ཨོ་སི་ཊོ་ལི་ཡའི་རིག་གཞུང་འདྲ་མིན་གྱི་སོ་སོའི་སྐད་ཡིག་ཤེས་མཁན་སེམས་ཁམས་འཕྲོད་བསྟེན་ཆེད་མཁས་མི་སྣ་རག་གི་ཡོད་པ་རེད།

སྙིང་གཏམ་ཞེས་ HeartChat.com.au ཞེས་པའི་ཚོགས་པ་དེས་ཨོ་སོ་ཊི་ལི་ཡའི་ནང་སེམས་ཁམས་ནད་པ་ཚོར། ཁོང་ཚོའི་རིག་གཞུང་དང་དད་མོས་ཕན་ཚུན་རྒྱུས་ལོན་རོགས་རམ་ཆེད། ཁོང་ཚོ་རང་གི་སྐད་ཡིག་ཤེས་མཁན་སེམས་ཁམས་འཕྲོད་བསྟེན་ཆེད་མཁས་མི་སྣ་འཚོལ་རོགས་བྱེད་ཀྱི་ཡོད་འདུག

Some of the professionals listed on HeartChat.

Some of the professionals listed on HeartChat. Source: HeartChat.com.au

སི་མོན་ཋི་ (Semonti) ལགས་ཆུང་ཆུང་ཡིན་དུས་ཐོག་མར་ཁོ་མོའི་སེམས་ཁམས་འཕྲོད་བསྟེན་ཆེད་སློབ་གྲྭའི་སློབ་སྟོན་པ་ཞིག་ནས་རོགས་རམ་འཚོལ་ཡོད་འདུག

མེལ་བྷོན་གྱི་བུད་མེད་དེ་ད་ཆ་ལོ་ན་ ༢༠ ཡིན་ཞིང་། ཁོ་མོས་ཁོང་གི་སློབ་སྦྱོང་དང་མ་འོངས་པའི་འདུན་ལམ་སྐོར་གནོན་ཤུགས་ལ་གདོང་ལེན་བྱེད་དགོས་བྱུང་སྐོར་བརྗོད་དོན། "ང་རང་གཅིག་པུ་ཡིན་དང་ཨོ་སི་ཊོ་ལ་ཡ་དང་བྷང་ལ་དྷི་ཤི་ཧིན་དྷུའི་རིག་གཞུང་མ་འདྲ་བ་གཉིས་དབར་འཚར་ལོངས་ཁྲོད་དཀའ་ངལ་ཆེན་པོ་མྱངས་ཡོད་སྐོར་" SBS གསར་ཁང་ལ་འགྲེལ་བརྗོད་གནང་ཡོད། 

འོན་ཀྱང་རྗེས་སུ་ཁོ་མོས་སེམས་ཁམས་རིག་པ་བ་ཞིག་མཐོང་ཡོད་ཀྱང་། ཁོང་ནི་ཁོ་མོ་ལས་རིག་གཞུང་གི་རྒྱབ་ལྗོངས་མ་འདྲ་བ་ཡིན་སྟབས། ཁོང་ཚོས་ཁོ་མོ་དང་ཁོ་མོའི་གནས་སྟངས་སྐོར་ཤེས་རྟོགས་ཐུབ་ཀྱི་མེད་པ་ཧ་གོ་ཡོད་པ་རེད། "དེ་ནི་ང་ཚོའི་རིག་གཞུང་གི་འགོག་རྐྱེན་ཞིག་ཡིན་པ་འདྲ་"ཞེས་བརྗོད།

"གལ་སྲིད་དཔེར་ན་ལྷོ་ཤར་ཨེ་ཤེ་ཡའི་མི་ཧིན་དྷུ་ཡིན་མཁན་དེ་འདྲ་ཞིག་ཡོད་ན་ངའི་དཀའ་ངལ་དེ་སེལ་བར་ཕན་ཐོགས་ཡག་བ་ཡོང་ས་རེད་"ཅེས་འགྲེལ་བརྗོད་བྱས་འདུག

ཉེ་ཆར་རེས་གཟའ་སྤེན་པ་ཉིན་དྲ་ཐོག་ནས་རོགས་རམ་གནང་མཁན་གསར་པ་ཞིག་གསར་འཛུགས་བྱས་ཡོད་ཅིང་དེའི་དམིགས་ཡུལ་ནི། སྙིང་གཏམ་ (HeartChat) ཞེས་ཨོ་སི་ཊོ་ལི་ཡའི་ནང་སེམས་ཁམས་འཕྲོད་བསྟེན་དཀའ་ངལ་ཡོད་མཁན་ལ་རོགས་རམ་གནང་མཁན་རིག་གཞུང་དང་སྐད་ཡིག་གཅིག་པའི་རྒྱབ་ལྗོངས་ཅན་གྱི་ཆེད་མཁས་མི་སྣ་ཁོང་ཚོར་བཀོད་སྒྲིག་གནང་གི་ཡོད་འདུག
HeartChat
هارت‌چت حاوی معلوماتی چون زبان و باورهای مذهبی متخصصان نیز می‌باشد. Source: HeartChat.com.au
ལས་འཆར་དེའི་དམིགས་ཡུལ་ནི་དྲ་ཐོག་ནས་སློབ་སྟོན་པ་དང་སེམས་ཁམས་ཆེད་མཁས་མི་སྣ་དེ་འདྲ་དཀའ་ངལ་ཡོད་མཁན་མི་དེའི་སྐད་ཡིག་དང་རིག་གཞུང་། དད་མོས་ལ་ཆ་རྒྱུས་ཡོད་མཁན་གྱིས་སློབ་སྟོན་དང་། ཁོང་ཚོས་དེ་དང་མཉམ་དུ་ཆེད་མཁས་མི་སྣ་གཞན་ལ་དུས་ཆད་བཟོ་རོགས་དང་། དེ་བཞིན་ཁ་པར་ཐོག་ནས་འབྲེལ་བ་གནང་རོགས་བྱེད་ཀྱི་ཡོད་པ་རེད། 

དེ་ནི་ brainchild བྱིས་པའི་སེམས་ཁམས་ཞེས་པའི་སྨན་བསྟེན་ཁང་གི་དབང་རྩའི་ཆེད་མཁས་པ་སྨན་པ་ཇུ་ཌི་ཐང་ཁོང་ནི་ཝི་ཊོ་རི་ཡ་རིག་གཞུང་སྣ་ཚོགས་ལྷན་ཁང་གི་འགན་འཛིན་ཡང་ཡིན་ཞིང་། དེས་ལས་འཆར་འདི་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།
འབྱུང་རྐྱེན་དེ་ཁོ་མོ་ཨེ་ཤེ་ཡའི་རྒྱབ་ལྗོངས་ཅན་གྱི་མི་རིགས་ཀྱི་ཁོར་ཡུག་གཅིག་གི་ནང་ལས་ཀ་བྱེད་བཞིན་པའི་ཉམས་མྱོངས་ལས་བྱུང་བ་ཞིག་ཡིན་འདུག

ཁོ་མོས་"ངའི་རྩར་ཡོང་མཁན་ནད་པ་དེ་འདྲ། ངའི་སྐད་ཡིག་དང་ངའི་རིག་གཞུང་ཤེས་མཁན་དེ་ཚོས་ཁྱེད་རང་ནང་བཞིན་ཞིག་འཚོལ་དགོས་དུས་ཁག་པོ་འདུག དུས་ཆད་འདི་རག་པར་ལོ་འགོར་གྱི་འདུག་ཟེར་གྱི་འདུག་"ཟེར། སྨན་པ་ཐང་ Tang ལགས་ཀྱིས་རྒྱ་སྐད་ཤོད་ཀྱི་ཡོད་པ་རེད།

ཡང་ཁོ་མོས་"ངས་ང་ཚོའི་སྤྱི་ཚོགས་ནང་སེམས་ཁམས་འཕྲོད་བསྟེན་རོགས་རམ་ཐད་ལས་སླ་རུ་གཏང་འདོད་བྱུང་སོང་"ཞེས་འགྲེལ་བརྗོད་གནང་འདུག

རིག་གཞུང་གི་ལམ་ནས་འོས་འཚམ་རོགས་རམ།

མཚམས་རེར་ཁྱེད་རང་གི་སྐད་ཆ་བཤད་ས་དེས་ཁྱེད་ལ་ཆོས་ལུགས་ཀྱི་རྒྱས་བཅད་དང་། རིག་གཞུང་གི་རྣམ་པ། ཡང་ན་ཆབ་སྲིད་དང་འཁྲིག་སྤྱོད་ཀྱི་དགའ་འདེམས་ཀྱི་གལ་གནད་དེས་མི་ཚེའི་འཚོ་བ་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེ་བ་ཐེབས་ཀྱི་ཡོད།

སྨན་པ་ཐང་ལགས་ཀྱིས་སེམས་ཁམས་རིག་པ་སྐོར་ལོ་རྒྱུས་ཤིག་འགྲེལ་བརྗོད་གནང་དོན། ཁོ་མོས་ཨེ་ཤེ་ཡའི་མི་རིགས་ཡིན་པའི་སེམས་ཁམས་དཀའ་ངལ་ཅན་ཞིག་ལ་ཁོང་ཚོའི་མི་ཚེ་བཟང་ཕྱོགས་སུ་འགྲོ་བར་སེམས་ཤུགས་སྤར་བ་དེ་"སོ་སོ་སོ་སོས་སྒྲུབ་དགོས་པ་"ལ་གོ་ཡི་ཡོད་སྐོར་འགྲེལ་བརྗོད་གནང་། 

མི་དེས་ཕྱིར་"འགྲིག་གི་རེད། སྤྱི་བཏང་ང་རང་ཨེ་ཤེ་ཡའི་མི་རིགས་ཤིག་ཡིན་དུས། གལ་སྲིད་ཁོང་གིས་ང་ལ་ངའི་ནང་མིའི་ཆེད་དུ་ལས་ཀ་བྱོས་ཟེར་དུས་དེའི་ང་ལ་ཤུགས་རྐྱེན་མང་བ་ཐེབས་ཀྱི་འདུག་"ཅེས་འགྲེལ་བརྗོད་བྱས་ཡོད་འདུག
Some of the professionals listed on HeartChat.
Some of the professionals listed on HeartChat. Source: HeartChat.com.au
ཁོ་མོས་མི་ཤེས་པའི་བསམ་ཚུལ་མང་པོ་བཏོན་པ་དེ་ནི་ཆེད་མཁས་མི་སྣ་ཚོས་རིག་གཞུང་ཐད་གོ་རྟོགས་ཉུང་དྲག་པའི་སྐྱོན་ཆགས་ཀྱི་ཡོད་པ་རེད། 

"དཔེར་ན་གདོད་མའི་མི་རིགས་དབྱིན་དྷེ་ཇོན་སིའི་མི་ཞིག་ལ། ཁྱེད་རང་ཤིང་ནག་གསེབ་ལ་སོང་ནས་ཁྱེད་རང་གི་མི་དེ་ཚོ་དང་མཉམ་དུ་སྡོད་ལབ་ན། དེ་ནི་ཨིན་དྷེ་ཇོན་སི་མི་དེ་ངོ་རྟགས་འཛིན་པའི་དགོས་མཁོ་ཞིག་ཆགས་ཡོད་མ་རེད།"ཅེས་དང་། "སྟབས་མ་ལེགས་པ་ཞིག་ལ་མཚམས་རེར་སེམས་ཁམས་ཆེད་མཁས་མི་སྣ་དེ་ཚོས་ཁོ་རང་གི་རིག་གཞུང་དང་དད་མོས་ལྟར་ཡིན་ཤག་བྱེད་ནས་ནོར་འཁྲུལ་བཟོ་བཞིན་ཡོད་པ་རེད་"ཅེས་འགྲེལ་བརྗོད་གནང་འདུག
སྨན་པ་ཐང་ལགས་ཀྱིས་རྒྱུན་དུ་རིག་གཞུང་དང་སྐད་ཡིག་གི་འགོག་རྐྱེན་དེས་རོགས་རམ་ཇི་བཞིན་རག་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་འདུག

"མཚམས་རེ་དེ་འདྲའི་ནོར་འཁྲུལ་ཤོར་དུས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ལ་མི་དེའི་ཀུན་སློང་དང་འདོད་མོས་བརླགས་འགྲོ་ཡི་ཡོད་པ་རེད། དེར་བརྟེན་ང་ཚོའི་རིག་གཞུང་སྣ་ཚོགས་ལྷན་ཁང་ལ་ལྡོག་ཕྱོགས་ནས་མྱོངས་ཚོར་དང་། ནོར་འཁྲུལ་དེ་འདྲ་ཞིག་མི་འབྱུང་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཁོང་ཚོ་གང་ནས་ཡོང་གི་ཡོད་མེད་ངས་ཤེས་ཀྱི་ཡོད།

 སྐད་ཡིག་དང་རིག་གཞུང་གི་འགོག་རྐྱེན་ནམ་གང་ལྟར་རིག་གཞུང་སྣ་ཚོགས་ཡིན་པའི་ཨོ་སི་ཊོ་ལི་ཡའི་མི་རྣས་ལ་དུས་ཡུན་རིང་པོ་ནས་རོགས་རམ་ཞབས་ཞུ་ལ་དཀའ་ངལ་འཕྲད་ཀྱི་ཡོད། སྤྱི་ཚོགས་ནང་སེམས་ཁམས་དཀའ་ངལ་ཡོད་མཁན་རྣམས་ལྟ་སྐྱོང་རོགས་གང་ནས་འགོ་བཙུགས་ཏེ་རག་གི་ཡོད་མེད་ཤེས་ཀྱི་མེད་པ་རེད། 

ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་སྐབས་སུ། སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ལ་ཁ་པར་གཏོང་ནས་སེམས་ཁམས་ཆེད་མཁས་མི་སྣར་བསྟེན་ཆེད་སྒུག་མཁན་ཇེ་མང་དུ་ཕྱིན་ཡོད། མི་རྣམས་ལ་དེའི་རོགས་རམ་ཐོབ་རྒྱུ་དེ་ནས་གང་ལས་ཀྱང་གལ་ཆེ་བ་ཆགས་ཡོད།

སྨན་པ་ཐང་ལགས་ཀྱིས་"མི་ཚང་མ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། དམིགས་བསལ་ང་ཚོ་རིག་གཞུང་སྣ་མང་གི་སྤྱི་ཚོགས་ཀྱི་མི་རྣམས་ནང་མིར་བསྐོར་བསྐྱོད་ཀྱི་ཚད་བཀག་ཡོད་པ་དང་། རིག་གཞུང་མང་པོ་ཞིག་ལ་ཁོང་ཚོའི་འཚོ་བ་ནང་རེ་འདུན་ཆེ་ཤོས་དེ་ཆགས་ཡོད་སྐོར་"'འགྲེལ་བརྗོད་གནང་འདུག

སིཌ་ནེར་བརྟེན་གཞི་བྱས་ཡོད་པའི་སེམས་ཁམས་ཆེད་མཁས་རིག་པ་བ་ཞིག་གིས་སྙིང་གཏམ་ (HearChat) ཚོགས་པ་ལ་དེབ་སྐྱེལ་བྱས་ཡོད་པ་དང་། དེབ་སྐྱེལ་བྱེད་མཁན་ Jelena Zeleskov Doric ཁོ་མོ་ནི་སར་བྷན་ (Serbian) གྱི་མི་རིགས་ཡིན་པ་རེད།
Dr Jelena Doric
یکی از روان‌شناسانی که نامش را درج هارت‌چت کرده، جِلِنا زلسکوف دوریک است. Source: Supplied
སྨན་པ་ཌོ་རེ་ཁེ་ Doric ལགས་ཀྱིས་ཡོ་རོབ་བྷལ་ཁེན་ ( Balkan) གྱི་སྐད་རིགས་ལྔ་ཤོད་ཤེས་ཀྱི་ཡོད་པས་མ་ཚད་བྷལ་གྷ་རན་(Bulgarian) གྱི་སྐད་ཡང་ཤེས་ཀྱི་ཡོད། རྒྱུན་དུ་ཁོ་མོ་ལ་སེམས་ཁམས་དཀའ་ངལ་ཡོད་མཁན་ཁོང་ཚོ་རང་གི་སྐད་ཤེས་མཁན་གྱི་སེམས་ཁམས་ཆེད་མཁས་མི་སྣ་དགོས་ཀྱི་ཡོད་སྐོར་ཁ་པར་འབྱོར་གྱི་ཡོད་འདུག

"ཁོང་ཚོ་ཁ་ཤས་ཀྱིས་དབྱིན་ཇི་ཤེས་ཀྱི་མི་འདུག དེར་བརྟེན་ཁྱེད་རང་གི་ཧ་གོ་གི་རེད། ཁོང་ཚོས་ཁོང་ཚོ་རང་ཉིད་ཀྱི་དཀའ་ངལ་དང་གནས་སྟངས་འགྲེལ་བརྗོད་ཡག་པོ་བྱེད་ཐུབ་ཀྱི་མི་

དུག"ཅེས་དང་"ལྷག་པར་དུ་སེམས་ཁམས་སྐོར་དཔེར་ན་ཁྱེད་རང་གིས་ཁྱེད་ཀྱི་ཚོར་སྣང་དང་། འབྲེལ་བ། སེམས་ཚོར་བཅས་ཀྱི་སྐོར་འགྲེལ་བརྗོད་བྱ་རྒྱུ་མཚམས་རེ་དངོས་གནས་དཀའ་ལས་ཁག་པོ་འདུག"ཅེས་འགྲེལ་བརྗོད་གནང་འདུག

སྨན་པ་ཌོ་རེ་ཁེ་ལགས་ཀྱིས་ཁོ་མོས་ཁོང་གི་ནད་པ་དེ་ཚོས་རིག་གཞུང་ལག་ལེན་དང་། ཡུལ་སྲོལ་གོམས་གཤིས། ཚོར་སྣང་ཚོད་དཔག་བཅས་འགྲེལ་བཤད་མ་བརྒྱབ་རུང་རྒྱུས་ལོན་བྱེད་ཐུབ་ཀྱི་འདུག ངས་ལས་སླ་མོས་རྟོགས་ཐུབ་ཀྱི་འདུག གང་ཡིན་ཟེར་ན་ཁོང་ཚོ་གང་ནས་ཡོང་བ་ཡིན་མིན་ངས་ཤེས་ཀྱི་ཡོད་ཟེར།
ཁོ་མོས་ཁྱེད་རང་གི་རིག་གཞུང་མ་འདྲ་བ་སྐོར་བཀླགས་ཡོད་ཀྱང་། གལ་སྲིད་ཁྱེད་རང་རིག་གཞུང་བྱེ་བྲག་པ་དེ་ནས་ཡོང་བ་ཞིག་མིན་ན། མི་དེའི་ཚོར་བ་ཡང་ཡང་རྟོགས་ཐུབ་ཀྱི་མ་རེད་ཟེར། 

སྨན་པ་ཌོ་རེ་ཁེ་ལགས་ཀྱིས་ཨེ་ཤེ་ཡ་ནས་ཡིན་པའི་སེམས་ཁམས་ནད་པ་དེ་འདྲ་ལའང་རོགས་རམ་གནང་གི་ཡོད་འདུག ཁོང་ཚོ་ནི་གཞིས་སྨོའི་རོགས་མར་ལམ་ནས་སླེབས་པ་དེ་འདྲ་ཡིན་འདུག

ཁོང་ཚོ་ང་དང་མཉམ་དུ་རིག་གཞུང་མ་འདྲ་བའི་སྐོར་ལ་སྐད་ཆ་ཤོད་འདོད་ཡོད་པ་རེད། གང་ཡན་ཟེར་ན། ང་ནི་རིག་གཞུང་མ་འདྲ་བ་ཞིག་ནས་སླེབས་པ་རེད། ང་འདིར་བསྡད་ནས་ཕ་གིར་ནས་འཚར་འོངས་བྱུང་བ་རེད། དེར་བརྟེན། ཁྱེད་རང་གི་ཤེས་ཀྱི་རེད། དེ་འདྲ་སྣ་ཚོགས་ཡོད་པ་རེད་ཅེས་ཁོ་མོས་འགྲེལ་བརྗོད་གནང་།

ཁྱེད་རང་གི་སྐད་ཡིག་ནང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་སྐོར་ཞིབ་ཕྲ་གནས་ཚུལ་

དྲ་ཚིགས་འདིར་བསྐྱོད་ནས་   སེམས་ཁམས་འཕྲོད་བསྟེན་སྐོར་ལམ་སྟོན་ཆ་ཚང་ལ་བལྟ་བའམ། ཐོ་འགོད་བྱེད་ཆོག

  ད་དུང་སྐད་ཡིག་འདྲ་མིན་ནང་ཨོ་སི་ཊོ་ལི་ཡའི་སེམས་ཁམས་འཕྲོད་བསྟེན་རོགས་རམ་ཞབས་ཞུ་སྐོར་རག་གི་ཡོད།

ཀློག་པ་པོ་ཚོར་རོགས་རམ་དགོས་ཚེ་འབྲེལ་གཏུགས་ཁ་པར་ཨང་གྲངས་ 13 11 14, རང་ཤི་དོན་རྐྱེན་འབྲེལ་གཏུགས་ཁ་པར་ 1300 659 467 དང་བྱིས་པར་རོགས་རམ་འབྲེལ་གཏུགས་ཁ་པར་ 1800 55 1800 (གཞོན་ནུ་ལོ་ན་ ༥ ནས་ ༢༥ བར་). ཞིབ་ཕྲ་གནས་ཚུལ་དྲ་ཚིགས་ དང་ . ལ་གཟིགས།

 འདིས་ཀྱང་རིག་གཞུང་དང་སྐད་རིགས་སྣ་ཚོགས་ཅན་གྱི་མི་རྣམས་ལ་རོགས་རམ་གནང་གི་ཡོད།



Share
Published 7 October 2020 7:43pm
Updated 8 October 2020 5:04pm
By Rashida Yosufzai
Presented by Sangyal Dorjee


Share this with family and friends