དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུན་མཐར་མི་གྲངས་ ༢༨ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་ཝི་ཊོ་རི་ཡ་མངའ་སྡེ་གཉིས་ནང་མི་གྲངས་ ༩ རེ་དང་། ཁུན་སི་ལན་ཌི་མངའ་སྡེའི་ནང་མི་གྲངས་ ༧ གཞན་ཡང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ཁྱོན་མི་གྲངས་ ༡༡ འདས་གྲོངས་སུ་ཕྱིན་ནས་ད་བར་མངའ་སྡེ་དེའི་ནང་ཉིན་གཅིག་གི་རིང་ཏོག་དབྱིབས་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད།
ཝི་ཊོ་རི་ཡའི་ནང་དེ་རིང་སྨན་ཁང་ནང་ཏོག་དབྱིབས་ནད་པ་ ༥༧༡ ཆགས་ཡོད་འདུག་པ་དང་། དེ་ནི་ཕྱི་ཟླ་ ༤ ནས་བརྩིས་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད། གཞན་ཡང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ངན་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༠༠༠༠ ཐོན་ནས་གྲངས་འབོར་དེ་འདས་པའི་བདུན་ཕྲག་ ༣ ནང་མཐོ་ཤོས་དེ་ཆགས་ཡོད་པ་རེད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་སྨན་བཅོས་ལྟ་སྐྱོང་སྡེ་ཚན་ ICU ཁག་གི་ནང་ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༣༤ ཡོད་འདུག་པ་དང་། དེ་ནི་ཕྱི་ཟླ་ ༤ པ་ནས་བརྩིས་པའི་གྲངས་འབོར་དམའ་ཤོས་དེ་ཆགས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གནས་ཚུལ་གསར་ཤོས་དང་། སྨན་ཁང་ནང་ལྷག་ཡོད་པའི་ནད་པའི་གྲངས་འབོར། གཞན་ཡང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་ཀྱི་ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་སྤེན་པ་ཉིན་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་ Vaccination Day འགོག་ཁབ་ཉིན་མོ་ཞེས་ལས་འགུལ་གོ་སྒྲིག་གིས། ཉིན་དེར་མངའ་སྡེའི་ནང་ས་གནས་བདེ་དོན་ལས་ཁུངས་ཁག་ཅིག་དང་ཨོ་སི་ཊོ་ལི་ཡའི་རྒྱ་གྲམ་དམར་པོའི་མཐུན་ཚོགས་བཅས་ནས་མི་མང་རྣམས་ལ་ཏོག་དབྱིབས་འགོག་ཁབ་རྒྱག་སར་བསྐྱོད་པར་འགྲིམ་འགྲུམ་རིན་མེད་ཐོག་ཞབས་ཞུ་གོ་སྒྲིག་གནང་གི་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་སྙན་ཐོར་ལྟར་ན་བདུན་ཕྲག་གཅིག་གི་ནང་ཏོག་དབྱིབས་བརྟག་དཔྱད་བྱེད་མཁན་གྱི་ཚད་གཞི་བརྒྱ་ཆ་ ༧་༡ མར་ཆགས་ཡོད་འདུག་ཀྱང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་རེད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་གལ་སྲིད་ཁྱེད་རང་འདས་པའི་ཉིན་གྲངས་ ༡༠ ཡི་ནང་སིཌ་ནིང་གྲོང་ཁྱེར་གྱི་ཚོང་ལས་ལྟེ་གནས་ཁུལ་ལ་ཡོད་ཚེ་ན་ཚ་འགོས་ཁྱབ་ལ་དོ་སྣང་བྱེད་དགོས་སྐོར་བརྗོད་འདུག
སིཌ་ནིང་གྲོང་ཁྱེར་ལྟེ་བར་ཁུལ་ལ་གནས་སྡོད་བྱེད་མཁན་མི་ ༥ ལ་ཕྲ་སྲིང་(གཉན་ཚད་) རིམས་ནད་ Bacterial Disease འགོས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་དང་ཁོང་ཚོ་ ༥ པོ་ད་ལྟའི་ཆར་སྨན་ཁང་ནང་གློ་ཚད་སྨན་བཅོས་བྱེད་བཞིན་ཡོད་འདུག
གློ་ཚད་ཀྱི་ན་ཚ་དེའི་ནད་རྟགས་ནི་ཚ་བ་འཕར་བ་དང་། གྲང་ཤུམ་རྒྱག་པ། གློ་རྒྱག་པ། དབུག་ཧར་བ་བཅས་ཀྱི་ནད་རྟགས་ཐོན་བཞིན་ཡོད་པ་དང་། ནད་རྟགས་དེ་དུས་ཡུན་ཉིན་གྲངས་་ ༡༠ ཙམ་རེར་གནས་ཀྱི་ཡོད་འདུག
གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས།
གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།
ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས།
ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.