- ཝི་ཊོ་རི་ཡ་མངའ་སྡེས་ཆོག་མཆན་སྤྲད་པའི་ལས་ཀའི་་ལས་མི་ཚང་མས་འགོག་ཁབ་རྒྱག་དགོས་པའི་བཀའ་ཁྱབ་གསལ་བསྒྲགས་བྱས།
- ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ཚོང་ལས་ཁག་ལ་མུ་མཐུད་ནས་དཔལ་འབྱོར་རོགས་རམ་གནང་གི་ཡོད།
- ཁུན་སི་ལན་ཌིའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༢ ཐོན།
ཝི་ཊོ་རི་ཡ། Victoria
དེ་རིང་ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༡༤༣ ཐོན་ཡོད་པ་དང་། མི་ ༣ འདས་གྲོངས་སུ་ཕྱིན་ཡོད་པ་རེད།
མངའ་སྡེའི་ནང་ཆོག་མཆན་སྤྲད་ཡོད་པའི་ལས་ཀའི་ ལས་མི་ཚང་མ་ལས་གནས་སུ་མུ་མཐུད་ལས་ཀ་བྱེད་པར་ཕྱི་ཟླ་ ༡༠ པའི་ཚེས་ ༡༥ ནང་ཚུད་འགོག་ཁབ་དང་པོ་དེ་བརྒྱབ་ཚར་བ་བྱེད་དགོས་པས་མ་ཚད། ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ནང་ཚུད་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཚར་བ་བྱེད་དགོས་ཀྱི་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༥ རེས་གཟའ་མིག་དམར་ཉིན་ནས་འཛུགས་བསྐྲུན་གྱི་ལས་གཞི་སོ་སོའི་བརྒྱ་ཆ་ ༢༥ རེ་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་འདུག འོན་ཀྱང་ལས་ཀ་བྱེད་མཁན་རྣམས་ངེས་པར་དུ་འགོག་ཁབ་ཐེངས་གཅིག་བརྒྱབ་ཚར་བ་དགོས་ཀྱི་ཡོད་འདུག
དེ་ཡང་མོ་རཱ་བྷོལ་ Moorabool ས་གནས་གཞུང་གི་ཁུལ་དུ་དེ་རིང་མཚན་གུང་ནས་དུས་ཡུན་བདུན་ཕྲག་གཅིག་གི་རིང་ཁྱིམ་སྡོད་བཀའ་རྒྱ་བསྡམས་རྒྱུ་ཡིན་འདུག
ནིའུ་སོ་ཐི་ཝལ་མངའ་སྡེ། New South Wales
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༨༦༤ ཐོན་ཡོད་པ་དང་། མི་གྲངས་ ༡༥ འདས་གྲོངས་སུ་ཕྱིན་འདུག
ནིའུ་སོ་ཐི་ཝལ་མངའ་སྡེའི་ནོར་སྲིད་བློན་ཆེན་ཌོ་མེ་ནིང་ཁེ་ Dominic Perrottet ལགས་ཀྱིས་ཐོབ་ཐང་ཡོད་པའི་ཚོང་ལས་ཁང་ཁག་ལ་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ བར་དཔལ་འབྱོར་རོགས་རམ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
རོགས་དངུལ་དེ་ནི་ཚོང་ལས་ཆུང་ཆུང་ཨོ་སྒོར་ ༧༥༠༠༠༠ ཙམ་མཁོ་རྒྱུགས་ཅན་གྱི་ཚོང་ལས་ཁག་ལ་བདུན་ཕྲག་གཉིས་རེའི་ནང་ཆ་སྙོམས་ཨོ་སྒོར་ ༧༥༠ ཙམ་རེ་སྤྲད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ལས་ཀ་ཉར་བའི་ལས་རིམ་ནང་ཚོང་ལས་ཁང་ཁག་གི་ཚོང་སྒྱུར་འགྲོ་རྒྱུགས་ལས་བརྒྱ་ཆ་ ༣༠ ལྷག་གྱོང་གུད་ཕོགས་མཁན་རྣམས་ལའང་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory
དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༥༣ ཐོན་ཡོད་པ་དང་མི་ ༢ འདས་གྲོངས་སུ་ཕྱིན་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་གྱི་སྲིད་བློན་ཨན་ཌེ་རོ་བྷར་ Andrew Barr མཆོག་གིས་ཁེན་བྷེ་རའི་ནང་གཙོ་བོར་ལོ་ན་ ༤༠ མན་གྱི་མི་འབོར་བརྒྱ་ཆ་ ༤༠ ཙམ་གྱིས་ད་དུང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་མེད་སྐོར་གསུངས་འདུག
འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡའི་ཁྱོན་དུ།
- ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་མངའ་སྡེའི་རྒྱལ་ས་ཌར་ཝན་ Darwin ནང་བྷེ་རེར་མཱ་ Berrimah ཞེས་པའི་བཟོ་ལས་ས་ཁུལ་དུ་ཏོག་དབྱིབས་ན་ཚ་འགོས་ཁྱབ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

Source: SBS
ནིའུ་སོ་ཐི་ཝལ་མངའ་སྡེ། NSW and ཝི་ཊོ་རི་ཡ་མངའ་སྡེ། VIC , and རྒྱལ་ས་མངའ་ཁུལ། ACT and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།