ཏོག་དབྱིབས་ནད་རྟགས་ལོ་གསར་གྱི་རྗེས་བར་བསྡད་སྲིད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་སྨན་བཅོས་སྤྱི་ཁྱབ་འགན་འཛིན་གཞོན་པ་མེ་ཤལ་ཁེ་ཌིས་ Michael Kidd ལགས་ཀྱིས་ SBS གསར་ཁང་ལ་ད་ལྟའི་ཏོག་དབྱིབས་ནད་དུག་གི་རྦ་རླབས་དང་། ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་འགོར་དེར་རེ་བ་ག་རེ་རྒྱག་གི་ཡོད་མེད་འགྲེལ་བརྗོད་གནང་བ།

MELBOURNE DAILY LIFE

COVID- infection expected up to and beyond Christmas and New Year Source: AAP / DIEGO FEDELE/AAPIMAGE

Key Points
  • Infection is expected up to and beyond Christmas and New Year, warns Deputy CMO
  • Some variants seems to be more transmissible
  • Oral antivirals crucial for at high risk people
ཉེ་བའི་བདུན་ཕྲག་འགའི་ནང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་མང་ཆེ་བར་ཏོག་དབྱིབས་ཨོ་མེ་ཁོ་རོན་དང་། དེའི་རྒྱུན་གྱི་ཏོག་དབྱིབས་ན་ཚ་གསར་པ་དེ་འགོས་ཁྱབ་སྤྱི་ཚོགས་ནང་ཧ་ལམ་རྡབ་གཅིག་འཕར་ཡོད་པའི་གནས་ཚུལ་ཐོན་ཡོད།

ཨོ་སི་ཊོ་ལི་ཡའི་སྨན་བཅོས་སྤྱི་ཁྱབ་འགན་འཛིན་གཞོན་པ་མེ་ཤལ་ཁེ་ཌིས་ Michael Kidd ལགས་ཀྱིས་ SBS གསར་ཁང་ལ་"ཉེ་བའི་བདུན་ཕྲག་འགའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་སྨན་ཁང་ནང་སླེབས་པའི་གྲངས་འབོར་དང་། ཏོག་དཔྱད་བྱས་ནས་ནད་རྟགས་ཐོན་པའི་གྲངས་འབོར་འཕར་ཡོད་པས་མ་ཚད། ལྷག་པར་དུ་རྒན་གསོ་ཁང་ཁག་གི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཡར་ཡོད་སྐོར་"འགྲེལ་བརྗོད་གནང་འདུག

འོན་ཀྱང་ད་ལྟའི་ཏོག་དབྱིབས་ན་ཚ་འཕར་བཞིན་པའི་གནས་སྟངས་འདི་ག་ཚོད་བར་གནས་རྒྱུ་ཡིན་མིན་སོགས་གསལ་པོ་བཤད་མེད་ཀྱང་། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་རྗེས་བར་གནས་སྲིད་པའི་ཉེན་བརྡ་བཏང་འདུག

འདི་གནད་ལ་འཁེལ་བ་ཞིག་གང་འདྲ་ཡིན་ནམ།

ཁྱབ་ཁོངས་ཁག་གི་ནང་ཏོག་དབྱིབས་བརྟག་དཔྱད་དང་སྙན་སེང་ཐོ་འགོད་བྱེད་དགོས་པའི་གཏན་འབེབས་རིང་མིན་མེད་པ་བཟོས་ཡོད་པ་རེད།
འོན་ཀྱང་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ནས་བརྟག་དཔྱད་སྐབས་ནད་རྟགས་ཐོན་པ་དང་། སྨན་ཁང་ནང་གི་ནད་པ། ད་དུང་མྱུར་སྐྱོབ་དགོས་པའི་ནད་པ། གཞན་ཡང་རྒན་གསོ་ཁང་ཁག་གི་ནང་གནས་སྡོད་བྱས་པ་རྣམས་ལ་ད་དུང་ཡང་ཏོག་དབྱིབས་བརྟག་དཔྱད་དང་་ཐོ་འགོད་བྱེད་དགོས་ཀྱི་ཡོད་སྐོར་སློབ་དཔོན་ཁེ་ཌེད་ Kidd ལགས་ཀྱིས་འགྲེལ་བརྗོད་གནང་འདུག.
Michael Kidd- Right.jpg
Deputy Chief Medical Officer Michael Kidd. Credit: Department of Health and Aged Care
"འགོས་ཁྱབ་ཇེ་མང་དུ་འགྲོ་བ་"
ད་ལྟ་གཞི་རྒྱ་ཆེ་བའི་ནད་རླབས་འགོས་ཁྱབ་དེའི་སྙན་ཐོ་ནང་། ན་ཚ་འགོས་ཡོད་ཀྱང་ཁག་ཅིག་ལ་ནད་རྟགས་མེད་པ་དང་ཁག་ཅིག་ཏོག་ཙམ་མ་བདེ་བ་དེ་འདྲ་ཡོང་གི་ཡོད་འདུག

སློབ་དཔོན་ཁེ་ཌིད་ལགས་ཀྱིས་"ང་ཚོས་མཐོང་གསལ་དུ་ཉལ་སར་ལྷུང་བའི་ནད་པ་ཁག་ཅིག་ཧ་ཅང་དཀའ་ལས་ཁག་པ་དང་། ཐང་ཆད་པའི་ཚོར་སྣང་། གཞན་ཡང་དབུག་གཏོང་ལེན་ཁག་པོ་ཆགས་པ་དེ་འདྲ་འདུག ད་དུང་སྙན་ཐོ་ལྟར་ན་ནད་པ་མང་པོ་ཞིག་དྲན་པ་མི་གསལ་བ་དེ་འདྲ་ཡོང་གི་ཡོད་སྐོར་"འགྲེལ་བརྗོད་གནང་འདུག

ཁོང་གིས་ད་དུང་"ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་འཕར་བཞིན་པའི་གནས་སྟངས་འདིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚ་རྒྱུན་རིང་པོ་བསྡད་སྲིད་པའི་སེམས་ཁྲལ་འདུག་"ཅེས་འགྲེལ་བརྗོད་གནང་འདུག

It means that we need to be especially careful about doing all that we can to reduce the risk of people who are infected, transmitting COVID-19 to other people
Deputy Chief Medical Officer Michael Kidd
ནད་གཞི་ཚབ་ཆེན་ཕོག་མཁན་དང་སྨན་ཁང་ནང་ལྷག་པའི་ནད་པར་ནད་དུག་འགོག་ཐབས།

སྔོན་མ་ཏོག་དབྱིབས་འགོས་ཁྱབ་སྐབས་དང་མི་འདྲ་བར་ད་ཆ་ང་ཚོར་ནད་གཞི་ཚབ་ཆེན་ཕོག་མཁན་དང་སྨན་ཁང་ནང་ལྷག་པའི་ནད་པ་རྣམས་ལ་ཁ་ནང་ནས་སྨན་བཅོས་རོགས་རམ་བྱེད་ཐབས་རྙེད་ཡོད།
ནད་དུག་བཀག་འགོག་སྨན་ Lagevrio®(molnupiravir) དང་ Paxlovid® (nirmatrelvir and ritonavir) བཅས་ལོ་ན་ ༧༠ དང་དེའི་ཡན་གྱི་མི་སུ་རིན་རུང་ཚང་མ་ལ་མཐུན་རྐྱེན་དེ་ཡོད་པས་མ་ཚད། ད་དུང་ལོ་ན་ ༡༨ ཡན་གྱི་མི་ཏོག་དབྱིབས་ན་ཚ་འགོས་མཁན་དང་ན་ཚ་གཞན་གྱི་དཀའ་ངལ་ཡོད་མཁན་རིགས་ལ་མཐུན་རྐྱེན་དེ་ཡོད་པ་རེད། སུ་ལ་ཐོབ་ཐང་དེ་རག་གི་ཡོད་མེད་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་ .

སྡེ་ཚན་གང་གི་ཁོངས་གཏོགས་ཡིན་རུང་སུ་ཞིག་བརྟག་དཔྱད་སྐབས་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་དེ་མ་ཐག་ཁྱེད་རང་གི་སྨན་པར་འབྲེལ་གཏུགས་ཀྱིས་སྨན་བཅོས་ཀྱི་མཐུན་རྐྱེན་དེ་ཚོ་རག་པ་བྱེད་དགོས་སྐོར་ཁོང་གི་ལམ་སྟོན་གནང་འདུག
ནད་དུག་འགོག་སྨན་དེ་དག་རྒྱུན་བསྟེན་སྨན་པ་བརྒྱུད་ནས་རག་གི་ཡོད་ཀྱང་དེ་ཡང་སྨན་བཅོས་བྱང་བུ་ Medicare Card དགོས་ཀྱི་ཡོད་པ་རེད།
ཡིན་ན་ཡང་སྨན་བཅོས་བྱང་བུ་ Medicare Card མེད་མཁན་དེ་ཚོ་ལ་ཡང་མངའ་སྡེ་དང་ས་ཁུལ་སོ་སོ་ནས་སྨན་བཅོས་མཐུན་རྐྱེན་དེ་དག་རག་གི་ཡོད་སྐོར་ཡང་སློབ་དཔོན་ཁེན་ཌིད་ལགས་ཀྱིས་གསུངས་འདུག ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས།

ཁ་རས་གྱོན་དགོས་པའི་ནན་སྐུལ་ཤུགས་ཆེ་གནང་བ།

ཁང་པའི་ནང་ལོགས་ལ་ཁ་རས་ངེས་པར་དུ་གྱོན་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག ལྷག་པར་དུ་འདུ་འཛོམས་སོགས་སུ་ཁ་རས་ངེས་པར་གྱོན་དགོས་པའི་ལམ་སྟོན་གནང་འདུག
དཔེར་ན། ཚོང་ཁང་སོགས་དང་རང་འདེམས་ཚོང་ར། གཞན་ཡང་གློག་སྐས་སོགས་སུ་མི་ཕོན་ཆེན་མཉམ་དུ་འགྲོ་སྐབས་ཁ་རས་ངེས་པར་གྱོན་དགོས་པ་རེད་ཅེས་སློབ་དཔོན་ཁེ་ཌིད་ལགས་ཀྱིས་ལམ་སྟོན་གནང་འདུག
ཁོང་གིས་ད་ལྟའི་ཆར་གནམ་གྲུ་ནང་དང་གནམ་ཐང་སོགས་སུ་ཁ་རས་གྱོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
Many people are wearing masks to protect themselves and their older loved ones and family members who may be at an increased risk of contracting COVID-19
Deputy Chief Medical Officer Michael Kidd
གུང་སེང་སྐབས་སུ་ནད་དུག་ཐད་ཚང་མར་སྲུང་སྐྱོབ་བྱེད་དགོས།

གུང་སེང་སླེབས་གྲབས་ཡོད་པ་དང་ཐབས་ལམ་མང་པོ་ཞིག་བརྒྱུད་ནས་རང་གཞན་གཉིས་ཀ་ནད་དུག་ལས་སྲུང་སྐྱོབ་བྱེད་ཐུབ།
  • ཏོག་དབྱིབས་འགོག་ཁབ་ཁག་དུས་ཐོག་ཏུ་རྒྱག་དགོས།
  • མངའ་སྡེ་དང་ས་ཁུལ་སོ་སོའི་ལམ་སྟོན་ལྟར་ལག་བསྟར་བྱེད་དགོས།
  • ཁ་རས་གྱོན་དགོས།
  • གཞན་དང་བར་ཐག་འཇོག་དགོས།
  • གལ་སྲིད་ཁྱེད་རང་ལ་ནད་རྟགས་ལྟར་བུ་ཐོན་ཚེ་ཁྱིམ་ནང་བསྡད་པ་དང་བརྟག་དཔྱད་བྱེད་དགོས།
  • སྨན་ཁང་དང་། རྒན་གསོ་ཁང་། རྒན་རྒོན་སྡོད་ས། ད་དུང་སུ་ཞིག་ལ་ཉེན་ཁ་ཆེ་བ་ཡོད་ན་དེ་ཚོ་ལས་བར་ཐག་རིང་ཙམ་སྡོད་དགོས།
དྲན་སོས་དགོས་པ་ཞིག་ལ་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ནང་ཁྱེད་རང་ལ་ན་ཚ་འགོས་ནས་ཉིན་ཁ་ཤས་རྗེས་ནས་མ་གཏོགས་བརྟག་དཔྱད་སྐབས་ནད་རྟགས་ཐོན་གྱི་མེད། གང་ལྟར་ཡང་གལ་སྲིད་ཁྱེད་རང་ལ་ནད་རྟགས་འདྲ་ཐོན་ཚེ་ཉེན་ཁ་ཆེན་པོ་ཡོད་པའི་མི་དེ་ཚོ་ལས་བར་ཐག་རིང་ཙམ་སྡོད་དགོས་པ་རེད་ཅེས་སློབ་དཔོན་ཨན་ཌེད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

མཐའ་མ་དེར་ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་དང་གུང་སེང་སྐབས་སུ་ཁྱེད་རང་གིས་ཏོག་དབྱིབས་ནད་དུག་སྐོར་དོ་སྣང་རྗེས་འདེད་ཀྱིས་ཉེན་ཁ་ཆེན་པོ་དང་ཤུགས་ཆེ་ན་སྲིད་པའི་ཁྱེད་རང་གི་ནང་མི་རྣམས་ལ་ཉེན་སྲུང་རོགས་རམ་བྱེད་དགོས་པ་རེད་ཅེས་གསུངས་འདུག

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་སྐད་ཡིག་སྣ་ཚོགས་དང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་མི་རྣམས་ལ་ཏོག་དབྱིབས་ན་ཚ་སྐོར་འགྲེལ་བརྗོད་དང་གོ་རྟོགས་སྤེལ་བཞིན་ཡོད། ན་ཚ་ལས་བདེ་འཇགས་དང་ན་ཚའི་སྐོར་གྱི་གནས་ཚུལ་ཁག་ཁྱེད་རང་གི་སྐད་ཡིག་ཐོག་གཤམ་གྱི་དྲ་ཐག་འདི་ནས་གཟིགས་  

Share
Published 25 November 2022 4:58pm
Updated 26 November 2022 7:40pm
By Yumi Oba
Source: SBS


Share this with family and friends