- ནམ་དུས་དགུན་ཁ་མ་ཚེས་གོང་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་ཤུགས་སྣོན་འགོག་ཁབ་བྷུ་སི་ཊར་ Booster གཉིས་པ་དེ་རག་རྒྱུ་ཡིན་འདུག
- ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་མཆོག་གིས་ཟླ་བ་འདིའི་ཟླ་མཇུག་ཏུ་ལོ་ན་ ༦༥ ལས་བརྒལ་བ་རྣམས་ལ་འགོག་ཁབ་བཞི་པ་དེ་མཐུན་རྐྱེན་སྦྱར་རྒྱུ་ཡིན་སྐོར་བརྗོད་འདུག
- ཡང་འཕྲོད་བསྟེན་བློན་ཆེན་མཆོག་གིས་འདི་ལོའི་ཕྱི་ཟླ་ ༧ པའི་ཟླ་མཇུག་བར་ཆགས་ཡང་ལག་འཁྱེར་ཡོད་མཁན་རྣམས་ལ་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ RAT དེ་མུ་མཐུད་རིན་མེད་དུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག
- དེ་ཡང་ཨོ་སི་ཊོ་ལི་ཡའི་ཀོ་མོན་ཝལ་ཐི་ Commonwealth རྒན་རབས་ཀྱི་ལག་འཁྱེར་དང་། འཕྲོད་བསྟེན་ལག་འཁྱེར། ཡོང་སྒོ་དམའ་བའི་ལག་འཁྱེར། རྒན་ཡོལ་ལག་འཁྱེར་སོགས་ཡོད་མཁན་རྣམས་ལ་དུས་ཡུན་ཟླ་བ་ ༣ རིང་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ RAT དེ་གྲངས་ ༡༠ རེ་རིན་མེད་དུ་སྤྲད་རྒྱུ་ཡིན་འདུག
- ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་བྷར་ཌི་ཧ་ཛར་ཌི་ Brad Hazzard ལགས་ཀྱིས་ཏོག་དབྱིབས་ཨོ་མེ་ཁོ་རོན་གསར་པ་ Sub-Variant BA.2 ཟེར་བ་དེས་རྐྱེན་པའི་མ་འོངས་བདུན་ཕྲག་ ༦ ནང་ནད་པ་རྡབ་གཅིག་ལས་ལྷག་འཕར་སྲིད་སྐོར་བརྗོད་འདུག ཁ་སང་རེས་གཟའ་ཕུར་བུ་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༦༢༨༨ ཐོན་ཡོད་པ་རེད། དེ་ནི་ཕྱི་ཟླ་ ༡ པོ་ནས་བཟུང་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད།
- ཏོག་དབྱིབས་ན་ཚ་གསར་པའི་རྒྱུན་ BA.2 དང་ཡང་ན་རྒྱུན་ཕྱི་མ་ 21L དེ་ཉེ་བའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་ཡོད་སྐོར་ནིའུ་སའོ་ཐི་ཝལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ UNSW གིས་འགྲེལ་བརྗོད་གནང་འདུག
- ལག་བསྟར་འཕྲོད་བསྟེན་འགན་འཛིན་མཱ་རེན་ནི་གྷ་ལི་ Marianne Gale ལགས་ཀྱིས་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་ BA2 དེ་ནི་ཏོག་དབྱིབས་ BA1 ལས་འགོས་ཁྱབ་འགྲོ་མགྱོག་བ་ཡོད་སྐོར་གསུངས་འདུག
- ཡོ་རོབ་ཀྱི་རྒྱལ་ཁབ་ཌན་མག་དང་། དབྱིན་ཡུལ། ནོ་ཝེ། སུ་ཌན་བཅས་ལ་ད་ལྟའི་ཆར་ཏོག་དབྱིབས་ན་ཚ་ BA.2 དེ་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་ཌེ་ནི་ཤིའི་ཞིབ་འཇུག་ལྟེ་གནས་ SSI ནས་འགྲེལ་བརྗོད་གནང་ཡོད།
- འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ (WHO) ཡི་ལྷོ་ཨ་ཧྥི་རི་ཀ་དང་། དབྱིན་ཡུལ། ཌན་མག་བཅས་ཀྱི་ཡིག་ཆར་ལྟར་ན། ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་ BA.1 དང་ BA.2 གཉིས་དབར་མི་འདྲ་བའི་ཆ་མེད་སྐོར་འགྲེལ་བརྗོད་གནང་འདུག
ཏོག་དབྱིབས་ན་ཚ་སྐོར་གྱི་གྲངས་ཐོབ།
ད་ལྟའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༩༩༨ སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༣༩ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༧ འདས་གྲོངས་དང་ནད་པ་གསར་པ་ ༡༤༠༣༤ ཐོན་ཡོད།
ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༡༨༥ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༢༧ ཛ་དྲག་སྨན་བཅོས་དང་། ནད་པ་གསུམ་ལ་དབུག་སྣོན་དགོས་ཀྱི་ཡོད་འདུག དེ་རིང་ནད་པ་ ༡༠ འདས་གྲོངས་དང་ནད་པ་གསར་པ་ ༦༨༡༡ ཐོན་ཡོད་པ་རེད།
ཏཱ་སི་མ་ནི་ཨའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༡༢༩ ཐོན་ནས་ད་བར་མངའ་སྡེའི་ནང་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་དང་། ནད་པ་ ༡༦ ད་ལྟའི་ཆར་སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༤ ཛ་དྲག་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༧༩༡ ཐོན་ཡོད་པ་དང་། ནད་པ་ ༣ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་ནད་པ་ ༣༡ སྨན་ཁང་ནང་ཡོད་འདུག
ཁུན་སི་ལན་ཌིའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༤༣༢༧ ཐོན་ཡོད་པ་དང་། ནད་པ་ ༨ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༢༥༠ སྨན་ཁནང་ཡོད་ཅིང་དེའི་ནང་པ་ ༡༦ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག
ཏོག་དབྱིབས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
གལ་སྲིད་ཁྱེད་རང་གི་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ནས་ནད་རྟགས་ཐོན་ཚེ་གཤམ་གྱི་མངའ་སྡེ་སོ་སོའི་ནས་ཐོ་འགོད་བྱོས།
ཨོ་སི་ཊོ་ལི་ཡའི་ནང་ཁྱེད་རང་གིས་གང་ཞིག་བྱེད་ཆོག་པ་དང་གང་ཞིག་མི་ཆོག་པ་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་གྱི་རོགས་རམ་དགོས་ཚེ་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རོགས་རམ་སྐོར་ཞིག་ཕྲ་གནས་ཚུལ་འདི་ནས་གཟིགས།
SBS དྲ་ཚིགས་ཐོག་ཡོད་པའི་ཏོག་དབྱིབས་ནད་ཡམས་སྐོར་ཁྱེད་རང་གི་སྐད་ཡིག་ནང་དྲ་ཚིགས་འདི་ནས་གཟིགས། .