ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་གཅེས་ཉར་སེསམ་ཅན་ཉར་མཁན་གྲངས་ཚད་མཐོ་ཤོས་དེ་ཡིན་ཞིང་། རོབ་བརྩིས་བྱས་ན་ཁྱིམ་ཚང་བརྒྱ་ཆ་ ༦༡ ཙམ་གྱིས་གཅེས་ཉར་སེམས་ཅན་ཉར་ཡོད་ཅིང་།
འོན་ཀྱང་ལོ་ལྟར་ སོགས་སེམས་ཅན་གཅེས་ཉར་སྲུང་ཁྱོབ་ཚོགས་པར་ཁྱོན་བདག་པོ་ཚོས་གཡུག་པའམ་བོར་བརླག་ཏུ་ཕྱིན་པའི་སེམས་ཅན་ ༡༠༠༠༠༠ ཙམ་རེར་འབྱོར་བཞིན་ཡོད་འདུག
གཙོ་དོན་ཁག་ཅིག
- ལོ་ལྟར་སེམས་ཅན་སྲུང་སྐྱོབ་ཚོགས་པར་ཉེན་སྐྱོབ་སེམས་ཅན་སྟོང་ཕྲག་མང་པོ་འབྱོར་བཞིན་ཡོད།
- སེམས་ཅན་རྣམས་སྒྲུབ་ཉར་མ་བྱས་གོང་ལ་སྨན་བཅོས་དང་། སྤྱོད་ལམ་སློབ་ཁྲིད། སྨན་ཁབ། བརྩལ་འཚོལ་ཆེད་གཉེན་ཆས་ཕྲ་མོ་ microchip དང་ད་དུང་སྐྱེ་འགོག་སོགས་ཀྱི་མཐུན་རྐྱེན་སྦྱར་གྱི་ཡོད།
- གལ་སྲིད་སུ་ཞིག་གིས་སེམས་ཅན་རྒྱུན་རིང་གསོ་སྐྱོང་མི་ཐུབ་ཚེ་དུས་ཡུན་རིང་ཐུང་རང་མོས་བདམ་ག་ཡོད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཡོད་པའི་ RSPCA སེམས་ཅན་ཉེན་སྐྱོབ་ཚོགས་པ་དེའི་ལས་བྱེད་ཁེ་རན་ཝ་སུན་ Kieran Watson ལགས་ཀྱིས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཡོད་པའི་ཁོང་ཚོསའི་སེམས་ཅན་སྲུང་སྐྱོབ་ཁང་དེའི་ནང་ལོ་ལྟར་སེམས་ཅན་གྲངས་ ༣༠༠༠༠ ཙམ་རེ་འབྱོར་བཞིན་ཡོད་སྐོར་དང་། དེའི་ནང་གྲངས་ཀ་མང་ཤོས་ནི་ཞི་མི་ཡིན་ཞིང་ལོ་རེར་ཞི་མི་གྲངས་ ༡༥༠༠༠ ཙམ་དང་། དེ་བཞིན་ཁྱི་གྲངས་ ༡༠༠༠༠ ཙམ། གཞན་ཡང་སྒོ་པྱུགས་སེམས་ཅན་རྟ་དང་། ཕག ཁྱིམ་བྱ། དེ་བཞིན་རི་བོང་དང་། བྱིའུའི་རིགས། ཉ་སོགས་ཡོད་སྐོར་བརྗོད་འདུག
སེམས་ཅན་ཉེན་སྐྱོབ་མང་ཤོས་བྱེད་མཁན་གྱི་ཚོགས་པ་ RSPCA ཡིས་སེམས་ཅན་རྣམས་གསོ་ཉར་ཁང་ལ་མ་སྐྱེལ་སྔོན་དུ། སེམས་ཅན་རྣམས་ལ་སྨན་བཅོས་དང་སྤྱོད་ལམ་སློབ་ཁྲིད། སྨན་ཁབ་རྒྱག་པ། སེམས་ཅན་བཙལ་འཚོལ་གྱི་ཆེད་དུ་སེམས་ཅན་གྱི་ལུས་ལ་གཉེན་ཆས་ཕྲ་མོ་ Microchip བཅུག་པ། སྐྱེ་སྒོ་འགོག་པ་སོགས་བྱེད་ཀྱི་ཡོད་འདུག རྒྱུ་མཚན་སྣ་ཚོགས་འོག་ནས་སེམས་ཅན་མང་ཆེ་བ་ཞིག་ RSPCA ཚོགས་པས་ཕྱིར་བདག་པོར་སྤྲོད་ཀྱི་ཡོད་འདུག་པ་དང་། སེམས་ཅན་མང་པོ་ཞིག་ལ་སྦྱོང་བརྡར་སྤྲད་ཚར་བ་དེ་འདྲ་ཡིན་འདུག
ཁེ་རན་ལགས་ཀྱིས་ཚོགས་པས་ཡོང་འབབ་གསོག་གི་མེད་ཀྱང་། དགོས་མཁོའི་སྨན་བཅོས་དང་བརྟག་དཔྱད་ཚང་མའི་ཆེད། ཞི་མི་ཞིག་གསོ་ཉར་བྱེད་པར་ཨོ་སྒོར་ ༢༠༠ དང་། ཁྱི་ཞིག་གསོ་ཉར་བྱེད་པར་ཨོ་སྒོར་ ༤༠༠ ནས་ ༤༥༠ བར་བླངས་ཀྱི་ཡོད་སྐོར་དང་གཙོ་བོར་སེམས་ཅན་དེ་ཆེ་ཆུང་དང་ལོ་ཚད་ལ་གཞིར་བཅོལ་གྱི་ཡོད་སྐོར་བརྗོད་འདུག སེམས་ཅན་སྲུང་སྐྱོབ་ཁང་གིས་སེམས་ཅན་རྣམས་ལ་ལྟ་རྟོགས་ཡག་པོ་གནང་གི་ཡོད་ཀྱང་། ཁོང་ཚོས་རྒྱུན་ལྡན་གསོ་སྐྱོང་བྱེད་མཁན་འཚོལ་བཞིན་ཡོད་སྐོར་བརྗོད་འདུག

Animals in the shelter are looking for routine and stability Source: Getty Images/Capuski
གཅེས་ཉར་སེམས་ཅན་ཉེན་སྐྱོབ་ཁང་ནས་སྒྲུབ་དགོས་དོན།
ཁེ་རན་ལགས་ཀྱིས་ཁྱེད་རང་གིས་གཅེས་ཉར་སེམས་ཅན་ཞིག་དྲ་ལམ་ནས་ཉོས་ཚེ། ཁྱེད་རང་གིས་སེམས་ཅན་དེའི་དུས་ཡུན་རིང་པོའི་གནས་སྟངས་ཁག་དང་། ཕྲུ་གུ་རྒྱུད་སྤེལ་དང་ཡང་ན་འཚོ་སྡོད་ཀྱི་གནས་བབས་སོགས་ཕལ་ཆེར་ཤེས་ཀྱི་མེད། སེམས་ཅན་དེ་འདྲ་ཞིག་རག་ཚེ་སེམས་ཅན་དེའི་འཕྲོད་བསྟེན་བདེ་ཐང་ཡག་པོ་ཡོད་པ་དང་། སྨན་བཅོས་ཚུལ་བཞིན་བྱས་ཡོད་མེད་ཧ་ཅང་བཤད་ཚོད་དཀའ་བ་ཞིག་རེད་ཅེས་གསུངས་འདུག
ཡང་ཁོང་གིས་ཡོང་འབབ་ཀྱི་ཆེད་དུ་སེམས་ཅན་གསོ་སྐྱོང་བྱེད་མཁན་གྱི་ Puppy Farms ཁྱི་ཕྲུག་ཐོན་སྐྱེད་ར་བ་ཟེར་བ་དེ་འདྲ་མཐོང་རྒྱུ་འདུག་པ་ནི་སེམས་སྐྱོ་དགོས་པ་ཞིག་རེད་ཅེས་གསུངས་འདུག
ཁྱེད་རང་གིས་ RSPCA དང་ཡང་ན་སེམས་ཅན་ཉེན་སྐྱོབ་ཁང་གཞན་དག་ནས་གཅེས་ཉར་སེམས་ཅན་ཞིག་ལ་གོ་སྐབས་གཉིས་པ་ཞིག་སྤྲད་པའི་སྐབས་སུ་། དེའི་ཚོར་སྣང་མ་འདྲ་བ་ཞིག་ཡང་གི་ཡོད། RSPCA ནས་སེམས་ཅན་ཞིག་སྒྲུབ་འདོད་ཡོད་ཚེ་དྲ་ཐོག་ དང་ཡང་ན་ཁ་ཐུག་གསོ་སྐྱོང་ར་བ་དེར་འགྲོ་ནས་སྒྲུབ་ནའང་འགྲིག
ཁེ་རན་ལགས་ཀྱིས། སེམས་ཅན་གསོ་ཉར་བྱ་རྒྱུའི་བརྒྱུད་རིམ་ལ་ཐོག་མར་ལས་བྱེད་ཅིག་གིས་སེམས་ཅན་དེའི་སྐོར་འགྲེལ་བརྗོད་དང་། དེ་ནས་སེམས་ཅན་དེ་ཁྱེད་རང་གི་ནང་མི་དང་འཚོ་བ་ལ་འཚམ་པོ་ཡོད་མེད་ནན་ཏན་ལྟ་གི་ཡོད།
མ་ཚད་ཁྱེད་རང་གི་ས་གནས་གྲོང་སྡེ་ལྷན་ཁང་ Council ལ་ས་གནས་དེར་སེམས་ཅན་དེ་འདྲ་ཞིག་ཉར་ཆོག་གི་ཡོད་མེད་ཀྱང་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
ས་གནས་གཅེས་ཉར་སེམས་ཅན་ཉེན་སྐྱོབ་ལྟེ་གནས་ཁག
མ་ཚད་ཁྱེད་རང་གིས་རྒྱལ་ཡོངས་སུ་ས་གནས་ཉེན་སྐྱོབ་ལྟེ་གནས་ཁག་མང་པོ་ནས་གཅེས་ཉར་སེམས་ཅན་སྒྲུབ་རྒྱུ་ཡོད།
ཁེ་རེ་མེ་ཤལ་ལགས་ཀྱིས་ལོ་ངོ་མང་པོའི་རིང་ཞི་མི་ཁྱམ་པོ་དེ་ཚོ་ཉེན་སྐྱོབ་དང་ཕྱིར་བདག་པོ་རྩར་སྐྱེལ་བ་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད། ལོ་བཞིའི་གོང་ཁོ་མོས་ཞི་མི་ཨ་མ་ཞིག་དང་ཞིམ་ཕྲུག་བཅས་ས་གནས་ཉེན་སྐྱོབ་ཁང་ཞིག་ནས་བསྒྲུབས་ནས་གསོ་ཉར་བྱས།

Adopting pets can be a rewarding experience Source: Getty Images/eclipse_images
ཁོ་མོས་རྒྱུན་དུ་ནས་ཁྱེད་རང་གིས་ཞི་འཁྱམ་ཞིག་མཐོང་བའི་སྐབས་སུ་ས་གནས་ཉེན་སྐྱོབ་ལྟེ་གནས་ཁང་ལ་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མི་གཞན་གྱི་ཞི་མི་ཞིག་སྒྲུབ་ནས་གནས་ཚུལ་མ་ལྷག་པར་བྱེད་རྒྱུ་གལ་ཆེན་པོ་རེད། དོན་དག་གཙོ་བ་ནི་ཞི་མི་དེ་ཁྱེད་རང་གི་ཁྱིམ་དུ་མ་སླེབས་གོང་ལ་སྨན་བཅོས་དང་སྨན་ཁབ་བརྒྱབ་པས་མ་ཚད། བཙལ་འཚོལ་གཉེན་ཆས་ཕྲ་མོ་དེ་བཅུག་ཚར་བ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཁོ་མོས་ལོ་ལྟར་ཞི་མི་དང་ཞིམ་ཕྲུག་བརྒྱ་ཕྲག་མང་པོ་ནང་ནས་ཕྱིར་ལ་ཕུད་ཀྱི་ཡོད་ཅིང་། སེམས་སྐྱོ་བ་ཞིག་ལ་ཞི་མི་དེ་ཚོ་དགོང་མོར་ཉལ་ས་མ་རག་པ་དང་། སྲང་ལམ་དུ་ལྷག་ནས་ན་ཚ་ཕོག་མཁན་མང་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག

Foster care programs give temporary homes for animals before they go into adoption Source: Getty Images/yara duvdevan
སིཌ་ནིང་ཁྱི་དང་ཞི་མིའི་ཁྱིམ་ ཞེས་པའི་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༤༦ ནས་བཟུང་བདག་མེད་དུད་འགྲོའི་དགེ་རྩ་ཚོགས་པ་གཅིག་པུ་དེ་ཡིན་ཞིང་། ཁོང་ཚོས་གྲོང་སྡེ་ལྷན་ཁང་ཡོད་སའི་ས་གནས་ཁག་བརྒྱད་ཙམ་གྱི་ནང་ཞབས་ཞུ་སྒྲུབ་ཀྱི་ཡོད་ཅིང་། ལོ་ལྟར་བདག་མེད་དུད་འགྲོ་དང་བོར་བརླག་ཕྱིན་པའི་སེམས་ཅན་སྟོང་ཕྲག་གཅིག་ལྷག་ཙམ་གསོ་ཉར་བྱེད་བཞིན་ཡོད་པ་རེད།
གཅེས་ཉར་སེམས་ཅན་ཉེན་སྐྱོབ་མ་འཇོག Pet Insurance ཧ་ན་ཀོ་ཨོ་གྷ་ཝ་ Hanako Ogawa ལགས་ནི་སིཌ་ནིང་བྱང་ཕྱོགས་མཚོ་འགྲམ་དུ་ཛ་དྲག་ཕྱུགས་ནད་སྨན་ཁང་དུ་ལས་ཀ་བྱེད་བཞིན་ཡོད། ཌོ་ཊར་ཨོ་གྷ་ཝ་ Dr Ogawa ལགས་ཀྱིས་གཅེས་ཉར་སེམས་ཅན་དེ་ཚོ་སྟབས་མ་ལེགས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་ཅིང་མཚམས་རེར་བདག་པོ་ཚོས་སྨན་རིན་སྤྲད་མ་ཐུབ་པའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ཐོག་མར་ཁྱེད་རང་གི་ནང་ལ་གཅེས་ཉར་སེམས་ཅན་ཞིག་ཉར་སྐབས་སེམས་ཅན་དེ་ཚོ་ན་ཚ་ལྗིད་པོ་ཕོག་པའམ་རྐྱེན་ཆག་དེ་འདྲ་ཡོང་གི་རེད་བསམས་པ་ཡོད་མ་རེད། འོན་ཀྱང་མཚམས་རེར་དེ་འདྲའི་གནས་སྟངས་འོག་ལ་སྨན་བཅོས་སྐབས་སྨན་རིན་གྱིས་ཁྱེད་རང་ཧང་སང་བཅུག་གི་རེད།

Owning a pet is a lifetime commitment Source: Getty Images/Peter M. Fisher
གཅེས་ཉར་སེམས་ཅན་བདག་པོ་ཚོས་ངེས་པར་དུ་གཅེས་ཉར་སེམས་ཅན་ཆེད་ཉེན་སྐྱོབ་མ་འཇོག Pet Insurance ངེས་པར་དུ་བཟོ་དགོས་པའི་ངས་སེམས་སྟེང་ནས་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག
མར་ཆི་ March ལགས་ནི་རྒྱལ་ཡོངས་གཅེས་ཉར་སེམས་ཅན་ཉར་སྒྲུབ་བྱེད་པའི་ཟླ་བའི་ནང་གཅེས་ཉར་སེམས་ཅན་གསོ་ཉར་ཁང་ནང་དུ་ལས་ཀ་བྱེད་བཞིན་ཡོད། ཁོང་གིས་མི་རྣམས་ལ་གཅེས་ཉར་སེམས་ཅན་སྐོར་གོ་རྟོགས་སྤེལ་བ་དང་གཅེས་ཉར་སེམས་ཅན་གསོ་སྐྱོང་བྱེད་སྟངས་སྐོར་ངོ་སྤྲོད་བྱེད་བཞིན་ཡོད། གལ་སྲིད་ཁྱེད་རང་གི་ནང་ལ་གཅེས་ཉར་སེམས་ཅན་ཞིག་ཉར་འདོད་ཡོད་ཚེ་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོང་བར་གཅེས་ཉར་སེམས་ཅན་ཞིག་མགོ་སྒྲུབ་དང་ཡང་ན་གསོ་སྐྱོང་བྱ་རྒྱུར་བསམ་གཞིག་གནང་རོགས།