སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་ཕྱི་ཟླ་ ༡ པོའི་ཚེས་ ༡༠ ནས་ཕྲུ་གུ་ལོ་ ༥ ནས་ ༡༡ བར་ལ་འགོག་ཁབ་རྒྱག་རྒྱུ་ཡིན་སྐོར་གསུངས་འདུག

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

PM Morrison in Sydney

PM Morrison met with the members of public in Sydney and made announcements regarding vaccination rollout for children. Source: AAP Image/Bianca De Marchi

  • སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་ས་ཡ་ ༤༠ བརྒྱབ་ཡོད་སྐོར་བརྗོད་འདུག

  • སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་ཨ་རི་དང་ཁེ་ན་ཌའི་ཉམས་མྱོངས་གཞིར་བཞག་ནས་ཕྲུ་གུ་རྣམས་ལ་འགོག་ཁབ་རྒྱག་རྒྱུ་ཡིན་སྐོར་གསུངས་འདུག

  • ཟླ་བ་རྗེས་མ་ནས་བཟུང་ཨོ་སི་ཊོ་ལི་ཡའི་ནང་ཕྲུ་གུ་ལོ་ན་ ༥ ནས་ ༡༡ བར་རྣམས་ལ་ཕི་ཛར་ Pfizer གྱི་འགོག་ཁབ་དེ་རྒྱག་རྒྱུ་ཡིན་འདུག མ་ཚད་མོ་ཌེ་ཎའི་ Moderna འགོག་ཁབ་དེ་ཡང་རྒྱག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་འདུག

  • Gold Coast ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༦ ཐོན་པ་དང་། སློབ་གྲྭ་ཞིག་ཏོག་དབྱིབས་འགོས་ཁྱབ་འགྲོ་སའི་ས་གནས་ཡིན་པའི་མིང་གཞུང་ནང་བཅུག་ཡོད་འདུག

  • ནིའུ་སའོ་ཐི་ཝལ་མངའ་སྡེ་ NSW ནང་མདང་དགོངས་ཏོག་དབྱིབས་ན་ཚ་གསར་པ་ Omicron གསར་དུ་འགོས་མཁན་བྱུང་མེད་ཀྱང་མངའ་སྡེའི་ནང་ས་གནས་ wastewater ནང་ན་ཚ་གསར་པ་དེ་འགོས་ཁྱབ་བྱུང་ཡོད་པ་རེད། 

  • ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་གྱིས་ཕི་ཛར་སྨན་ཁབ་མཁོ་སྤྲོད་གཏན་འཁེལ་མ་བྱུང་བར་དུ་ཕྲུ་གུར་འགོག་ཁབ་རྒྱག་རྒྱུའི་ཐོ་འགོད་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

  ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཕྲུ་གུར་རྒྱག་རྒྱུའི་ཕི་ཛར་སྨན་ཁབ་མཁོ་སྤྲོད་གྲ་སྒྲིག་མ་བྱུང་བར་དུ་ཕྲུ་གུ་ཚོར་འགོག་ཁབ་ག་དུས་རྒྱག་རྒྱུ་ཡིན་མིན་གྱི་ཐོ་འགོད་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག དེའི་བར་དུ་ཁ་པར་མ་གཏོང་ཞེས་དང་འཕྲོད་བསྟེན་སྨན་ཁང་ཁག་གི་ནང་འགོག་ཁབ་རྒྱག་རྒྱུའི་གྲ་སྒྲིག་བྱུང་མཚམས་བརྡ་ལན་སྤྲོད་རྒྱུ་ཡིན་ཞེས་གསུངས་འདུག

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་ན་ཚའི་གནས་སྟངས།  

  • དེ་རིང་ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༢༠༦ ཐོན་པ་དང་མི་ ༢ འདས་གྲོངས་སུ་ཕྱིན། 
  • ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༥༡༦ ཐོན་འདུག
  • རྒྱལ་ས་ཁུལ་ལ་ཏོག་དབྱིབས་ནད་པ་གསར་པ་ ༦ དང་ཁུན་སི་ལན་ཌིའི་ནང་ནད་པ་གསར་པ་ ༤ བཅས་ཐོན་འདུག
ད་ལྟའི་ཆར་ཏོག་དབྱིབས་ན་ཚའི་གནས་སྟངས་སྐོར་ཞིབ་ཕྲ་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་ཀློག་གནང་རོགས། 


མངའ་སྡེ་སོ་སོའི་ནང་ཟུར་བཀག་དང་དམ་བསྒྲགས་སྐོར། 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

འགྲིམ་འགྲུལ། 

ཁྱེད་རང་གི་སྐད་ཡིག་ནང་དང་ཏོག་དབྱིབས་ནད་ཡམས། དེ་བཞིན་འགྲིམ་འགྲུལ་སྐོར་གྱི་གནས་ཚུལ་ལ་གཟིགས། 

དཔལ་འབྱོར་རོགས་རམ།

མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ཟིན་ཚེ་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ངལ་སེལ་རོགས་དངུལ་འགྱུར་བ་གཏང་འཆར།  





ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག་ལ་གཟིགས། 

མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག 

  • ནིའུ་སའོ་ཐི་ཝལ་མངའ་སྡེ།  
  • ཝི་ཊོ་རི་ཡ་མངའ་སྡེ།  
  • ཁུན་སི་ལན་ཌི་མངའ་སྡེ།  
  • ལྷོ་ཕྱོགས་མངའ་སྡེ།  
  • རྒྱལ་ས་མངའ་ཁུལ།  
  • ནུབ་ཕྱོགས་མངའ་སྡེ།  
  • ཏཱ་སི་མ་ནིང་ཡ། 
  • བྱང་ཕྱོགས་མངའ་སྡེ།  

Share
Published 10 December 2021 1:11pm
Updated 10 December 2021 1:59pm
By SBS/ALC Content
Source: SBS


Share this with family and friends