ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་། འགོག་ཁབ་རྒྱག་ཡུལ་གལ་གནད་ཅན་དང་ས་གནས་ངོ་སྤྲོད་བྱས་ཡོད་ཅིང་དེའི་ནང་ཐོག་མར་མདུན་དུ་ཐོན་ནས་ལས་ཀ་བྱེད་མཁན་འཕྲོད་བསྟེན་ལས་བྱེད་དང་། ཟུར་བཀག་དུ་སྡོད་ཡོད་པ་དང་ས་མཚམས་སུ་ལས་ཀ་བྱེད་མཁན། དེ་ག་ནང་བཞིན་རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་ཞབས་སུ་ལྟེ་གནས་ཁག་ལ་གནས་སྡོད་བྱེད་མཁན་དང་ལས་ཀ་བྱེད་མཁན་བཅས་གལ་གནད་ཆེ་ཤོས་སུ་བརྩིས་ཡོད།
སྨན་ཁབ་རིགས་གསུམ།
ཨོ་སི་ཊོ་ལི་ཡས་རྒྱལ་ཁབ་གཞན་ནས་སྨན་ཁབ་རིགས་གསུམ་མངག་ཉོ་བྱས་ཡོད་ཅིང་། དེ་ཡང་སྨན་ཁག་ཁག་ནི་ཕི་ཛར་གྱི་སྨན་ཁབ་ དང་ཨོ་སི་པོ་ཊི་དང་ཨ་སི་ཋར་ཛེ་ནེ་ཀའི་སྨན་ཁབ་ དེ་བཞིན་ནོ་ཝ་ཝ་སིའི་སྨན་ཁབ་ བཅས་ཡིན་ཞིང་སྨན་ཁབ་དེ་གསུམ་གང་རུང་ཞིག་ཐེངས་གཉིས་རེ་རྒྱག་དགོས་ཀྱི་ཡོད་པ་རེད།
ལོ་ན་ ༡༦ མན་གྱི་ཕྲུ་གུ་རྣམས་ལ་རྗེས་སུ་འཕྲོད་བསྟེན་ལམ་སྟོན་ཡོང་རྒྱུ་དང་དེའི་བར་དུ་གོང་གསལ་སྨན་ཁབ་གསུམ་པོ་གང་ཡང་རུང་བ་རྒྱག་དགོས་ཀྱི་མེད་པ་རེད།
རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་ཞབས་ཞུ་ཁང་དུ་གནས་སྡོད་བྱེད་མཁན་དང་ལས་ཀ་བྱེད་མཁན་རྣམས་ལ་སྨན་ཁབ་ལྟེ་གནས་དེ་ག་རང་ནས་རྒྱག་རྒྱུ་དང་། གཞན་རྣམས་ལ་སྨན་ཁང་ཁག་དང་། རྒྱུན་བསྟེན་སྨན་ཁང་། ཚོགས་སྡེའི་སྨན་ཚོང་ཁང་། ཨ་བྷོ་རི་ཇི་ནར་གྱི་འཕྲོད་བསྟེན་ཞབས་ཞུ་ཁང་སོགས་ཀྱི་ནང་འགོག་ཁབ་རྒྱག་རྒྱུ་ཡིན་པ་རེད།
རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་ཚོགས་སྡེ་ཁག་ལ་འགོག་ཁབ་འཆར་གཞི།

Australia's Coronavirus vaccine roll out Source: Australian Department of Health
ཨོ་སི་ཊོ་ལི་ཡ་གཞུང་གིས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་དང་། དེ་བཞིན་རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་མི་རིགས་རྣམས་ལ་སྟབས་བདེ་དང་། རིག་གཞུང་བདེ་འཇགས་ཐོག་ལག་ལེན་ཡོང་ཐབས་འཆར་གཞིའི་དམིགས་ཡུལ་བཟུང་ཡོད།
འགོག་ཁབ་རྒྱག་མཁན་ཚོས་ས་གནས་ཚོགས་སྡེ་དང་ས་ཁུལ་གྱི་འགོ་ཁྲིད་དང་ལྷན་དུ་མཉམ་ལས་བྱེད་དགོས་པ་དང་། དེ་ཡང་འཕྲོད་བསྟེན་སྨན་ཁང་གི་ངོས་ནས་རིག་གཞུང་བདེ་འཇགས་སྲུང་བརྩི་ཐད་འགན་ལེན་དགོས་ཀྱི་ཡོད་པ་རེད། དེ་ལྟར་ཡོང་བར་ལས་གཞི་དེའི་ཆ་ཤས་སུ་འགོག་ཁབ་རྒྱག་སར་སྨན་ཁང་ནང་རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་ལས་བྱེད་རོགས་རམ་གནང་མཁན་མཉམ་དུ་ཡོང་གི་ཡོད་པ་རེད།
གནས་སྟངས་ཁག་ཅིག་ལ་འགོག་ཁབ་རྒྱག་སྐབས་རིག་གཞུང་སྣ་ཚོགས་ཀྱི་ལས་དོན་མི་དང་། སྐད་གཉིས་སྨྲ་བ། དེ་བཞིན་སྐད་སྒྱུར་བཅས་བཀོད་སྒྲི་གནང་ནས་དགོས་གལ་ཅན་རྣམས་ལ་འགོག་ཁབ་ཐེངས་གཉིས་པ་དེ་རྒྱག་དགོས་ཀྱི་ཡོད་པའི་གནས་ཚུལ་གསལ་འདེབས་གནང་རྒྱུ་ཡིན་པ་རེད།

Coronavirus vaccine priority population (Australia) Source: Australian Department of Health
ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ལོ་རྒྱུས་མི་མང་སྤྱི་དང་ལྷན་དུ་ཉར་ཚགས་བྱེད་ཀྱི་ཡོད།
སྨན་ཁབ་བརྒྱབ་རྗེས་ཨོ་སི་ཊོ་ལི་ཡ་གཞུང་གིས་སྨན་ཁབ་བརྒྱབ་པའི་སྒེར་གྱི་གནས་ཚུལ་ཁག་ཅིག་ཉར་ཚགས་བྱེད་ཀྱི་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་འགོག་ཁབ་རྒྱག་མཁན་ཚོར་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ལོ་རྒྱུས་ཆ་ཚང་ཉར་ཚགས་འགན་འཁུར་ཆགས་ཡོད།
རང་གི་སྨན་ཁབ་བརྒྱབ་པའི་ལོ་རྒྱུས་སོ་སོའི་སྒེར་གྱི་འཕྲོད་བསྟེན་གནས་ཚུལ་ནང་དང་། སྨན་བཅོས་ལོ་རྒྱུས། ཡང་ན་སྨན་ཁབ་བརྒྱབ་པའི་ལག་འཁྱེར་ཤོག་བུ་ངོ་བཤུས་སྤྲད་རྒྱུ་ཡིན་ཞིང་། མ་ཚད་གློག་འཕྲིན་བརྒྱུད་ནས་ངོ་བཤུས་ཡང་གཏ་རྒྱུ་ཡིན་པ་རེད།
སྨན་ཀྱི་ནུས་པ་འགྱུར་བའི་རིམ་པ།
འགོག་སྨན་དེ་དག་གཟུགས་པོ་ནང་ཁྱབ་ནས་ནད་འབུར་གདོང་ལེན་བྱེད་པར་དུས་ཡུན་བདུན་ཕྲག་གཉིས་རིང་འགོར་གྱི་ཡོད། འོན་ཀྱང་འགོག་སྲུང་དེ་ལུས་ཟུངས་ལ་གོ་ཡི་མེད་ཅེས། མིའི་ལུས་ཟུངས་རིག་པ་བ་ Dr Kylie Quinn ལགས་ཀྱིས་ SBS གསར་ཁང་ལ་འགོག་ཁབ་ཀྱིས་ཕན་ནུས་རིམ་པའི་སྐོར་འགྲེལ་བརྗོད་གནང་ཡོད།
རིམ་པ་དང་པོ། ཁྱོན་ཡོངས་ནས་གཉན་ཁ་སྔོན་འགོག་བྱེད་ཀྱི་ཡོད།
རིན་པ་གཉིས་པ། གཉན་ཁ་སྔོན་འགོག་ཐུབ་ཀྱི་མེད་ཀྱང་ནད་དུག་ཆགས་པའི་རྒྱུ་འགོག་ཐུབ་ཀྱི་ཡོད།
རིམ་པ་གསུམ་པ། ནད་དུག་སྔོན་འགོག་ཐུབ་ཀྱི་མེད་ཀྱང་ནད་དུག་ཁག་ཅིག་འཕེལ་མི་ཐུབ་པ་བཟོ་ཡི་ཡོད།
ཏོག་དབྱིབས་འགོག་ཁབ་ཚང་མ་རིན་མེད་ཡིན།
ཏོག་དབྱིབས་འགོག་ཁབ་དེ་ཚོ་ཨོ་སི་ཊོ་ལི་ཡའི་མི་སེར་ཚང་མ་དང་། གཏན་སྡོད་བྱེད་མཁན། མཐོང་ཆེན་ཡོད་མཁན་ཚང་མ་ལ་རིན་མེད་ཡིན། མ་ཚད་སུ་ཞིག་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་དང་། ལས་ཀ། ལག་རྩལ། ནང་མི་ཐུག་འཕྲད། བཟའ་ཚང་ཟླ་སྦྲེལ། སྐྱབས་བཅོལ། སྐྱབས་བཅོལ་དུ་སླེབས་པ། དེ་བཞིན་སྐྱབས་བཅོལ་ཞུ་མཁན། གནས་སྐབས་ཀྱི་མཐོང་ཆེན་འཛིན་མཁན། འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བ། མངའ་ཁུལ། འབྲེལ་མཐུད་དམ་ཡང་ན་དམིགས་བསལ་མཐོང་ཆུང་གང་རུང་ཐོག་ནས་སླེབས་པ་ཡིན་ནའང་ཚང་མར་ཏོག་དབྱིབས་འགོག་ཁབ་རིན་མེད་ཐོག་ནས་རག་གི་ཡོད་པ་རེད།
མ་ཚད་མཐོང་ཆེན་བརྩིས་མེད་དུ་བཏང་ཡོད་པ་ཐེ་བའི་བཀག་ཉར་ཁང་དུ་ཡོད་མཁན་ཚང་མར་འགོག་ཁབ་རིན་མེད་དུ་རག་གི་ཡོད་པ་རེད།
- འཕྲོད་བསྟེན་ལྷན་ཁང་གི - ཏོག་དབྱིབས་ནད་ཡམས་སྐོར་
- ནང་སྲིད་ལྷན་ཁང་གི་ - ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་
- ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ཀྱིས་ངེས་པར་དུ་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་པ་ཡིན།
- གལ་སྲིད་ཁྱེད་རང་ཆམ་པ་དང་། རིམས་ཆམ་གྱི་ནད་རྟགས་ཐོན་ཚེ་ནང་སྡོད་དགོས་པ་དང་། དེ་ནས་བརྟག་དཔྱད་བཀོག་སྒྲིག་བྱེད་དགོས།
- ཁྱེད་རང་གི་མངའ་སྡེའི་ནང་འབྲེལ་ཡོད་གནས་ཚུལ་ཁག་བརྟག་དཔྱད་གནང་དགོས། , , , , , , .