སྙིང་ཁྲག་འགག་པའི་ན་ཚ་ངོས་འཛིན་བྱེད་སྟངས།

ཁྱེད་ཀྱིས་སྙིང་ཁྲག་འགག་པའི་ན་ཚའི་རྟགས་མཚན་ཤེས་ཀྱི་ཡོད་དམ། སྙིང་ཁྲག་འགག་པའི་ན་ཚ་ནི་ཨོ་སི་ཊོ་ལི་ཡའི་ནང་འཆི་སྐྱོན་གྱི་གནད་དོན་གཙོ་བོ་ཞིག་ཆགས་ཀྱི་ཡོད། སྤྱིར་སྟངས་ཨོ་སི་ཊོ་ལི་ཡའི་ནང་དུས་ཡུན་སྐར་མ་ ༡༢ རེའི་མཚམས་སུ་སྙིང་ཁམས་དང་ཁྲག་རྩ་ནད་ཀྱིས་མི་རེ་འདས་གྲོངས་སུ་འགྲོ་བཞིན་ཡོད།

Man holding chest

Man holding chest Source: Getty Images/ljubaphoto

ཁྱེད་ཀྱིས་སྙིང་ཁྲག་འགག་པའི་ན་ཚའི་རྟགས་མཚན་མགྱོག་པོ་ངོས་འཛིན་དང་སྨན་བཅོས་ཐུབ་ཚེ། ན་ཚ་ལས་ཡོངས་སུ་ཕྱིར་དྲག་བསྐྱེད་ཡོང་བའི་རེ་བ་ཆེན་པོ་ཡོད། 


གཙོ་གནད་ཁག་ཅིག

  • སྙིང་ཁྲག་འགག་པའི་ན་ཚ་དེ་མི་མ་འདྲ་བར་རྟགས་མཚན་མ་འདྲ་བ་ཡོང་གི་ཡོད།
  • གལ་སྲིད་མི་ཞིག་སྙིང་ཁྲག་འགག་པའི་ན་ཚ་ཕོག་པ་ཤེས་ཕྲལ་ལམ་སེང་ཛ་དྲག་ཁ་པར་ཨང་གྲངས་ 000 ལ་འབྲེལ་བ་བྱེད་དགོས་པ་ཡིན།
  • འཚོ་བ་བདེ་ཐང་ཞིག་སྐྱེལ་བར་སྙིང་གི་ན་ཚ་སྔོན་འགོག་ནི་གནད་འགག་གཙོ་བོ་ཡིན།

ཨོ་སི་ཊོ་ལི་ཡའི་མྱུར་སྐྱོབ་ལས་ཁུངས་  ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་དུས་རབས་ཕྱེད་ཀའི་ནང་སྙིང་ཁྲག་འགག་པའི་ན་ཚ་དེ་འཆི་སྐྱོན་ཚང་མའི་རྐྱེན་རྩ་ལྟར་བུ་ཆགས་བཞིན་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་ངོ་ཚབ་ལས་ཁུངས་ (ABS) ཡི་ཡིག་ཆར་ལྟར་ན། ཕྱི་ལོ་ ༢༠༢༡ ནང་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་གྲངས་ ༡༢༧༢༨ སྙིང་ཁྲག་འགག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

འཕྲོད་བསྟེན་བདེ་ཐང་ཡིན་ཚེ་སྙིང་ཁྲག་འགག་པའི་ན་ཚའི་ཉེན་ཁ་ཆུང་བ་ཡོད་པ་རེད། འོན་ཀྱང་གལ་སྲིད་གནས་ཚུལ་དེ་འདྲ་འཕྲད་སྐབས་ན་ཚའི་རྟགས་མཚན་གང་འདྲ་ཡིན་མིན་དང་ལམ་སང་མྱུར་སྐྱོབ་གང་འདྲ་བྱེད་དགོས་མིན་དྲན་སོས་དགོས་པ་ཡིན།

མི་རྣམས་སྙིང་ཁྲག་འགག་སྐབས་ག་རེ་ཆགས་སྲིད་དམ།

 ཨོ་སི་ཊོ་ལི་ཡའི་སྙིང་ཁམས་ཐེབས་རྩ་ལྷན་ཚོགས་ཀྱི་སྙིང་ཁམས་རིག་པ་བ་གྷ་རེ་ཇེ་ནིང་སི་ Garry Jennings ལགས་ཀྱིས།  "སྙིང་རྩ་གཙོ་བོ་ཞིག་གུ་དོག་པོ་ཆགས་པའམ་འགག་ཚེ་སྙིང་གི་ཤ་གནད་དང་སྙིང་གི་འཕར་རྩ་གཙོ་བོ་ཞིག་ལ་དབྱང་རླུང་དང་འཚོ་བཅུད་གཞན་དག་འདང་ངེས་ཤིག་ཐོབ་མི་ཐུབ་པའི་སྐབས་སུ། སྙིང་ནི་ཆ་རྐྱེན་དེ་དག་གི་འོག་ཏུ་འཚོ་གནས་བྱེད་ཐབས་བྲལ་བ་རེད།" ཅེས་ SBS ཡི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད། 

ཨོ་སི་ཊོ་ལི་ཡའི་ལམ་སྟོན་  ནས་གལ་སྲིད་ཁྱེད་རང་ལོ་ན་ ༤༥ ལ་བརྒལ་བའམ་ལྷག་པར་དུ་ཁྱེད་རང་གི་ནང་མི་ཞིག་ལ་སྙིང་གི་ན་ཚ་ཡོད་པའི་ལོ་རྒྱུས་ཡོད་ཚེ། ཉེན་ཁ་ལས་འགོག་ཆེད་ཁྱེད་རང་གི་སྨན་པར་བསྟེན་ནས་སྙིང་གི་བདེ་ཐང་བརྟག་དཔྱད་བྱེད་དགོས་སྐོར་ལམ་སྟོན་གནང་འདུག
Heart xray graphic
Heart xray graphic Source: Getty Images/zf L
 སྙིང་ནད་ཀྱི་ཉེན་ཁ་ཁག་ཅིག་ག་རེ་ཡིན་ནམ། 

ཁྲག་ཤེད་མཐོ་བ། 

ཁྱེད་རང་ཁྲག་ཤེད་མཐོ་པོ་   ཡིན་ཚེ་དེས་ཁྱེད་རང་གི་སྙིང་གི་རྩ་ལ་གནོན་ཤུགས་འཕར་མ་སླེབས་ཀྱི་ཡོད། འོན་ཀྱང་དེར་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པས། རྒྱུན་དུ་ནས་ཁྱེད་རང་གི་སྨན་པར་བསྟེན་གཏུགས་གནང་ནས་ཁྲག་ཤེད་བརྟག་དཔྱད་ཡང་ཡང་བྱེད་དགོས་པ་ཡིན།
Woman patient and doctor checking blood pressure
Woman patient and doctor checking blood pressure Source: Getty Images/Terry Vine

 མཁྲིས་ཞག་ཆེ་བ།

རྒྱུན་དུ་ཟས་བཅུད་བསྟེན་སྐབས་ངེས་པར་དུ་མཁྲིས་ཞག་ཆེན་པོ་མ་ཆགས་པར་བྱེད་དགོས། ཁྱེད་རང་གི་ཁྲག་གི་ནང་ལ་མཁྲིས་ཞག་འཁོད་སྙོམ་མེད་ཚེ་དེས་སྙིང་ཁྲག་འགག་པའམ་སྙིང་ནད་ཡོང་སྲིད། 

བདེ་ཐང་མིན་པའི་ཟས་སྤྱོད་དང་གཅིན་སྙིའི་ན་ཚ།

 བདེ་ཐང་མིན་པའི་ཟས་རིགས་ཀྱིས་གཟུགས་གཞི་ལྗིད་ཁོག་ཆེ་རུ་གཏོང་གི་ཡོད་པས་དེས་སྙིང་གི་ན་ཚ་དང་ད་དུང་བདེ་ཐང་གཞན་ཁག་ལའང་གནོད་ཀྱི་ཡོད། ཁ་ཟས་བཅུད་ལྡན་དང་ཚད་རན་པ་སྤྱོད་ཚེ་དེས་ཁྱེད་རང་གི་གཟུགས་གཞི་ལྗིད་ཚད་ཡང་དུ་གཏོང་བ་དང་། ཁྲག་ཤེད་མཐོ་བའི་ན་ཚ་དང་མཁྲིས་ཞག་གི་ན་ཚ་ཉུང་དུ་གཏོང་གི་ཡོད། 

ཨོ་སི་ཊོ་ལི་ཡའི་གཅིན་སྙི་ལམ་སྟོན་ཚོགས་ཆུང་གིས་ཀྱང་སྙིང་ཁྲག་འགག་པའི་ན་ཚ་སྔོན་འགོག་ཆེད་ཁྱེད་རང་གི་གཅིན་སྙིའི་ན་ཚ་དོ་དམ་གང་འདྲ་བྱེད་དགོས་མིན་  ཞེས་པའི་དྲ་ཚིགས་དེའི་ཐོག་ནས་ལམ་སྟོན་གནང་ཡོད།   
Vegetables
Vegetables Source: Getty Images/Peter Dazeley
 ལུས་པོ་འགུལ་བསྐྱོད་ཉུང་བ།

ལུས་པོ་འགུལ་བསྐྱོད་མ་བཏང་བ་དང་དུས་ཡུན་རིང་པོ་བསྡད་པ་ནི་ཁྱེད་རང་གི་སྙིང་ཁམས་འཕྲོད་བསྟེན་ལ་གནོད་ཀྱི་ཡོད།

དེང་སང་མི་མང་པོ་ཞིག་གློག་ཀླད་མདུན་དང་། ལས་གནས། དེ་བཞིན་སྤྱི་བསྐྱོད་རླངས་འཁོར་དང་སྒེར་འཁོར་སོགས་ཀྱི་ནང་དུས་ཡུན་རིང་པོ་སྡོད་ཀྱི་ཡོད་པ་དང་། དེང་དུས་ཀྱི་ལས་ཀ་མང་པོ་ཞིག་དུས་ཡུན་རིང་པོ་བསྡད་ནས་བྱེད་ཀྱི་ཡོད་པས་དེས་སྙིང་ཁམས་འཕྲོད་བསྟེན་ཐེ་བའི་ལུས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོང་ཆེན་པོ་ཐེབས་ཀྱི་ཡོད། 

Woman running
Woman running Source: Getty Images/lzf

 ཐ་མག་འཐེན་པ། 

གལ་སྲིད་ཁྱེད་རང་ཐ་མག་འཐེན་མཁན་ཞིག་ཡིན་ཚེ་སྙིང་ཁྲག་འགག་པའི་ན་ཚའི་ཉེན་ཁ་ཆེ་བ་ཆགས་ཀྱི་ཡོད། 

ཐ་མག་སྤོང་བ་  ཞེས་པའི་ཚོགས་པ་དེ་ནི་ཁྱེད་རང་སྙིང་ཁམས་འཕྲོད་བསྟེན་སྲུང་སྐྱོབ་བྱེད་མཁན་ཡག་ཤོས་ཤིག་ཆགས་ཡོད། ཐ་མག་ཐེངས་གཅིག་སྤོང་ཐུབ་ཚེ་ཉེན་ཁ་འཕར་མ་དེ་ཉུང་དུ་བཏང་བ་ཡིན།
Ashtray and ciggies
Ashtray and ciggies Source: Getty Images/seksan Mongkhonkhamsao

 སྤྱི་ཚོགས་ནས་བུད་པའམ་སེམས་ངལ།

མི་སུ་ཞིག་ལ་སྤྱི་ཚོགས་དང་། ནང་མི། གྲོགས་པོ་སོགས་ཀྱིས་རྒྱབ་སྐྱོར་མེད་ཚེ་སྙིང་ཁམས་ལ་དཀའ་ངལ་དང་ཉེན་ཁ་ཆེན་པོ་ཡོད། སེམས་ངལ་དེས་ཀྱང་ཉེན་ཁ་འཕར་མ་བཟོ་བཞིན་ཡོད།  ཞེས་པའི་ཚོགས་པ་དེས་གལ་སྲིད་ཁྱེད་རང་ལ་སེམས་ཀྱི་དཀའ་ངལ་དུས་ཡུན་བདུན་ཕྲག་གཉིས་དང་དེ་ལས་མང་བ་བྱུང་ཚེ་ཁྱེད་རང་གི་སྨན་པ་དང་། ཡང་ན་ཁྱེད་རང་ལ་ཆ་རྒྱུས་ཆེན་པོ་ཡོད་པའི་ནང་མི་ཞིག་ལ་བཤད་དགོས་པ་ཡིན་ཞེས་ལམ་སྟོན་གནང་འདུག

ཉེན་ཁ་ཁག་ཅིག་འགྱུར་བ་གཏོང་ཐུབ་ཀྱི་མེད།

སྙིང་ཁམས་ཐེབས་རྩ་  ཡིས་གནས་ཚུལ་འགྲེལ་བཤད་གནང་བར་ལྟར་ན་དཔེར་ན། ལོ་ཚད་དང་། ནང་མི་ནས་རྒྱུན་པའི་ན་ཚ་དཔེར་ན། གདོད་མའི་མི་རིགས་ཡིན་ཚེ་མི་རིགས་གཞན་ལས་སྙིང་གི་ན་ཚ་ཕོག་པའི་ཉེན་ཁ་ཤུགས་ཆེ་བ་ཡོད་པ་ལྟར་བུ།

ནད་རྟགས་ཁག་ཅིག་ག་རེ་ཡིན་ནམ།

མ་བདེའི་ཚོར་སྣང་དང་བྲང་ཁོག་ལ་ཟུག་གཟེར་རྒྱག་པ།

སྤྱིར་སྟངས་མི་མ་འདྲ་བར་ནད་རྟགས་མ་འདྲ་བ་ཡོད་པ་ཡིན། ནད་རྟགས་དང་པོ་ནི་བྲང་ཁོག་ལ་ཟུག་གཟེར་རྒྱག་གི་ཡོད། ཁྱེད་རང་གི་བྲང་ཁོག་གློ་བུར་དམ་དུ་ཕྱིན་པའི་ཚོར་སྣང་ཡོང་གི་ཡོད། 

གཞན་ཡང་ཁྱེད་རང་གི་ལག་ངར་དང་། སྐེ རྒྱབ་བཅས་ལ་མ་བདེ་འི་ཚོར་སྣང་ཡང་ཡོང་གི་ཡོད།

མ་བདེའི་ཚོར་སྣང་དེ་ཁྱེད་རང་གི་ལུས་སྟོད་ཀྱི་ཆ་ཤས་མ་འདྲ་བར་ཁྱབ་ནས་འགྲོ་གི་ཡོད། ད་དུང་ཁྱེད་རང་གི་ལག་ངར་ལྗིད་ཁོག་ཚ་པོ་དང་འགུལ་སྤྱོད་མི་ཐུབ་པའི་ཚོར་སྣང་ཡང་ཡོང་གི་ཡོད

དབུག་ཧར་བ།

ཁྱེད་རང་དབུག་ཧར་བ་དང་། གཞན་ཡང་ནད་རྟགས་ནི་ཁྱེད་རང་གི་མིད་པའི་ནང་ནས་དབུགས་སུག་པ་དང་། ཞེ་མེར་ལངས་བ། དངུལ་ཆུ་གྲང་མོ་བཞུར་བ། ཧབ་སྦྲིད་རྒྱག་པ་བཅས་བྱེད་ཀྱི་ཡོད།

ནད་རྟགས་དེ་འདྲ་ཐོན་ཚེ་ག་རེ་བྱེད་དགོས་སམ། 
Ambulances
Ambulances Source: AAP Image/Bianca De Marchi

 དེ་འདྲའི་གནས་ཚུལ་འཕྲད་ཚེ་ཐོག་མར་ཁྱེད་རང་གིས་ཛ་དྲག་ཁ་པར་ཨང་གྲངས་ 000 ལ་ཁ་པར་བཏང་ནས་མྱུར་སྐྱོབ་རླངས་འཁོར་སྐད་གཏོང་དགོས། མྱུར་སྐྱོབ་མི་སྣས་ཁྱེད་རང་ལ་ལམ་སྟོན་བྱེད་ཀྱི་ཡོད། ཁྱེད་རང་ལྷོད་ལྷོད་བྱེད་དགོས་པ་ལས་ཁྱེད་རང་གི་སེམས་ཁམས་ལའང་གནོན་ཤུགས་འཕར་མ་བཟོ་མི་ཉན། ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐོག་དེ་ནས་གཟིགས་


Share
Published 16 March 2022 3:56pm
Updated 12 August 2022 2:55pm
By Audrey Bourget, Ildiko Dauda


Share this with family and friends