ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་ཚང་མར་ཁ་པར་ཐོག་ནས་འོས་ཤོག་བླུག་ཆོག་པའི་ཞབས་ཞུའི་དུས་ཚོད་ཕར་བསྣུར་བྱས།

Voters at the Indooroopilly pre-polling booth in Brisbane. (file)

Voters at the Indooroopilly pre-polling booth in Brisbane. (file) Source: AAP Image/Darren England

དེ་རིང་རེས་གཟའ་ལྷག་པ་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༤༧ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནས་མི་གྲངས་ ༢༣ དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༡༠ ཁུན་སི་ལན་ཌི་ནས་མི་གྲངས་ ༩ བཅས་ཆགས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༥༢༠༥ ཐོན་ཡོད་ཅིང་། དེ་ཡང་མངའ་སྡེ་དེའི་ནང་གྲངས་ཚད་མཐོ་ཤོས་དེ་ཉེ་ཆར་རེས་གཟའ་ཕུར་བུ་ཉིན་ཁྱོན་ཏོག་དབྱིབས་ནད་པ་གསར་པ་ ༡༧༡༠༥ ཐོན་ཡོད་པ་རེད། ད་ལྟའི་ཆར་མངའ་སྡེ་དེའི་ནང་ཏོག་དབྱིབས་ནད་པ་ ༣༠༤ སྨན་ཁང་ནང་ལྷག་ཡོད་ཅིང་། དེ་རིང་ཏོག་དབྱིབས་ནད་པ་ ༥ འདས་གྲོངས་སུ་ཕྱིན་ཡོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དེ་སྔོན་ཕྱི་ཟླ་ ༤ ཚེས་ ༡ ནས་བརྩིས་ན་དེ་རིང་སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པ་དང་ཛ་དྲ་སྨན་བཅོས་བྱེད་བཞིན་པའི་ཏོག་དབྱིབས་ནད་པ་བཅས་ཀྱི་གྲངས་འབོར་དམའ་ཤོས་དེ་ཆགས་ཡོད་ཅིང་། ད་ལྟའི་ཆར་སྨན་ཁང་ནང་ཏོག་དབྱིབས་ནད་པ་ ༡༢༢༦ དང་ཛ་དྲག་སྨན་བཅོས་བྱེད་བཞིན་པའི་ནད་པ་ ༤༡ ལས་མེད་པ་རེད་འདུག འོན་ཀྱང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་ད་ལྟའི་ཆར་སྨན་ཁང་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་བཞིན་པའི་གནས་ཚུལ་ཐོན་འདུག

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་སྨན་ཁང་ནང་ཏོག་དབྱིབས་ནད་པ་ ༨༤ ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་པའི་ནད་པ། ད་དུང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་ནད་པའི་གྲངས་འབོར་བཅས་ཀྱི་ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་འདི་ནས་གཟིགས་ 
ཨོ་སི་ཊོ་ལི་ཡའི་ནང་འོས་ཤོག་བླུག་མཁན་གྱི་མི་མང་སུ་ཞིག་ལ་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པ་དང་ཡང་ན་དེའི་རྗེས་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་ཁ་པར་ཐོག་ནས་འོས་ཤོག་བླུག་ཆོག་གི་ཡོད་པ་དང་། དེ་སྔོན་དུས་ཚོད་དེ་ཕྱི་ཟླ་ ༥ ཚེས་ ༡༧ བར་བཟོས་ཡོད་ཀྱང་ད་ཆ་དུས་ཚོད་ཕར་བསྣུར་བྱས་འདུག
 
ཁ་པར་ Telephone ཐོག་ནས་འོས་ཤོག་བླུག་ཆོག་པའི་ཞབས་ཞུའི་དུས་ཚོད།
  • ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༨ཿ༣༠ ནས་ཕྱི་དྲོ་ཆུ་ཚོད་ ༦ པ་བར།
  • འོས་བསྡུ་དངོས་ཀྱི་ཉིན་མོ་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༨ པ་ནས་ཕྱི་དྲོ་ཆུ་ཚོད་ ༦ པ་བར་ཡིན།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་འགོག་ཁབ་བཟོ་ཚོང་ཁང་ CanSino Biologics ཡིས་བཟོས་པའི་ CONVIDECIA ཞེས་པའི་ཏོག་དབྱིབས་འགོག་ཁབ་དེ་ཛ་དྲག་ཆེད་དུ་ཨ་རིམ་ ༡༡ པར་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག    

འགོག་ཁབ་དེས་ཏོག་དབྱིབས་ནད་རྟགས་ཐོན་མཁན་རྣམས་ལ་བརྒྱ་ཆ་ ༦༤ ཙམ་ཕན་ནུས་ལྡན་པ་དང་། ཏོག་དབྱིབས་ནད་པ་ཛ་དྲག་རྣམས་ལ་བརྒྱ་ཆ་ ༩༢ ཙམ་ཕན་ནུས་ལྡན་སྐོར་བརྗོད་འདུག



གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.    


Share
Published 20 May 2022 2:12pm
Updated 20 May 2022 3:11pm


Share this with family and friends