དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༤༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནས་མི་གྲངས་ ༡༩ དང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༡༡ ད་དུང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་མི་གྲངས་ ༦ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ནས་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་B.1.1.529 ཅན་དེ་ད་ལྟའི་ཆར་མངའ་སྡེའི་ནང་ཁུལ་དུ་འགོས་ཁྱབ་གསར་ཤོས་དེ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག འོན་ཀྱང་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་ BA.5 དེ་ཉེ་བའི་བདུན་ཕྲག་འགའི་ནང་འགོས་ཁྱབ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཤེས་རྟོགས་བྱུང་ཡོད་འདུག
གཤམ་གྱི་དྲ་ཐག་འདི་ནས་ད་ལྟའི་ཆར་ཏོག་དབྱིབས་ན་ཚ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་གྲངས་འབོར། དེ་བཞིན་ཏོག་དབྱིབས་ན་ཚས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས།
ཁ་སང་ཕྱི་ཚེས་ ༩ ཉིན་ཝི་ཊོ་རི་ཡ་མངའ་སྡེའི་བློན་ཆེན་ནས་འཕྲོད་བསྟེན་གྱི་ལས་ཀ་བྱེད་མཁན་ལས་བྱེད་པ་རྣམས་ལ་དགུན་དུ་ཀྱི་འགྲོ་གྲོན་བཅས་ཀྱི་ཆེད་ཐེངས་གཅིག་གི་རིང་ལ་མི་རེར་ཨོ་སྒོར་ ༣༠༠༠ རེར་སྤྲད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག རོགས་དངུལ་དེ་ནི་སྤྱི་དམངས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཁག་ཚང་མ་དང་། མྱུར་སྐྱོབ་རླངས་འཁོར་གཏོང་མཁན་ལས་བྱེད་སོགས་ལ་ཐོབ་ཐང་དེ་ཡོད་པས་མ་ཚད། ཆུ་ཚོད་ཁ་ཤས་རིང་ལས་ཀ་བྱེད་མཁན་དང་དུས་ཡུན་ངེས་མེད་ཀྱི་ལས་ཀ་བྱེད་མཁན་བཅས་ཚང་མ་ལ་ཐོབ་ཐང་དེ་ཡོད་འདུག ད་དུང་ཕྱི་ཟླ་ ༧ ཚེས་ ༡ རྗེས་ནས་ལས་ཀ་འགོ་འཛུགས་བྱེད་མཁན་ལས་བྱེད་གསར་པ་བཅས་ཚང་མ་ལ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༣༠ བར་ཐོབ་ཐང་དེ་ཡོད་འདུག
ཝི་ཊོ་རི་ཡའི་ནང་སློབ་ཆུང་ཁག་ ༡༠ ཙམ་གྱི་ནང་མ་འོངས་ཉིན་གྲངས་ཁ་ཤས་ནང་ཏོག་དབྱིབས་འགོག་ཁབ་གོ་སྒྲིག་ཡོད་པ་དང་། མངའ་སྡེའི་ནང་མ་འོངས་བདུན་ཕྲག་ཁ་ཤས་ནང་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ལྟེ་གནས་ཁག་ཅིག་སྒོ་རྒྱག་རྒྱུ་ཡིན་འདུག
རྒྱལ་ས་ཁེམ་བྷེ་ར་ཁུལ་ལ་ཕྱི་ཟླ་ ༦ ཚེས་ ༡༠ ཕྱི་དྲོ་ཆུ་ཚོད་ ༣ སྐར་མ་ ༥༠ ཐོག་ལ་ནེ་ཁོལ་སི་ Nicholls ས་གནས་ལ་ཡོད་པའི་ཏོག་དབྱིབས་བརྟག་དཔྱད་བྱེད་སའི་ལྟེ་གནས་དེ་གཏན་དུ་སྒོ་རྒྱག་རྒྱུ་ཡིན་འདུག ལས་བྱེད་ཚོས་རྗེས་སུ་ Mitchell ས་གནས་སུ་བརྟག་དཔྱད་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་འདུག
གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས།
གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།
ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས།
ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.