གཞིས་སྤོ་བ་རྣམས་ལ་དབྱིན་ཡིག་དང་གཞིས་ཆགས་ལག་རྩལ་སྐོར་རིན་མེད་སློབ་ཁྲིད།

དབྱིན་སྐད་ཤེས་ཀྱང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་སྐྱེལ་བར་དཀའ་ལས་ཁག་པོ་ཡོད། གལ་སྲིད་དབྱིན་སྐད་མ་ཤེས་ན་ཉིན་རེའི་བྱེད་སྒོ་དཔེར་ན། ཚོང་ཁང་ནང་ཉོ་ཆ་རྒྱག་པ་དང་སྨན་ཁང་སོགས་ལ་འགྲོ་དགོས་དུས་དཀའ་ངལ་ཆེན་པོ་འཔྲད་བཞིན་ཡོད། དེར་བརྟེན་ཨོ་སི་ཊོ་ལི་ཡ་གཞུང་གིས་གཞིས་སྤོ་བ་རྣམས་ལ་དབྱིན་སྐད་དང་གཞན་ཡང་འཚོ་བའི་ལག་ཤེས་འདྲ་མིན་རིན་མེད་ཐོག་སློབ་ཁྲིད་གནང་གི་ཡོད།

female student, adult learning

Source: Getty Images/Emilija Manevska

གནས་ཚུལ་གསལ་འདོན། 

  • AMEP ཞེས་ན་གཞོན་གཞིས་སྤོ་བ་རྣམས་ལ་དུས་ཡུན་ཆུ་ཚོད་ ༥༡༠ རིང་དབྱིན་སྐད་སློབ་ཁྲིད་དང་གཞན་ཡང་ཨོ་སོ་ཊོ་ལི་ཡའི་ནང་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སྐོར་རིན་མེད་ཐོག་སློབ་ཁྲིད་བྱེད་བཞིན་ཡོད།
  • རིན་མེད་ཀྱི་སློབ་དེ་རག་པར་ན་གཞོན་རྣམས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་འབྱོར་བ་དང་ཡང་ན་ཨོ་སི་ཊོ་ལི་ཡ་གཞུང་གིས་ལག་རྩལ་དང་ཤེས་ཡོན་ལས་རིམ་སྐོར་འདྲི་བཀོད་ཟིན་ནས་ཟླ་བ་ ༦ ནང་ཚུད་ཐོ་འགོད་འཛུལ་ཞུགས་བྱེད་དགོས་པ་ཡིན། 
  • སློབ་ཕྲུག་སུ་ཞིག་གི་ཕྲུ་གུ་སློབ་ལོ་ལས་འོག་ཏུ་ཡིན་ཚེ་འཛིན་གྲྭ་སྐབས་སུ་ཕྲུ་གུ་ལྟ་སྐྱོང་བྱེད་མཁན་བུ་བཅོལ་ཁང་རིན་མེད་རག་གི་ཡོད། 

ནང་མི་དང་ལག་རྩལ་ཅན་དེ་བཞིན་འགྲོ་བ་མིའི་ཀུན་སྤྱོད་དང་འབྲེལ་བའི་ཐོངས་ཆེན་ཐོག་ཡོང་མཁན་དབྱིན་སྐད་ཡག་པོ་མི་ཤེས་མཁན་རྣམས་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་དུས་ཚོད་ངེས་ཅན་ཞིག་གི་ནང་རིན་མེད་ཐོག་དབྱིན་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པ་དེར་དར་མ་གཞིས་སྤོ་བར་དབྱིན་སྐད་ལས་རིམ་ (AMEP) ཞེས་ཟེར་གྱི་ཡོད། 

 

AMEP ཞེས་པའི་རིན་མེད་དབྱིན་སྐད་མཐུན་འགྱུར་དེ་བཞིན་ཐོངས་ཆེན་དང་ཡང་ན་ཨོ་སི་ཊོ་ལི་ཡའི་ནང་འབྱོར་ནས་ལོ་དང་པོ་ལྔའི་ནང་གོ་སྐབས་སྤྱོད་ཐུབ་པ་བྱེད་དགོས་ཀྱི་ཡོད།

གཞིས་ཆགས་ལག་རྩལ་དེའི་ནང་སློབ་ཚན་ཁག་ནི་སྨན་གཡོག་ལག་རྩ་དང་། ཛ་དྲག་ཞབས་ཞུ། གཞུང་དང་ཚོགས་སྡེ་ཁག་གི་ནང་ཞབས་ཞུ། གཞན་ཡང་དངུལ་ཁང་སོགས་ཀྱི་ནང་ཕྱག་ལས་གནང་སྟངས་སློབ་ཁྲིད་གནང་གི་ཡོད། 

ཁ་ཐེ་རེན་ཌེ་ཝ་ལན་ Catherine Devlin ནི་དར་མའི་སྦྱོང་བརྡར་གྱི་དོ་དམ་པ་ཞིག་རེད། ཁོ་མོས་དར་མ་རྣམས་ཀྱིས་རིན་མེད་དབྱིན་ཡིག་སློབ་ཁྲིད་དེ་རག་པར་ཨོ་སི་ཊོ་ལི་ཡའི་ནང་འབྱོར་ནས་དུས་ཡུན་ཟླ་བ་ ༦ ནང་ཚུད་དུ་ཐོ་འགོད་བྱེད་དགོས་པ་རེད། བྱིས་པ་དང་ལོ་ཆུང་ལོ་ན་ ༡༨ མན་ཚོས་སློབ་སྦྱོང་གོ་སྐབས་རག་པར་ཟླ་བ་ ༡༢ ནང་ཚུད་ཐོ་འགོད་བྱེད་ན་འགྲིག་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག 

གལ་སྲིད་ཁྱེད་རང་ཨོ་སི་ཊོ་ལི་ཡའི་ནང་བསྡད་ནས་དུས་ཡུན་ཟླ་བ་ ༦ ལས་མང་བ་ཕྱིན་ཡོད་པ་དང་། གཞི་རྩ་དབྱིན་ཇིའི་གནས་ཚད་གང་འཚམ་ཡོད་ཀྱང་ལས་ཀ་འཚོལ་ཆེད་ད་དུང་དབྱིན་སྐད་ཡར་རྒྱས་གཏོང་འདོད་ཡོད་ཚེ་སློབ་སྦྱོང་དང་ལས་ཀ་ཆེད་ལག་རྩལ་ལས་རིམ་   ཞེས་པའི་དྲ་ཚིགས་འདིར་གཟིགས། 

SEE ཞེས་པའི་ལས་རིམ་འདི་ལས་ཀ་འཚོལ་མཁན་རྣམས་ཀྱི་ཆེད་དུ་དབྱིན་སྐད་དང་ལག་རྩལ་སློབ་ཁྲིད་ཆེད་ཀྱི་ལས་རིམ་ཞིག་ཡིན་ཞིང་། དེ་ཡང་ཁྱོན་དུས་ཡུན་ཆུ་ཚོད་ ༦༥༠ རིང་རིན་མེད་ཐོག་ལག་ཤེས་སྣ་ཚོགས་སྦྱོང་བརྡར་སྤྲོད་ཀྱི་ཡོད། 

Mehako Obaidullha ནི་སྔོན་མ་ཨ་ཧྥ་གྷ་ནི་སི་ཐན་ནས་ཡོང་བའི་སྐྱབས་བཅོལ་བ་ཞིག་ཡིན་ཞིང་། ཁོང་གིས་ཨོ་སི་ཊོ་ལི་ཡའི་ནང་ཡོང་མཁན་གཞིས་སྤོ་བ་དང་སྐྱབས་བཅོལ་བ་སོགས་མང་ཆེ་བ་སྐད་ཡིག་གི་གནས་ཚད་དམའ་པོ་ཡིན་པས་ངལ་རྩོལ་གྱི་དཀའ་ངལ་ཁག་པོ་ཡོད་པ་རེད། ཁོང་ཚོས་ལས་ཀ་བྱེད་སར་ཞུ་གཏུགས་བྱེད་ཐུབ་ཀྱི་མེད། ཁོང་ཚོས་ཞུ་གཏུགས་བྱེད་སྟངས་ཤེས་ཀྱི་མེད། ཁོང་ཚོས་སོ་སོའི་དོན་དག་གླེང་ཐུབ་ཀྱི་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་འདུག ཨོ་སི་ཊོ་ལི་ཡ་ཁྱོན་དུ་དར་མ་གཞིས་སྤོ་བ་རྣམས་ཀྱི་དབྱིན་སྐད་སློབ་ཁྲིད་ཀྱི་ལས་རིམ་ལྟེ་གནས་ཁག་ ༣༠༠ ཙམ་ཡོད་པ་རེད། 

དར་མ་གཞིས་སྤོའི་དབྱིན་ཡིག་སློབ་ཁྲིད་ལས་གཞི་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས། 

ཁྱེད་རང་གི་སྡོད་གནས་འགྲམ་དུ་དར་མར་སློབ་སྦྱོང་སྤྲོད་མཁན་དྲ་ཐག་འདི་ནས་གཟིགས་ཞིབ་གནང་རོགས་ 


Share
Published 10 July 2020 10:06am
Updated 10 July 2020 7:09pm
By Josipa Kosanovic
Presented by Sangyal Dorjee


Share this with family and friends