀྱིས་ཁོ་མོས་མེལ་བྷོན་དུ་ NEIS ནང་ཚོང་ལས་སྐོར་སྦྱོང་བརྡར་ཚར་རྗེས། Venture Maya Dot Earth ཞེས་པའི་ཚོང་ལས་ཤིག་བཙུགས་ནས། དྲ་ཐོག་ནས་གླ་ཡོད་ཡོ་ག་སློབ་ཁྲིད་འགོ་འཛུགས་བྱས་ཡོད་པ་རེད།
ཁོ་མོས་ངས་ཚོང་ལས་འཆར་གཞི་ཞིག་བཟོས་རྗེས། ངས་ཚོང་ལས་དམིགས་འབེབས་གནང་ལ་བཟུང་དགོས་མིན་དང་། ཚོང་ཤག་གང་འདྲ་བྱེད་ནས་འཚོལ་དགོས་མིན། ཚོང་ལས་ཐབས་ཇུས་གསར་པ་གང་འདྲ་བྱེད་ནས་བསྐྲུན་དགོས་མིན་སྦྱང་པ་ཡིན་ཟེར།
ཏོག་དབྱིབས་ནད་ཡམས་ཀྱིས་ཚོང་ལས་ཆུང་ཁག་ལ་གནོད་འཚེ་ཐེབས་ཡོད་ཚེ། ཚོང་ལས་མུ་མཐུད་གཉེར་ཆེད་ NEIS རོགས་རམ་གནང་གི་ཡོད། དུ་དུང་བདུན་ཕྲག་རེར་ཆུ་ཚོད་ ༢༥ མན་དུས་ཚོད་ཕྱེད་ཀ་ལས་ཀ་བྱེད་མཁན་རྣམས་ཀྱིས་གལ་སྲིད་སོ་སོ་རང་ངོས་ནས་ཚོང་ལས་ཤིག་གཉེར་འདོད་ཡོད་ཚེ་ NEIS ནས་རོརགས་རམ་གནང་གི་ཡོད་པ་རེད།
དེ་དང་ཆབས་ཅིག་ས་གནས་སུ་ དང་ཁྱེད་རང་ད་དུང་དེ་བཞིན་སྐོར་བཅས་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་དག་ནས་གཟིགས།

Source: Getty Images/10'000 Hours
གལ་སྲིད་ཁྱེད་རང་གི་དམིགས་འབེན་དེ་ཚོང་ལས་ནས་ཚོང་ལས་ཞབས་ཞུ་ཁག་ཡིན་ཚེ་དྲ་འབྲེལ་བཟོ་བ་དང་། འོན་ཀྱང་གལ་སྲིད་ཁྱེད་རང་གི་དམིགས་འབེན་དེ་ཚོང་ལས་ནས་ཚོང་ཤག་གི་ཐོན་བསྐྱེད་ཅ་དངོས་ཡིན་ཚེ། ང་ཚོས་གདིང་ཆ་ཚང་མ་དཔེར་ན་ ཊི་ཊོབ་Tik-Tok དང་ཨིན་ས་ཏཱ་གྷ་རམ་Instagram ངོ་དེབ་ Facebook བཅས་སྤྱད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
མཱ་ཇཱ་ Maja Jadrijevic ལས་ཀྱི་ཚོང་ཤག་མང་ཆེ་བ་ཁོ་མོའི་དྲ་ཚིགས་དང་། ཟླ་རེའི་གསར་འཕྲིན། དབྱིན་སི་ཏཱ་གྷ་རམ། ངོ་དེབ་བཅས་ནས་ཡོང་གི་ཡོད་འདུག