ཁ་སང་རེས་གཟའ་ཕུར་བུ་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༤༥ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནང་མི་གྲངས་ ༢༠ དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༡༤ ཁུན་སི་ལན་ཌིའི་ནང་མི་ ༦ ནུབ་ཕྱོགས་མངའ་སྡེའི་ནང་མི་ ༡ བཅས་ཚུད་ཡོད་འདུག
གཤམ་གྱི་དྲ་ཐག་འདི་ནས་ཏོག་དབྱིབས་ནད་པ་གསར་པ་དང་། སྨན་ཁང་ནང་ལྷག་ཡོད་པའི་ཏོག་དབྱིབས་ནད་པ། གཞན་ཡང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་གཟིགས། .
དེ་རིང་རེས་གཟའ་པ་སངས་ཉིན་ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་ཁྱོན་མི་གྲངས་ ༥༢༢ ཆགས་ནས་གྲངས་ཚད་ཡར་འཕར་ཡོད་ཀྱང་། མངའ་སྡེ་གཞུང་གི་ཏོག་དབྱིབས་དམ་དྲག་ཁག་ལྷོད་དུ་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག
ཕྱི་ཟླ་ ༦ ཚེས་ ༣༠ མཚན་གུང་ཆུ་ཚོད་ ༡ པོ་ནས་བཟུང་སྟེ་རྒན་གསོ་ཁང་དང་། དབང་པོ་སྐྱོན་ཅན་འདུ་སྡོད་བྱེད་ས། བཙོན་ཁང་བཅས་ཀྱི་ནང་འགྲོ་བསྐྱོད་བྱེད་པར་ཏོག་དབྱིབས་འགོག་ཁབ་བརྒྱབ་ཚར་ཡོད་པའི་དགོས་འདུན་སྒྲིག་གཞི་དེ་མེད་པ་བཟོ་རྒྱུ་ཡིན་འདུག
མ་ཚད་སྦྱིན་བདག་གིས་དགོས་འདུན་བཏོན་ན་མ་གཏོགས། གཞན་ཡང་གནམ་ཐང་དང་། ལྟ་སྲུང་ཁང་པ། བཙོན་ཁང་། ན་གཞོན་ལྟེ་གནས་ཁག བུ་བཅོལ་ཁང་དང་སློབ་ཆུང་སློབ་འབྲིང་སོགས་ལའང་འགོག་ཁབ་བརྒྱབ་ཡོད་པའི་དགོས་འདུན་སྒྲིག་གཞི་མེད་པ་བཟོས་ཡོད་འདུག
ཡིན་ན་ཡང་མངའ་སྡེའི་བློན་ཆེན་ཨཱ་ནཱ་སི་ཊི་ཤའ་ Annastacia Palaszczuk ལགས་ཀྱིས་འཕྲོད་བསྟེན་ལྟ་སྐྱོང་ཁང་དང་། སྨན་ཁང་། རྒན་གསོ་ཁང་། གཞན་ཡང་དབང་པོ་སྐྱོན་ཆེན་ལྟ་སྐྱོང་ལས་ཀ་བྱེད་མཁན་རྣམས་འགོག་ཁབ་བརྒྱབ་ཚར་བ་དགོས་ཀྱི་ཡོད་སྐོར་བརྗོད་འདུག
ཕྱི་ཟླ་ ༦ ཚེས་ ༣༠ ནས་བཟུང་སྟེ་རྒྱལ་སྤྱིའི་འགྲུལ་པ་རྣམས་ཏོག་དབྱིབས་འགོག་ཁབ་བརྒྱབ་ཚར་བ་དགོས་ཀྱི་ཡོད་པའི་ཆ་རྐྱེན་དེ་མེད་པ་བཟོ་རྒྱུ་ཡིན་ཡང་། ཁུན་སི་ལན་ཌིར་མ་ཡོང་བའི་ཆུ་ཚོད་ ༢༤ སྔོན་ལ་ཏོག་དབྱིབས་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་སྙན་ཐོ་བཏོན་པར་ལྟར་ན། ཏོག་དབྱིབས་ན་ཚའི་རིགས་ BA.4 དང་ BA.5 གཉིས་འདས་པའི་བདུན་ཕྲག་ནང་འགོས་ཁྱབ་བརྒྱ་ཆ་ ༢༣ ནས་ ༣༡ ཙམ་བར་ཡར་འཕར་ཡོད་སྐོར་བརྗོད་འདུག
ཏོག་དབྱིབས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༧༧ ནང་མི་གྲངས་ ༥༦ ཁོ་ན་ལ་ཏོག་དབྱིབས་འགོག་ཁབ་ ༣ པ་དེ་རག་ཡོད་འདུག
ཏཱ་སི་མ་ནིང་ཨ་གཞུང་གིས་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་མི་མང་ཚོས་བདུན་ཕྲག་གཅིག་གི་ནང་ཉིན་བདུན་རིང་ལ་ཞོགས་པ་ཆུ་ཚོད་ ༩ པ་ནས་ཕྱི་དྲོ་ཆུ་ཚོད་ ༡ པོ་བར་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ (RAT) དེ་ཏོག་དབྱིབས་བརྟག་དཔྱད་བྱེད་ས་ནས་བླངས་ཆོག་གི་ཡོད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེས་ཕྱི་ཟླ་ ༦ ཚེས་ ༡༥ ནས་བཟུང་སྟེ་ Fiona Stanley སྨན་ཁང་དང་ Armadale འཕྲོད་བསྟེན་ཞབས་ཞུ་ཁང་, Sir Charles Gairdner སྨན་ཁང་གཞན་ཡང་ St John of God Midland མི་མང་སྨན་ཁང་བཅས་ཀྱི་ནང་ཏོག་དབྱིབས་བརྟག་དཔྱད་མཚམས་འཇོག་བྱ་རྒྱུ་ཡིན་འདུག
ཡིན་ན་ཡང་རིནམེད་རྟོག་དབྱིབས་བརྟག་དཔྱད་དེ་བཞིན་མངའ་སྡེའི་ནང་ས་གནས་ཁག་ ༦༠ ཙམ་གྱི་ནང་མུ་མཐུད་རག་གི་ཡོད་འདུག
གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས།
གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།
ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས།
ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.