ཆུ་ལོག་གི་ཉེན་ཁའི་སྐབས་སུ་གྲ་སྒྲིག་དང་གསོན་ཐབས་ཇི་ལྟར་བྱེད་དགོས་སམ།

Road closed

Source: Getty Images/Theo Clark

གཙོ་དོན་ཁག་ཅིག

  • ཆུ་ལོག་སྐབས་མོ་ཊ་བཏང་ནས་རྩ་བ་ནས་འགྲོ་རྒྱུ་མེད། ཆུའི་མཐོ་ཚད་སན་ཊི་མི་ཊར་ ༡༥ ཙམ་ལས་མེད་ཀྱང་དེས་མོ་ཊ་མཁའ་ལ་འཕྱོར་བའམ་འདེད་ཐུབ་ཀྱི་ཡོད། 
  • གལ་སྲིད་ཁྱེད་རང་ལ་རོགས་རམ་དགོས་ཚེ་མངའ་སྡེའི་ཛ་དྲག་ཞབས་ཞུ་ SES ཡི་ཁ་པར་ཨང་གྲངས་ 13 25 00 དང་ཡང་ན་ཚེ་སྲོག་ཛ་དྲག་ཉེན་ཁའི་ནང་ལྷུང་ཡོད་ཚེ་ཨང་གྲངས་ 000 ལ་ཁ་པར་གཏོང་དགོས།

ཨོ་སི་ཊོ་ལི་ཡའི་གནམ་གཤིས་ལས་ཁུངས་ BOM ཀྱིས་དེང་སང་ཆར་པ་འབབ་ཚད་རྒྱུན་ལྡན་ལས་བརྒལ་བའི་རྐྱེན་གྱིས་དམིགས་བསལ་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཤར་ཕྱོགས་སུ་ཆུ་ལོག་གི་གནས་ཚུལ་གཏུད་མར་འབྱུང་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག

Allianz ཞེས་པའི་ཉེན་སྲུང་མ་འཇོག་ཚོང་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་ཆུ་ལོག་སྐོར་ཤེས་རྟོགས་ཉུང་དྲག་པའི་རྐྱེན་གྱིས་གྲ་སྒྲིག་མེད་པ་དང་། ཉེན་སྲུང་མ་འཇོག་ཁང་དེའི་འགན་འཛིན་མར་ཁེ་ Mark O’Connor ཡིས་སྟབས་མ་ལེགས་པ་ཞིག་ལ་སྔ་ལོར་དྲག་ཆར་དང་ཆུ་ལོག་གིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མ་གནས་ཨོ་སྒོར་ཐེར་འབུམ་ ༢་༤ ཡི་ཁང་ཁྱིམ་ལ་གནོད་སྐྱོན་ཐེབས་ཡོད་སྐོར་བརྗོད་འདུག
Standing on the roof in the storm
Source: Getty Images/Colin Anderson Productions

 སྔོན་ལ་འཆར་གཞི་དང་དེ་ནས་ཛ་དྲག་ཆེད་གྲ་སྒྲིག 

འགན་འཛིན་མར་ཁེ་ Mark ལགས་ཀྱིས་རྒྱུན་དུ་ནས་ཁྱིམ་མཚེས་དང་ས་གནས་སུ་ཡོད་པའི་ཛ་དྲག་ཞབས་ཞུ་ཁང་སོགས་དང་བཀའ་མོལ་ཞུས་ནས་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ད་དུང་ཁོང་གིས་སྡོད་ཁང་གི་ཛ་དྲག་འཆར་གཞི་བཟོ་བ་དང་གནས་ཚུལ་དེར་ནང་མིར་བཤད་དགོས་རྒྱུ་གལ་ཆེན་པོ་ཡིན་པས་མ་ཚད། ལོ་ལྟར་ཉེན་སྲུང་མ་འཇོག་གི་སྲིད་བྱུས་ལ་དོ་སྣང་བྱ་རྒྱུ་དེ་བས་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག
ཛ་དྲག་གི་གནས་ཚུལ་ཆེད་དུ་སྟབས་བདེ་སྨན་བཅོས་ཡོ་ཆས་ First Aid དང་། འཐུང་ཆུ། ཟས་རིགས། ད་དུང་སྟབས་བདེའི་ཁ་པར་གློག་གསོག་ཆས་སོགས་ལྟོ་ཕད་ནང་འཁུར་བདེ་གྲ་སྒྲིག་དགོས་རྒྱུ་གལ་ཆེན་ཡིན།
གལ་སྲིད་ཁྱེད་རང་གི་སྡོད་ཁང་དེར་ཆུ་ལོག་གི་ཉེན་ཁ་ཡོད་ཚེ་གྲ་སྒྲིག་དགོས་པ་དང་རྩ་ཆེ་བའི་དངོས་པོ་རྣམས་ས་ཆ་མཐོ་སར་དང་བདེ་འཇགས་ཡོད་ས་ཞིག་ལ་བསྐྱལ་ཐུབ་པ་བྱེད་དགོས། 

ཌེ་ཝི་ཌི་བྷ་ཁར་ David Baker ལགས་ནི་ཝི་ཊོ་རི་ཡ་མངའ་སྡེའི་ནང་ཛ་དྲག་ཞབས་ཞུ་ཁང་གི་འགན་འཛིན་གཞོན་པ་ཞིག་རེད། ཁོང་གིས་མི་རྣམས་ལ་མེ་སྐྱོན་དང་ཆུ་ལོག་གི་གནས་ཚུལ་ག་དུས་ཡིན་ནའང་ཡོང་སྲིད་པས། ཛ་དྲག་གི་ཡོ་ཆས་  ཤིག་གྲ་སྒྲིག་ངེས་པར་དུ་དགོས་སྐོར་གསུངས་འདུག ཛ་དྲག་གི་ཡོ་ཆས་གྲ་སྒྲིག་གང་འདྲ་བྱེད་དགོས་མིན་དང་ག་རེ་དགོས་ཀྱི་ཡོད་མེད་སོགས་ས་གནས་ཀྱི་ཛ་དྲག་ཞབས་ཞུ་ཁང་ SES ཡི་དྲ་ཚིགས་ཐོག་ལམ་སྟོན་བྱས་ཡོད་པ་རེད་ཅེས་གསུངས་འདུག
Tropical downpour
Source: Getty Images/Charles Briscoe-Knight

 སྐུ་ཞབས་བྷ་ཁར་ Baker ལགས་ཀྱིས་ཆུ་ལོག་གི་གནས་ཚུལ་འབྱུང་སྐབས་སྔོན་ནས་རྩྭ་རས་དང་ལྟོ་ཕད་དེ་འདྲའི་ནང་གད་སྙིགས་དང་བྱེ་མ་དེ་འདྲ་བླུག་ནས་ཆུ་ཡུར་དང་བཙོག་ཆུ་རྒྱུགས་ལམ་ནས་ཁྱེད་རང་གི་གསང་སྤྱོད་དང་བཙོག་ཆུ་ཡུར་བའི་ནང་བཙོག་ཆུ་མ་ཡོངས་བ་བཀག་དགོས་དགོས་པ་རེད་ཅེས་གསུངས་འདུག

གལ་སྲིད་ཁྱེད་རང་ལ་ཉེན་གཡོལ་བྱེད་སའི་ས་གནས་ཡོད་ཚེ། ས་གནས་དེར་མ་འགྲོ་སྔོན་ལ་འཆར་གཞི་བཟོ་དགོས་པ་དང་ས་གནས་དེར་གང་འདྲ་བྱེད་ནས་འགྲོ་དགོས་མིན་དང་། འགྲོ་སའི་ས་ཆ་དེར་བདེ་འཇགས་ཐོག་གང་འདྲ་བྱེད་ནས་སླེབས་ཐུབ་ཀྱི་ཡོད་མེད་ཤེས་དགོས་པ་ཡིན།

རྒྱུན་དུ་ནས་ཆུ་ལོག་རྒྱུག་སྲིད་པ་ཤེས་རྟོགས་བྱུང་ཚེ་སྔ་མོ་ནས་ཐོན་ཐུབ་ཚེ་བདེ་འཇགས་མང་བ་ཡོད་པ་ཡིན།  

ཆུ་ལོག་རྒྱུག་བཞིན་ཡོད་པའི་ལམ་ཁ་ཐོག་མོ་ཊ་གཏོང་ནས་འགྲོ་རྒྱུ་མེད།

སྐུ་ཞབས་བྷ་ཁར་ལགས་ཀྱིས་ Baker ཆུ་ལོག་ཤུགས་ཆེ་རྒྱུག་བཞིན་པའི་སྐབས་ཆུ་དོང་ཡོད་སར་མོ་ཊ་གཏོང་ནས་རྩ་བ་ནས་འགྲོ་རྒྱུ་མེད་པ་དང་། ཆུ་ལོག་སྐབས་ཆར་ཆུའི་ནང་མོ་ཊ་གཏོང་ནས་འགྲོ་བ་ནི་འཆི་སྐྱོན་གྱི་གནད་དོན་གཙོ་བོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག

གལ་སྲིད་ཁྱེད་རང་ཆར་པ་ཤུགས་ཆེ་འབབ་བཞིན་པ་དང་འཕྲད་ཚེ། གལ་ཆེ་ཤོས་ནི་ཕྱིར་འཐེན་བྱེད་ནས་མོ་ཊ་བདེ་འཇགས་ཡོད་ས་ཞིག་ལ་འཇོག་པའམ་ས་ཆ་མཐོ་སར་ཞིག་ལ་འགྲོ་དགོས་པ་ཡིན།
ཆུ་ལོག་སྐབས་མོ་ཊ་བཏང་ནས་རྩ་བ་ནས་འགྲོ་རྒྱུ་མེད། ཆུའི་མཐོ་ཚད་སན་ཊི་མི་ཊར་ ༡༥ ཙམ་ལས་མེད་ཀྱང་དེས་མོ་ཊ་མཁའ་ལ་འཕྱོར་བའམ་འདེད་ཐུབ་ཀྱི་ཡོད།
གལ་སྲིད་ཁྱེད་རང་མོ་ཊ་ནས་ཕྱིར་ལ་ཐོན་མ་ཐུབ་པའི་གནས་ཚུལ་ཛ་དྲག་དེ་འདྲ་འཕྲད་ཚེ་ལམ་སང་ཛ་དྲག་ཞབས་ཞུ་ 000 ལ་ཁ་པར་གཏོང་ནས་མྱུར་སྐྱོབ་རོགས་རམ་ཞུ་དགོས།
Driving through deep water
Source: Getty Images/Tobias Titz

 ཨོ་སི་ཊོ་ལི་ཡའི་རྒྱལ་རྒྱུད་ Royal ཚེ་སྲོག་སྲུང་སྐྱོབ་ཚོགས་སྡེའི་ཉམས་ཞིབ་འགན་འཛིན་ Stacey Pidgeon ལགས་ཀྱིས་གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ནའང་ཆུ་ལོགས་ནང་གོམ་པ་རྒྱག་ནས་རྩ་བ་ནས་འགྲོ་རྒྱུ་མེད་སྐོར་གསུངས་འདུག

ཁྱེད་རང་ཕྱིར་ལ་ཐོན་ཐུབ་ཀྱི་མེད་པའི་སྐབས།
གལ་སྲིད་ཆར་པའི་ཆུ་ལོག་ཆེ་རུ་ཕྱིན་ནས་ཁྱེད་རང་ཕྱིར་ལ་ཐོན་མ་ཐུབ་ཚེ། དེས་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་ཀྱི་ཡོད་པས་ཁྱེད་རང་གིས་ངེས་པར་དུ་ཛ་དྲག་ཞབས་ཞུ་ 000 ལ་ཁ་པར་གཏོང་ནས་ཚེ་སྲོག་སྐྱོབ་ཐབས་ཞུ་དགོས།

ཆུ་ལོག་ཆེ་རུ་ཕྱིན་ནས་ཕྱིར་ལ་ཐོན་མ་ཐུབ་པའི་གནས་ཚུལ་ཆགས་སྐབས་ཀྱང་ད་དུང་ཀ་ལའི་ནང་ཆུ་གཙང་མ་འབབ་བཞིན་ཡོད་པའི་སྣོད་ཞིག་གི་ནང་འཐུང་ཆུ་གཙང་མ་དེ་བླུག་ནས་ཉར་དགོས་པ་ཡིན།

ད་དུང་དྲན་སོས་དགོས་པ་ཞིག་ལ་ཟས་རིགས་མང་ཆེ་བ་ཞིག་འཁྱག་སྒམ་ནང་འཇོག་གི་ཡོད་པ་དང་གློག་མེད་པ་ཆགས་ཚེ་འཁྱག་སྒམ་ནང་གི་ཟ་མ་རྣམས་འཕྲོ་བརླག་འགྲོ་ནས་བདེ་འཇགས་མེད་པ་ཆགས་སྲིད།

ཆུ་ལོག་གིས་རྐྱེན་པས་གལ་སྲིད་ཁྱེད་རང་ཟུར་དུ་ལྷག་ཡོད་ཚེ་ཉེན་ཁའི་ནང་གཞན་ཞིག་ལ་འགྲོ་ཐབས་བྱེད་མི་རུང་། དེ་ནི་དེ་གར་བསྡད་ནས་རོགས་རམ་སྒུག་པ་ལས་ཀྱང་ཉེན་ཁ་ཆེ་བ་ཡོད།

གལ་སྲིད་ཁྱེད་རང་ཆུ་ལོག་གི་ནང་ལ་ཚུད་ཡོད་ཚེ།

  • གློག་རྒྱུན་དང་བསྟུན་ནས་འགྲོ་དགོས།
  • ལག་པ་གནམ་ལ་རྐྱོང་ནས་རོགས་རམ་དགོས་པའི་བརྡ་སྟོན་དགོས།
  • མགོ་བོ་ཡར་བལྟེགས་ནས་མགོ་ཆུའི་ནང་མ་ཚུད་པ་བྱེད་དགོས། 
  • རྒྱུག་པ་དང་སྤངས་ལེབ་སོགས་དངོས་པོ་ཞིག་ལག་གི་ནང་བཟུང་དགོས་པ་ཡིན། 
 


ས་གནས་སུ་ཡོད་པའི་མངའ་སྡེའི་ཛ་དྲག་ཞབས་ཞུ་ཁང་གི་དྲ་ཚིགས་དང་ཡང་ན་དྲ་ཚིགས་  ཐོག་ཆུ་ལོག་རྒྱུགས་སྐབས་གྲ་སྒྲིག་ག་རེ་དགོས་ཀྱི་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲར་གཟིགས།

གནམ་གཤིས་སྔོན་བརྡའི་གནས་ཚུལ་གསར་ཤོས་སོགས་དྲ་ཚིགས་འདི་ནས་གཟིགས། 

གལ་སྲིད་ཁྱེད་རང་ལ་ཆུ་ལོགས་རྒྱུག་སར་རོགས་རམ་དགོས་ཚེ་མངའ་སྡེའི་ཛ་དྲག་ཞབས་ཞུའི་འབྲེལ་གཏུགས་ཁ་པར་ཨང་གྲངས་ 13 25 00 ཐོག་འབྲེལ་བ་བྱེད་དགོས།

གལ་སྲིད་ཁྱེད་རང་གི་ཚེ་སྲོག་ཛ་དྲག་ཉེན་ཁའི་ནང་ཚུད་ཡོད་ཚེ་ཁ་པར་ཨང་གྲངས་ 000 ཐོག་འབྲེལ་བ་བྱེད་དགོས།

ཁྱེད་རང་ལ་སྐད་སྒྱུར་ཐོག་ནས་རོགས་རམ་དགོས་ཚེ་སྐད་རྒྱལ་ཡོངས་ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ཁང་གི་ཁ་པར་ཨང་གྲངས་ 13 14 50 ཐོག་འབྲེལ་བ་བྱེད་དགོས།
Road closed at night
Source: Getty Images/Rafael Ben-Ari

 ཨོ་སི་ཊོ་ལི་ཡའི་ནང་ཛ་དྲག་གི་གནས་ཚུལ་གསར་པ་ཁག་དང་། ཁྱེད་རང་དང་ཁྱེད་རང་གི་རྒྱུ་ནོར་སྲུང་སྐྱོབ་བྱེད་སྟངས་ལམ་སྟོན་ཁག་གཤམ་གྱི་དྲ་ཚིགས་  ཐོག་གཟིགས།


Share
Published 5 July 2022 2:02pm
Updated 5 July 2022 10:04pm
By Amy Chien Yu-Wang


Share this with family and friends