འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ལོ་ ༢ ནང་ཁྱོན་མི་གྲངས་ས་ཡ་ ༡༥ འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༦ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

NSW Ambulances park in the receiving bay for the Emergency Department at the Liverpool Hospital in Sydney.

NSW Ambulances park in the receiving bay for the Emergency Department at the Liverpool Hospital in Sydney. (file) Source: AAP Image/Bianca De Marchi

དེ་རིང་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༢༩ འདས་གྲོངས་སུ་ཕྱིན་ཡོད་པའི་ནང་ཁུན་སི་ལན་ཌིའི་ནང་མི་གྲངས་ ༡༡ དང་ཝི་ཊོ་རི་ཡའི་ནང་མི་གྲངས་ ༩ ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༧ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་ཡོད་པའི་ནད་པ། དེ་བཞིན་འདས་གྲོངས་སུ་ག་ཚོད་ཕྱིན་ཡོད་མེད་བཅས་ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་དེ་ནས་གཟིགས་  

 དེ་རིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་སླར་ཡང་འགོས་པའི་ནད་པ་གྲངས་ ༡༡༣༠༩ བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། གནད་དོན་དེ་ནི་མི་མང་པོ་ཞིག་ཏོག་དབྱིབས་ན་ཚ་ཐེངས་དང་པོ་ན་རྗེས་ཉིན་གྲངས་ ༩༡ རྗེས་ལ་སླར་ཡང་ན་ཚ་ཐེངས་གཉིས་པ་དེ་འགོས་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ལོ་ན་ ༡༦ དང་དེའི་སྒང་གི་མི་འབོར་བརྒྱ་ཆ་ ༨༠ ལ་ཏོག་དབྱིབས་འགོག་ཁབ་གསུམ་རེར་བརྒྱབ་ཚར་ཡོད་འདུག འོན་ཀྱང་དེ་རིང་རེས་གཟའ་པ་སངས་ཉིན་མངའ་སྡེ་དེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༩༣༢༨ བྱུང་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ བར་ལོ་གཉིས་རིང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ས་ཡ་ ༡༤་༩ འདས་གྲོངས་སུ་ཕྱིན་ཡོད་སྐོར་སྙན་ཐོ་བཏོན་འདུག  

ཨ་རིས་ཇོན་སོན་གྱི་ཏོག་དབྱིབས་འགོག་ཁབ་ Johnson & Johnson's COVID-19 vaccine དེ་ལོ་ན་དར་མ་ཉུང་ཤས་ཤིག་ལ་ཁྲག་རྡོག་ཆགས་པའི་གནས་ཚུལ་ཉེན་ཁ་ལ་བརྟེན་ནས་བཀག་འགོག་བྱས་ཡོད་འདུག ཨོ་སི་ཊོ་ལི་ཡས་འགོག་ཁབ་དེ་སྔ་ལོ་ཕྱི་ཟླ་ ༦ པའི་ནང་འཕྲལ་སེལ་རྒྱག་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་འགོག་ཁབ་དེ་ཏོག་དབྱིབས་འགོག་ཁབ་ཀྱི་ལས་རིམ་གྱི་ཆ་ཤས་ཆགས་ཀྱི་མེད་པ་རེད་འདུག 

ཨོ་སི་ཊོ་ལི་ཡའི་ནང་ད་ལྟའི་ཆར་ཏོག་དབྱིབས་འགོག་ཁབ་ཨ་སི་ཋར་ཛེ་ནི་ཀཱ་ AstraZeneca དང་ཧྥི་ཛར་ Pfizerམོ་ཌེ་ནར་ Moderna དེ་བཞིན་ནོ་ཝ་ཝ་སི་བཅས་ཁོ་ན་ད་ལྟ་མུ་མཐུད་ཆོག་མཆན་སྤྲད་ཡོད་པ་ཆགས་ཡོད། 


 

གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.    


Share
Published 6 May 2022 3:31pm
Updated 6 May 2022 4:06pm


Share this with family and friends