- ཝི་ཊོ་རི་ཡ་མངའ་སྡེས་ས་གནས་ཁག་ཅིག་གི་ས་མཚམས་ཕན་ཚུན་འགྲོ་འོང་ཆོག་སྐོར་ངོ་སྤྲོད་བྱས་འདུག
- ནིའུ་སའོ་ཐི་ཝལ་མངའ་སྡེས་མི་ཚང་མས་ཏོག་དབྱིབས་ན་ཚ་ལས་བདེ་འཇགས་སྲུང་སྐྱོབ་ཀྱི་གོམས་གཤིས་མུ་མཐུད་དགོས་སྐོར་འབོད་སྐུལ་གནང་བ།
- རྒྱལ་ས་ཁེམ་བྷེ་རའི་ནང་མི་འབོར་བརྒྱ་ཆ་ ༦༨ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བ།
- ཁུན་སི་ལན་ཌི་དང་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེ་གཉིས་ཀྱིས་དམ་བསྒྲགས་ལྷོད་དུ་བཏང་བ།
ཝི་ཊོ་རི་ཡ། Victoria
ཝི་ཊོ་རི་ཡའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༨༣༨ ཐོན་ཡོད་པ་དང་ཏོག་དབྱིབས་ན་ཚའི་རྐྱེན་པས་མི་གྲངས་ ༥ འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ཝི་ཊོ་རི་ཡས་ས་གནས་གཞུང་གི་ས་ཁུལ་ཁག་ཅིག་ས་མཚམས་འགྲོ་འོང་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། དེའི་ནང་ས་གནས་ཁག་ནི་ Benalla དང་ Greater Bendigo, Buloke Shire, Loddon, Yarriambiack, Hay, Edward River, Lockhart, Murrumbidgee, Wagga Wagga བཅས་ཚུད་ཡོད།
ས་གནས་དེ་དག་ནང་འདས་པའི་ཉིན་གྲངས་ ༡༤ རིང་གནས་སྡོད་བྱས་ཡོད་ཚེ་ཝི་ཊོ་རི་ཡའི་ནང་ཕར་ཚུར་འགྲོ་འོང་བྱེད་ཆོག་གི་ཡོད་སྐོར་བརྗོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེ། New South Wales
དེ་རིང་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༦༤༦ ཐོན་ཡོད་པ་དང་། མི་གྲངས་ ༡༡ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཏོག་དབྱིབས་འགོས་ཁྱབ་དེའི་རྐྱེན་པས་ཁྱོན་མི་གྲངས་ ༤༡༤ འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་འགོ་ཁྲིད་ཌོ་ཊར་ཁེ་རེ་ཆན་ཊི་ Dr Kerry Chant ལགས་ཀྱིས་མི་ཚང་མས་མུ་མཐུད་ཁ་རས་གྱོན་དགོས་པ་དང་། མིང་འགོད། སྤྱི་ཚོགས་རྒྱང་བཀྱེད་བཞག་དགོས་པ། ད་དུང་གལ་ཆེ་ཤོས་ནི་ནད་རྟགས་ཐོན་པ་དང་དོག་པ་བྱུང་ཚེ་ཏོག་དབྱིབས་ཚ་འགོས་ཡོད་མེད་བརྟག་དཔྱད་དང་ཟུར་བཀག་དུ་སྡོད་དགོས་པའི་འབོད་སྐུལ་གནང་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་མངའ་ཁུལ་དུ་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༤༠ ཐོན་ཡོད་པ་རེད།
ད་ལྟའི་ཆར་སྨན་ཁང་ནང་ཏོག་དབྱིབས་ནད་པ་གྲངས་ ༡༦ ཡོད་ཅིང་། དེའི་ནང་མི་ ༦ ལ་དམིགས་བསལ་ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་པ་དང་མི་གྲངས་ ༥ ལ་དབུག་སྣོན་གཏོང་དགོས་ཀྱི་ཡོད་འདུག
འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ།
- ཕྱི་ཟླ་ ༡༠ ཚེས་ ༨ རེས་གཟའ་པ་སངས་ཉིན་ནས་བཟུང་བྷེར་སི་བྷན་གྱི་ས་གནས་གཞུང་གི་ས་ཁུལ་ཁག་ཅིག་དང་། དེ་བཞིན་ས་གནས་ Logan དང་ Gold Coast, Moreton Bay, Townsville (Magnetic གླིང་ཕྲན་ཐེ་བའི་), གཞན་ཡང་ Palm གླིང་ཕྲན་བཅས་ཏོག་དབྱིབས་དམ་བསྒྲགས་རིམ་པ་ ༣ པ་ ཐོག་ནས་ཁུན་སི་ལན་ཌི་དང་འགྲོ་འོང་བསྐྱར་དུ་མཐུད་ཡོད་པ་རེད།
- ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ལྷོ་ཤར་ས་ཁུལ་ཕྱིར་མངའ་སྡེའི་ས་གནས་གཞན་ཁག་དང་དམ་བསྒྲགས་གཅིག་གྱུར་བཟོས་ཡོད་པ་དང་། ས་གནས་དེ་ད་ལྟའི་ཆར་དམ་བསྒྲགས་རིམ་པ་ ༡ པོ་ དང་ད་དུང་དམ་བསྒྲགས་འཕར་མ་ཁག་ཅིག་བྱས་ཡོད།
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
ནིའུ་སའོ་ཐི་ཝལ་མངའ་སྡེ། NSW and ཝི་ཊོ་རི་ཡ་མངའ་སྡེ། VIC , and རྒྱལ་ས་མངའ་ཁུལ། ACT and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།