ལུས་པོའི་འགུལ་སྐྱོད་དང་བཟའ་བཏུང་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཁྱེད་ཚོས་ཉིན་ལྟར་ལུས་ཕུང་བདེ་ཐང་ཡོང་བ་རྒྱུན་འཁྱོངས་བྱེད་ཐུབ་པའི་བྱ་བ་གཉིས་ཡིན།
དེ་མིན་ད་དུང་ཆང་རག་ཚད་བཀག་དང་། ཐ་མག་གཅོད་པ། སྤྱི་ཚོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱ་རྒྱུ་ཚུད་ཡོད།
ལུས་པོའི་འགུལ་སྐྱོད།
སློབ་དཔོན་ཁྲེ་ཌི་མན་ Prof Tiedemann ལགས་ཀྱིས་ལུས་པོའི་འགུལ་སྐྱོད་ཀྱིས་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་བ་མ་ཟད། ལོ་ན་རྒས་དུས་ནད་རིགས་འབྱུང་བར་སྔོན་འགོག་བྱེད་ཐུབ་པའི་དཔང་རྟགས་མང་པོ་ཡོད་ཅེས་གསུངས་འདུག
སིཌ་ནངི་གཙུག་ལག་སློབ་ཆེན་གྱིས་ཆེད་མཁས་པ་ཚོས་མི་ཞིག་གིས་དེ་རིང་དང་བདུན་ཕྲག་འདི་ནས་ལུས་སྦྱོང་ལག་བསྟར་བྱས་ཚེ་ཁེ་ཕན་གྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་སྐོར་བརྗོད་འདུག
མི་སྒེར་གྱི་ལུས་པོའི་འགུལ་སྐྱོད་ག་ཚོད་ལ་ཞུགས་དགོས་མིན་སྐོར་ལ་སློབ་དཔོན་ཁྲེ་ཌི་མན་ལགས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཛུབ་སྟོན་བསྟན་པའི་ ལོ་ན་ཆེ་ཆུང་དང་། གཅོང་ནད། དབང་པོ་སྐྱོན་ཅན་ཡིན་མིན་ལ་གཞིར་བཅོལ་དགོས་པའི་ལམ་སྟོན་གནང་འདུག
ལོ་ན་ཆེ་ཆུང་དང་། དབང་པོ་སྐྱོན་ཅན་ཡིན་མིན་ལ་མ་བལྟོས་པར་ལམ་སྟོན་གཙོ་བོར་ལུས་པོ་འགུལ་སྐྱོད་དེ་མི་ཚང་མ་ལ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
“"གལ་ཏེ་ཁྱོད་ཀྱིས་སློབ་སྟོན་བྱེད་ཕྱོགས་ནང་འོས་སྦྱོར་བྱས་པའི་ལུས་པོའི་འགུལ་སྐྱོད་ཀྱི་ཚད་ལ་སླེབས་མ་ཐུབ་ནའང་། ང་ཚོས་ད་དུང་དངོས་གནས་གསལ་པོར་ཤེས་ཐུབ་པ་ནི། སྦྱོང་བརྡར་དང་ལུས་པོའི་འགུལ་སྐྱོད་གང་ཞིག་ཡིན་རུང་ཚང་མར་ཕན་ཐོགས་ཡོད་
"
ཁོ་མོས་ལུས་པོའི་འགུལ་སྤྱོད་ནི་རྣམ་པ་མི་འདྲ་བ་སྣ་ཚོགས་ནས་ཡོང་གི་ཡོད་པས་ངེས་པར་དུ་ལུས་རྩལ་དང་། ལུས་སྦྱོང་གི་ཚོགས་ཆུང་དེ་འདྲ་ཞིག་ཡིན་དགོས་ཀྱི་མེད་ཅེས་གསུངས་འདུག
ལུས་པོའི་འགུལ་སྤྱོད་ནི་ཕྱི་ལོགས་ལ་འཆམ་འཆམ་འགྲོ་བ་དང་། ནང་ལས་བྱེད་པ། ཁང་པའི་ཕྱི་ནང་ལ་ལས་ཀ་བྱེད་པ། ལྡུམ་རར་ལས་ཀ་བྱེད་པ་དེ་དག་ཚང་མ་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་རྒྱུ་རྐྱེན་ཆགས་ཡོད་པ་རེད་ཅེས་གསུངས་འདུག
2. ཟས་སྤྱོད་རན་པ་བསྟེན་པ།
སློབ་དཔོན་ཁྲེ་ཌི་མན་ལགས་ཀྱིས་ཟས་སྤྱོད་རན་པ་བསྟེན་ཚེ་དེས་དུས་ཡུན་རིང་པོའི་ན་ཚའི་རིགས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་མ་ཟད། རྒྱག་ནད་ཀྱི་ན་ཚའི་ཉེན་ཁ་ཡང་ཆུང་དུ་གཏོང་བའི་ཕན་ཐོགས་ཡོད་པ་རེད་ཅེས་གསུངས་འདུག
ཟས་བཅུད་དང་ལྡན་པའི་ཟས་སྤྱོད་ཀྱིས་ཁྱེད་རང་གི་གཟུགས་པོ་བདེ་ཐང་དང་། རུས་པ་མཁྲེག་ཏུ་གཏོང་བ། ཚོར་སྣང་ལ་གསོན་ཤུགས་སླེབས་པ་བཅས་ལ་ཕན་ཐོགས་ཡོད།
“བཟའ་གཏུང་གི་མང་ཉུང་ཚད་རན་པ་བསྟེན་པ་དང་། ཟས་ཚོད་མེད་མི་བཟའ་བ། མངར་མོའི་རིགས་ཉུང་དུ་གཏོང་བ་བཅས་ནི་ཧ་ཅང་གལ་ཆེན་ཡིན་ཞིང་། ད་ལྟའི་ཆར་སྤྱི་ཚོགས་ནང་དེ་དག་གནད་དོན་ཆེན་པོ་ཞིག་ཆགས་ཡོད།"
ཨོ་སི་ཊོ་ལི་ཡའི་བཟའ་གཏུང་ལམ་སྟོན་ ནས་བཟའ་བཏུང་གི་རིགས་དང་། ཚད་གཞི། ཟས་རིགས་ཚོགས་པ་དང་བཟའ་གཏུང་གི་རྣམ་པ་བཅས་གསལ་སྟོན་བྱས་ཡོད།
དེས་ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་ཟས་རིགས་ཚོགས་པ་ལྔའི་ནང་ནས་འཚོ་བཅུད་ལྡན་པའི་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་རྒྱུར་སྐུལ་མ་གཏོང་བདང་། དེ་དང་ཆབས་ཅིག་ནང་ལ་འཁྱེར་ནས་འགྲོ་བའི་ཁ་ལག་ཀྱི་རིགས་ཚོད་འཛིན་བྱེད་དགོས་པའི་ལམ་སྟོན་དང་དེ་དག་གི་ཟས་བླུག་སྣོད་ནང་ཞག་ཚིལ་དང་། ཚ། མངར་མོ། ཨ་རག་སོགས་ཁ་སྣོན་བྱས་ཡོད་པས་ཡིན།
3. ཆང་རག་ཚོད་འཛིན་དང་ཐ་མག་སྤོངས་དགོས།
སློབ་དཔོན་ཁྲེ་ཌི་མན་ལགས་ཀྱིས་ང་ཚོས་ཤེས་གསལ་ལྟར་ཆང་རག་ཚད་བཀག་དང་། ཐ་མག་སྤོངས་དགོས་རྒྱུ་དེ་གལ་ཆེན་པོ་རེད་དེ་དག་གིས་ང་ཚོའི་འཚོ་བ་ནང་ནད་རིགས་མང་པོ་ཞིག་བཟོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆང་རག་གི་རྐྱེན་པས་ལོ་ལྟར་མི་ས་ཡ་ ༣ ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་དང་། ཆང་རག་གི་རྐྱེན་པས་མི་ས་ཡ་མང་པོ་ཞིག་བདེ་ཐང་མེད་པ་དང་དབང་པོ་སྐྱོན་ཅན་བཟོ་བཞིན་ཡོད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་དང་བདེ་ཐང་ལྟེ་གནས་ (AIHW) ཀྱིས་ཡིག་ཆ་བཏོན་པར་ལྟར་ན། ཕྱི་ལོ་ ༢༠༢༢ ལོར་ཨོ་སི་ཊོ་ལི་ཡའི་ནང་ཆང་རག་གིས་རྐྱེན་པས་ཁྱོན་མི་གྲངས་ ༡༤༥༢ འདས་གྲོངས་སུ་ཕྱིན་ཡོད་པའི་ཐོ་འགོད་བྱས་ཡོད་པ་དང་། དེའི་ནང་བརྒྱ་ཆ་ ༧༣ ནི་སྐྱེས་པ་ཡིན་འདུག
ཕྱི་ལོ་ ༢༠༢༢ ལོར་ཨོ་སི་ཊོ་ལི་ཡའི་ཆང་རག་སྐོར་ལམ་སྟོན་ ཞིག་བཏོན་ཡོད་པ་དང་། དེའི་ནང་ཆང་རག་འཐུང་བ་ལས་འཕྲོད་བསྟེན་ཉེན་ཁ་ཆུང་དུ་གཏོང་ཐབས་སྐོར་བསྟན་ཡོད།
འབྲས་སྐྲན་ལྷན་ཚོགས་ཀྱིས་ཆང་རག་གི་གོམས་གཤིས་ངན་པ་སྤོངས་ཐབས་སྐོར་ལམ་སྟོན་གནང་ཡོད་པ་དང་། ཁོང་ཚོས་ཆང་རག་མི་སྤྱོད་པའི་ཉིན་མོ་དང་ཁ་སྐོམ་དུས་ཆུང་འཐུང་དགོས་པའི་ལམ་སྟོན་གནང་ཡོད།
ཨོ་སི་ཊོ་ལི་ཡའི་ནང་ཐ་ཁག་གིས་ལོ་རེར་ཧ་ལམ་ཁྱོན་མི་གྲངས་ ༢༠༥༠༠ ཙམ་གསོད་ཀྱི་ཡོད་འདུག
4. སྤྱི་ཚོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ།
སློབ་དཔོན་ཁྲེ་ཌེ་མན་ལགས་ཀྱིས་སྤྱི་ཚོགས་ནང་ཁེར་རྐྱང་གི་ཚོར་བ་དེ་དཀའ་ངལ་ཆེན་པོ་ཞིག་ཡིན་སྐོར་གསུངས་འདུག་པ་དང་། མི་གཞན་ལ་འབྲེལ་འདྲིས་ཉུང་རྐྱེན་མཚམས་རེ་མི་ཞིག་གི་ཉེ་འཁོར་རུ་མི་མང་པོ་ཞིག་ཡོད་ཀྱང་ཚོར་སྣང་དེ་ཡོང་གི་ཡོད་སྐོར་བརྗོད་འདུག
"འདི་ནི་ཉེ་འགྲམ་གྱི་མི་དང་འབྲེལ་འདྲིས་བྱེད་པའི་ཚོར་སྣང་དང་ང་ཚོའི་འཚོ་བའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ཚོར་སྣང་ཡིན།"
"རང་ཉིད་ཀྱིས་མི་གཞན་ལ་དོན་སྙིང་ལྡན་པའི་ཚོར་སྣང་བྱུང་བ་མ་ཟད། ད་དུང་ཁྱོད་ཀྱིས་མི་གཞན་ལ་སེམས་ཁུར་བྱེད་པ་གསལ་བཤད་བྱས་ཡོད། མིའི་བར་གྱི་འབྲེལ་བ་དེ་དག་ཚང་མ་དངོས་གནས་གལ་འགངས་ཆེ་བ་ཞིག་ཡིན།"
ཁོ་མོས་མི་དང་མིའི་དབར་འབྲེལ་བ་དེ་ཐབས་ལམ་སྣ་ཚོགས་ནས་ཡོང་གི་ཡོད་པ་དང་། དེ་ཡང་དཔེར་ན་དང་བླངས་ཀྱི་ལས་ཀ་དང་སྤྱི་ཚོགས་ནང་ལས་དོན་ཁག་ལ་མཉམ་ཞུགས་བཅས་ལས་ཡོང་གི་ཡོད་ཅེས་གསུངས་འདུག
"[དང་བླངས་ཞབས་ཞུ་]ནི་མི་གཞན་དང་སྤྱི་ཚོགས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐབས་ཤེས་ཤིག་ཡིན་ཞིང་། ཐུན་མོང་དུ་དམིགས་ཡུལ་གཅིག་ཏུ་སྦྲེལ་བ་ནི་མི་མང་པོ་ཞིག་གིས་ལུས་རྩལ་ནི་དངོས་གནས་ཕན་ཐོགས་ཡོད་པ་ཞིག་ཡིན་པ་ཤེས་ཐུབ།"
"ཁྱེད་ཚོར་ཚོགས་པའི་རྨང་གཞིའི་ཐོག་གི་ལུས་རྩལ་བྱ་འགུལ་ཞིག་ཡོད། ཁྱེད་ཚོ་ཚང་མས་དེ་དང་འདྲ་བའི་མཇུག་འབྲས་ལ་དམིགས་ནས་དེ་ལྟར་འབྲེལ་མཐུད་བྱེད་ཀྱིན་ཡོད།"
མ་ཚད་སྤྱི་ཚོགས་དྲ་རྒྱ་བརྒྱུད་ལམ་ཁག་སྤྱད་ཏེ་བརྙན་ལམ་ནས་མི་གཞན་དང་འབྲེལ་འདྲིས་དང་། དྲ་ཐོག་ནས་ལྷན་འཛོམས་སོགས་ལ་མཉམ་ཞུགས་བྱ་རྒྱུ་གལ་ཆེ་བ་ཡིན།
ད་དུང་ཚོགས་པས་དཔེ་ཀློག་དང་། ཁྱིམ་ཚང་དགོང་ཟས། ཞབས་བྲོ་འདུ་འཛོམས་སོགས་གོ་སྒྲིག་དང་གྲོགས་པོ་ཚོ་དང་དགོང་མོ་ཁ་བརྡ་བྱེད་པའི་ལས་འགུལ་སོགས་གོ་སྒྲིག་ཡོད་པ་ཡིན།
5. རང་ཉིད་དང་ཁྱོད་ཀྱིས་སེམས་ཁུར་བྱེད་པའི་མི་དང་མཉམ་དུ་ཞིབ་བཤེར།
སློབ་དཔོན་ཁྲེ་ཌི་མན་ལགས་ཀྱིས་ཏོག་དབྱིབས་ན་ཚའི་རྐྱེན་པས་བཀག་སྡོམ་སྐབས་སུ་ཅིའི་ཕྱིར་རང་ཉིད་དང་ཁྱོད་ཀྱིས་སེམས་ཁུར་བྱེད་པའི་མི་ལ་ལྟ་རྟོག་བྱེད་དགོས་པའི་དཔེར་བརྗོད་ཡག་པོ་ཞིག་རེད་ཅེས་གསུངས་འདུག
ངའི་བསམས་པར་དེ་་ནི་གལ་ཆེན་པོ་ཞིག་རེད་འདུག ང་རང་ཉིད་དཔེ་མཚོན་ཞིག་ཆགས་ཡོད། ཏོག་དབྱིབས་ན་ཚའི་རྐྱེན་པས་ཁྱིམ་སྡོད་བཀག་སྡོམ་སྐབས་སུ་ཕ་མ་རྒན་ཁོག་སྐོར་ལ་སེམས་ཁྲལ་དང་ཁོང་ཚོར་མཐུན་རྐྱེན་ཡག་པོ་ཞིག་རག་ཐབས་བྱེད་ཀྱི་ཡོད།
འོན་ཀྱང་ཁྱེད་རང་ཉིད་ཀྱིས་ལྡོག་ཁྲིད་ལྕི་མོ་ཞིག་འཁུར་ཡོད་པ་ཤེས་ཀྱི་མེད། དེར་བརྟེན་ཁྱེད་རང་ཉིད་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེ་ཞིང་ཁྱེད་རང་གི་གང་སྒྲུབ་པ་དེ་ཚོ་ཁྱེད་རང་ཉིད་ཀྱི་བདེ་སྐྱིད་ལའང་དངོས་གནས་གལ་ཆེན་པོ་ཆགས་ཀྱི་ཡོད། ཉམས་ཞིབ་པ་ཚོས་མི་སོ་སོ་བདུན་ཕྲག་རེར་སོ་སོ་རང་ཉིད་ཀྱི་ཚོར་སྣང་དང་། གཟུགས་པོ། གཉིད། བསམ་བློ་སོགས་སེམས་ཁམས་འཕྲོད་བསྟེན་ལ་ཐེངས་རེར་བརྟག་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་འདུག
ཀློག་པ་པོ་རྣམས་ལ་རྒྱབ་སྐྱོར་དགོས་ཚེ་བདུན་ཕྲག་གཅིག་གི་ཉིན་བདུན་རིང་དུས་ཡུན་ཆུ་ཚོད་ ༢༤ རིང་ལ་ཁ་པར་ཨང་གྲངས་ ༡༣་༡༡་༡༤ ཐོག་འབྲེལ་བ་བྱེད་ཆོག་གི་ཡོད་པ་དང་། ད་དུང་རང་ཤིའི་དོན་རྐྱེན་འཕྲད་ཚེ་ཁ་པར་ཨང་གྲངས་ ༡༣༠༠་༦༥༩ ༤༦༧ ཕྲུ་གུར་རོགས་རམ་ཁ་པར་ཨང་གྲངས་ ༡༨༠༠་༥༥་༡༨༠༠ བཅས་ཡིན་ཞིང་ཁ་པར་ཨང་གྲངས་དེ་ཕྲུ་གུ་ལོ་ན་ ༥ ནས་ དར་མ་ལོ་ན་ ༢༥ བར་ལ་རོགས་རམ་གནང་མཁན་ཡིན། ཞིབ་ཕྲ་གནས་ཚུལ་དྲ་ཚིགས་ དང་ཡང་ན་