ཁང་པའི་བུན་ལོན་གཡར་སྐབས་དངུལ་སྐྱེད་ཚད་གཞི་གཏན་འཇགས་དང་འགྱུར་བ་ཅན་གཉིས་དབར་གདམ་ཀ་མ་ནོར་བ་བྱེད་དགོས།

དངུལ་ཁང་ནས་ཁང་པའི་བུན་ལོན་གཡར་སྐབས་སྐྱེད་ཀ་བརྒྱ་ཆ་སྤྲད་ཕྱོགས་ཐད་ Fixed གཏན་འཇགས་བཟོས་པ་དང་། ཡང་དུས་ཚོད་དང་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་ནས་སྐྱེད་ཀ་འཕར་ཆགས་འགྲོ་བའི་ Variable འགྱུར་བ་ཅན་གཉིས་དབར་ཁྱད་པར་ཆེན་པོ་ཡོད་ཅིང་། འཕེལ་གྲིབ་འགྱུར་བ་ཅན་དེ་བདམས་ཚེ་སྐབས་རེར་སྐྱེད་ཀ་མར་ཆགས་པ་དང་སྐབས་རེར་ཡར་འཕར་འགྲོ་བ་དང་། འགྱུར་མེད་གཏན་འཇགས་དེ་བདམས་ཚེ་གཏན་འཇགས་བཟོས་པའི་དུས་ཡུན་དེའི་ནང་ཡར་འཕར་མར་ཆགས་གང་ཡང་བྱེད་ཀྱི་མེད། འོན་ཀྱང་རྗེས་སུ་གཏན་འཇགས་ཆིངས་ཡིག་མེད་པ་བཟོ་འདོད་ཚེ་སྐབས་རེར་དེའི་དོད་དུ་སྒོར་མོ་སྤྲད་དགོས་ཀྱི་ཡོད་པ་རེད།

Calculator, house, keys

Source: Getty Images/krisanapong detraphiphat

ཁྱེད་རང་གིས་ཁང་པའི་བུན་ལོན་གཡར་སྐབས་ཁྱེད་རང་ལ་བུན་ལོན་གྱི་སྐྱེད་ཀ་བརྒྱ་ཆ་སྤྲད་ཕྱོགས་ཐད་དུས་ཡུན་ངེས་ཅན་ཞིག་གི་ནང་དངུལ་སྐྱེད་ Fixed-Term དུས་བཅད་གཏན་འཇགས་ཚད་གཞི་དང་། ཡང་ན་དུས་བསྟུན་འགྱུར་བ་ Variable ཅན་གྱི་ཚད་གཞི་གཉིས་གང་ཞིག་དགོས་མིན་སྐད་ཆ་འདྲི་ཡི་ཡོད་པ་རེད། 

འདེམ་ཀ་གཉིས་ལས་སྐབས་དེར་གཅིག་ལས་གཅིག་ཡག་བ་མཐོང་སྲིད་པས་ཐག་གཅོད་མ་བྱས་སྔོན་ལ་ཁྱེད་རང་གི་དཔལ་འབྱོར་གྱི་གནས་སྟངས་དང་སྐབས་དེའི་ཁྲོམ་ར་དཔལ་འབྱོར་འགྱུར་འགྲོས་ལ་ཞིབ་འཇུག་དང་བསམ་བློ་ཞིབ་ཕྲ་གཏོང་དགོས་པ་ཡིན།

དུས་བཅད་གཏན་འཇགས་བུན་ལོན། Fixed-term loan

གཏན་འཇགས་སྐོར་ཐང་གི་བུན་གཡར་ནི་ཁྱེད་རང་གི་དངུལ་ཁང་གང་ནས་བུན་ལོན་གཡར་ཡོད་ཀྱང་སྐྱེད་ཀ་མཐོ་དམའི་ཚད་གཞི་གཅིག་ལ་བཟོ་གི་ཡོད་པ་རེད། སྐྱེད་ཀ་སྐོར་ཐང་དེ་རྗེས་སུ་ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་ RBA ནས་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པར་ཁྱེད་རང་དང་དངུལ་གཡར་མཁན་གྱི་དངུལ་ཁང་གཉིས་དབར་དུས་བཅད་ཆིངས་ཡིག་བཞག་པ་དེའི་རིང་འགྱུར་བ་གང་ཡང་འགྲོ་ཡི་མེད་པ་རེད། 

དངུལ་ཁང་མང་ཆེ་བ་ཞིག་གིས་སྐྱེད་ཀ་གཏན་འཇགས་ཀྱི་ཚད་གཞི་འགྲོ་ལུགས་དེ་ལོ་ ༡ ནས་ ༤ བར་སྤྲད་ཀྱི་ཡོད། དུས་ཡུན་དེའི་རིང་སྐྱེད་ཀ་མཐོ་དམའ་བརྒྱ་ཆ་གཅིག་པ་མ་གཏོགས། ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་གིས་སྐྱེད་ཀ་བརྒྱ་ཆ་མཐོ་རུ་དང་དམའ་རུ་ཇི་ལྟར་བཏང་རུང་ཁྱེད་རང་གི་སྐྱེད་ཀ་ལ་འགྱུར་བ་འགྲོ་གི་མེད་པ་རེད།
African couple shaking hands with financial advisor
When taking out a home loan, most lenders would ask you to choose between a fixed-term and a variable loan. Source: Getty Images/ Ariel Skelley

 ཁང་པའི་བུན་གཡར་ཐད་བར་ཚོང་རྒྱག་མཁན་ Broker ཕི་ཊར་རུ་ཌོ་ཁེ་ Peter Ruddock ལགས་ཀྱིས་ཁྱེད་རང་གིས་མ་འོངས་ལོ་ ༣ ནང་སྐྱེད་ཀའི་ཚད་གཞི་ག་ཚོད་ཆགས་རྒྱུ་ཡིན་མིན་ཤེས་ཀྱི་ཡོད་པ་དང་། བཀར་འཇུག་དངུལ་ཁང་གིས་འགྱུར་བ་དེས་ཁྱེད་ཀྱི་བུན་གཡར་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་ཅེས་གསུངས་འདུག

དངུལ་ཁང་གིས་ཁྱེད་རང་གི་བུན་གཡར་དེ་ལོ་ ༣༠ ཙམ་རིང་བཞག་གི་ཡོད་པ་དང་དེའི་རྒྱུ་མཚན་ནི་ཁོང་ཚོས་ཁྱེད་རང་གི་ས་ནས་སྐྱེད་འབབ་མང་པོ་རག་འདོད་ཡོད་པས་རེད།

བུན་གཡར་གྱི་སྐྱེད་ཀ་མཐོ་དམའ་གཏན་འཇགས་བཟོས་ཚེ་གལ་སྲིད་དུས་ཐུང་ནང་སྐྱེད་ཀ་ཡར་འཕར་བ་དེ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་། ཡང་གལ་སྲིད་སྐྱེད་ཀ་མར་ཆགས་བཞིན་ཡོད་ཚེ་ཁྱེད་རང་སྐྱེད་ཀ་མཐོ་པོ་དེ་མུ་མཐུད་ནས་སྤྲོད་དགོས་ཀྱི་ཡོད་པ་རེད།

དངུལ་ཁང་མང་ཆེ་བ་ཞིག་གིས་ལོ་རེའི་ནང་ཁྱེད་རང་གི་བུན་ལོན་འཇལ་དགོས་རྒྱུའི་ཚད་གཞི་སྒང་ལ་དངུལ་གྲངས་ངེས་ཅན་ཞིག་མ་གཏོགས་སྣོན་བཅུག་གི་མེད་པ་རེད།

འགྱུར་བ་གཏང་ཆོག་པའི་ཁང་པའི་བུན་གཡར། Variable home loan

འགྱུར་བ་གཏང་ཆོག་པའི་ཁང་པའི་བུན་གཡར་དེར་བུན་ལོན་མགྱོག་པོ་སོབ་ཆེད་བུན་འཇལ་ཐོལ་པ་སྤྲད་ཆོག་པ་སོགས་སྟབས་བདེ་བ་ཡོད་པ་དང་། དེ་བཞིན་དགོས་གལ་བྱུང་ཚེ་ཁྱེད་རང་གི་བུན་ལོན་དེ་ལ་དངུལ་འཕར་མའང་བླུག་ཆོག་གི་ཡོད་པ་རེད། 

བར་ཚོང་བ་སྐུ་ཞབས་ཕི་ཊར་ལགས་ཀྱིས་གལ་སྲིད་ཁྱེད་རང་གི་དངུལ་མང་བ་འཇལ་བ་ཡིན་ན་ཁྱེད་རང་གི་བུན་ལོན་མགྱོག་པོ་མེད་པ་ཆགས་འགྲོ་རྒྱུ་རེད། དེ་བཞིན་གལ་སྲིད་ཁྱེད་རང་གིས་བུན་ལོན་དངུལ་ཐོལ་པ་བླུག་ཡོད་ཚེ་བུན་ལོན་གསོག་འཇོག་དེའི་ནང་ནས་ཕྱིར་ཡང་བཏོན་ཆོག་གི་ཡོད་པ་རེད། དེ་ནི་དཔེར་ན་ཁྱེད་རང་གི་གསོག་འཇོག་དངུལ་ཁང་ལྟ་བུར་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡིན་ནའང་སྐྱེད་ཀའི་བརྒྱ་ཆ་ཚད་གཞི་དེ་སྐབས་རེར་ཡར་འཕར་བ་དང་སྐབས་རེར་མར་ཆགས་འགྲོ་གི་ཡོད་པ་རེད། 

འགྱུར་བ་གཏང་ཆོག་པའི་འགྲོ་ལུགས་དེ་ཁོ་ནའི་ཐོག་ནས་གལ་སྲིད་དངུལ་ཁང་གིས་སྐྱེད་ཀ་བརྒྱ་ཆ་ཉུང་དུ་བཏང་ཡོད་ཚེ་ཁྱེད་རང་གིས་མུ་མཐུད་ནས་བུན་ལོན་མང་བ་སྤྲད་ཐུབ་ན་བུན་ལོན་མགྱོག་པོ་གསོབ་ཐུབ་ཀྱི་ཡོད། འོན་ཀྱང་ཕྱོགས་གཞན་པ་ཞིག་ནི་འགྱུར་བ་གཏང་ཆོག་པའི་འགྲོ་ལུགས་དེའི་ཐོག་ནས་གལ་སྲིད་སྐྱེད་ཀའི་བརྒྱ་ཆ་ཡར་འཕར་ཚེ་ཁྱེད་རང་གི་ཀྱང་འཆར་ཅན་གྱི་བུན་ལོན་མང་བ་སྤྲོད་དགོས་འཁེལ་གྱི་ཡོད་པ་རེད།

Image

བུན་ལོན་གཡར་མཁན་མང་པོ་ཞིག་གིས་ཁང་པའི་བུན་ལོན་སྤྲད་ཕྱོགས་ཐད་ཁག་གཉིས་བགོས་ཀྱི་ཡོད། དེ་ནི་གལ་སྲིད་ཁྱེད་རང་གི་འདེམ་ག་གཉིས་ལས་ཐག་ཆོད་མ་བྱུང་ཚེ་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད།་

བུན་ལོན་གཡོར་མཁན་གྱི་ཉེན་སྲུང་མ་འཇོག Lenders Mortgage Insurance

གལ་སྲིད་བུན་ལོན་གཡོར་མཁན་གྱིས་བུན་ལོན་སྤྲད་མ་ཐུབ་ཚེ་གཡོར་མཁན་གྱི་ཉེན་སྲུང་མ་འཇོག་དེས་སྲུང་སྐྱོབ་བྱེད་ཀྱི་ཡོད། བུན་ལོན་ལེན་མཁན་མང་ཆེ་བས་གལ་སྲིད་མ་རྩ་ལས་བུན་ལོན་བརྒྱ་ཆ་ ༨༠ ལྷག་གཡར་ཡོད་ཚེ་ངེས་པར་དུ་གཡོར་མཁན་གྱི་ཉེན་སྲུང་མ་འཇོག་དེ་བཟོ་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད། 

ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཚིགས་དེའི་ཐོག་ནས་གཟིགས་རོགས་ .


Share
Published 1 October 2021 4:03pm
Updated 1 October 2021 8:02pm
By Sneha Krishnan


Share this with family and friends