- ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་གཞོན་སྐྱེས་ཁྲོད་ཏོག་དབྱིབས་ན་མཁན་མང་ཤོས་ཆགས་པ།
- ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་བདུན་ཕྲག་ལྔའི་ནང་ཁྱོན་མི་གྲངས་ས་ཡ་ ༡ ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་འཆར་གཞི།
- ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ཏོག་དབྱིབས་ན་ཚ་འགོས་མཁན་མི་ ༢ བྱུང་བ།
- ཁུན་སི་ལན་ཌིའི་ནང་རྒྱལ་ས་མངའ་ཁུལ་ནས་ཡོང་མཁན་ཚང་མ་ཟུར་བཀག་དུ་སྡོད་དགོས་པ།
ནིའུ་སོ་ཐི་ཝལ་མངའ་སྡེ། New South Wales
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་གྲངས་ ༣༩༠ བྱུང་ཡོད་པ་དང་། དེའི་ནང་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད། ཉུང་མཐར་མི་གྲངས་ ༦༠ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་བྱུང་བ་ཞིག་ཆགས་ཡོད་འདུག
དེའི་ནང་མི་གྲངས་ ༢༥ ནི་ས་གནས་ Dubbo དང་ Walgett བཅས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷོ་རི་ཇི་ནལ་སྡོད་ཁུལ་དུ་བྱུང་ཡོད་པ་དང་དེའི་ནང་ཕྲུ་གུ་ཁག་ཅིག་ལའང་ཏོག་དབྱིབས་ན་ཚ་འགོས་ཡོད་འདུག
ནིའུ་སོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་པ་ Dr Maryanne Gale ལགས་ཀྱིས་འདས་པའི་བདུན་ཕྲག་གཉིས་ནང་ན་གཞོན་ལོ་ན་ ༢༠ ནས་ ༢༩ བར་ཏོག་དབྱིབས་ན་ཚ་འགོས་མཁན་མང་ཤོས་བྱུང་ཡོད་པ་དང་། ཚང་མས་ཏོག་དབྱིབས་འགོག་ཁབ་རྒྱག་དགོས་པའི་འབོད་སྐུལ་གནང་འདུག
ཝི་ཊོ་རི་ཡ། Victoria
ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༥ བྱུང་ཡོད་པ་དང་། དེའི་ནང་ནད་པ་བཞིའི་ན་ཚ་འགོས་སའི་འབྱུང་ཁུངས་ཤེས་རྟོགས་ཐུབ་མེད་པ་རེད།
སྲིད་བློན་ཨེན་ཌོར་སེ་ Premier Daniel Andrews ལགས་ཀྱིས་ AstraZeneca ཡི་ཏོག་དབྱིབས་འགོག་ཁབ་དེ་བཞིན་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་རྒྱག་ས་ཚང་མ་ནས་ལོ་ན་ ༡༨ ཡན་གྱི་མི་ཚང་མ་ལ་རག་གི་ཡོད་པ་དང་། མངའ་སྡེ་གཞུང་གིས་མ་འོངས་བདུན་ཕྲག་ ༥ ཡི་ནང་ཁྱོན་མི་གྲངས་ས་ཡ་ ༡ ལ་ཏོག་དབྱིབས་འགོག་ཁབ་རྒྱག་ཐུབ་རྒྱུའི་དམིགས་འབེབས་རེ་བ་རྒྱག་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་འགོག་ཁབ་རྒྱག་ས་སྨན་ཁང་ཁག་གི་མིང་གཞུང་དྲ་ཐག་འདི་ནས་གཟིགས་ .
འདིས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡའི་ཁྱོན་དུ།
- ཁུན་སི་ལན་ཌིའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༧ ཐོན་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༤ ནས་བཟུང་སུ་ཞིག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ནས་འབྱོར་ཚེ་ངེས་པར་དུ་ཟུར་བཀག་མགྲོན་ཁང་ནང་སྡོད་དགོས་ཀྱི་ཡོད་འདུག
- ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ད་ཡོད་ཏོག་དབྱིབས་ནད་པ་གྲངས་ ༦ ཡོད་ཅིང་དེ་དག་ལས་ཁྱོན་མི་གྲངས་ ༣༠༠༠ ཙམ་ཏོག་དབྱིབས་ནད་པ་དང་ཐག་ཉེ་འབྲེལ་འདྲིས་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
- མངའ་སྡེ་གཞན་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་ཏཱ་སི་མ་ནིང་ཡ་མངའ་སྡེའི་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཡོད་སྟབས་ཕྱི་ཟླ་་༨ ཚེས་ ༡༧ ནས་བཟུང་དཀའ་ངལ་རོགས་དངུལ་སྙན་ཞུ་འབུལ་ཆོག་གི་ཡོད་འདུག
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།