རེས་གཟའ་ཟླ་བ་ནས་ནེའུ་སོ་ཐི་ཝལ་མངའ་སྡེས་འགོག་ཁབ་ཆ་ཚང་བརྒྱབ་ཚར་སའི་ས་གནས་ཁག་ཅིག་བཀག་བསྡོམས་ལྷོད་དུ་གཏོང་འཆར།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༠ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

NSW Premier Gladys Berejiklian arrives to speak to the media during a press conference in Sydney, Friday, September 10, 2021. (AAP Image/Joel Carrett) NO ARCHIVING

NSW Premier Gladys Berejiklian arrives to speak to the media during a press conference in Sydney, Friday, September 10, 2021. Source: AAP Image/Joel Carrett

  • ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་དེ་སྔོན་ཏོག་དབྱིབས་ནད་ཡམས་ཤུགས་ཆེ་ཐོན་སའི་ས་གནས་ཁག་ཅིག་ལ་ཉེ་ཆར་ནད་པ་གསར་པ་ཐོན་མེད་པ་རེད།
  • ཝི་ཊོ་རི་ཡའི་ནང་མེ་འཁོར་ཞབས་ཞུ་ཁག་ལ་འགོག་རྐྱེན་འཕྲད་པ།
  • རྒྱལ་ས་མངའ་ཁུལ་ལ་ཏོག་དབྱིབས་འགོག་ཁབ་ཐོ་འགོད་ཞབས་ཞུ་འཕར་མ་བསྐྲུན་པ།
  • ཁུན་སི་ལན་ཌིའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ཞིག་ཐོན།


ནེའུ་སོ་ཐི་ཝལ་མངའ་སྡེ། New South Wales
ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༥༤༢ ཐོན་ཡོད་པ་དང་ཏོག་དབྱིབས་ཀྱིས་རྐྱེན་པས་མི་ ༩ འདས་གྲོངས་སུ་ཕྱིན་ཡོད་པ་རེད། 

ཕྱི་ཟླ་ ༩ ཚེས་ ༡༣ རེས་གཟའ་ཟླ་བ་ནས་བཟུང་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་གཞུང་གི་ས་ཁུལ་ཁག་ ༡༢   ཙམ་གྱི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་མི་གྲངས་ ༥ ཁང་པའི་ཕྱི་རོལ་དུ་འདུ་འཛོམས་བྱེད་ཆོག་གི་ཡོད་པ་རེད། དེ་བཞིན་གོང་གི་ས་གནས་དེ་དག་ནང་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་ནང་མི་རྣམས་ཕྱི་རོལ་དུ་ཆུ་ཚོད་ ༢ རིང་སྤྲོ་འཆམ་འགྲོ་ཆོག་གི་ཡོད་པས་མ་ཚད། ཉིན་ལྟར་དུས་ཚོད་ཚད་བཀག་མེད་པའི་ཐོག་ནས་ལུས་སྦྱོང་བྱེད་དུ་འགྲོ་ཆོག་གི་ཡོད་པ་རེད། 

 ཕྱི་ཟླ་ ༩ ཚེས་ ༡༣ རེས་གཟའ་ཟླ་བ་ནས་བཟུང་ནེའུ་སོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ནས་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དྲ་ལམ་གསར་འགོད་ལྷན་ཚོགས་ཀྱི་ཚབ་དུ་དྲ་ཐོག་ནས་བརྙན་འཇོག་རྒྱུ་ཡིན་པ་རེད། 

དྲ་ཐག་འདི་ནས་  ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་ཐོ་འགོད་བྱོས། 

ཝི་ཊོ་རི་ཡ། Victoria
དེ་རིང་ཝི་ཊོ་རི་ཡའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༣༤ ཐོན་ཡོད་པ་དང་། དེའི་ནང་མི་གྲངས་ ༡༤༩ ཕན་ཚུན་འགོས་ཁྱབ་བྱུང་བ་ཤེས་རྟོགས་དང་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། 

ཝི་ཊོ་རི་ཡའི་ནང་མེ་འཁོར་ཁ་ལོ་བ་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་རྗེས་གཞུང་གི་མེ་འཁོར་  གྲངས་ ༢༠ ཙམ་ལ་འགོག་རྐྱེན་འཕྲད་ཡཀོད་པ་དང་། གནས་ཚུལ་དེའི་རྐྱེན་པས་མེ་འཁོར་ཞབས་ཞུ་གྲངས་ ༡༠༠ ཙམ་ཕྱིར་འགྱང་ཆགས་ཡོད་འདུག ཁྱེད་རང་གི་ཉེ་འཁོར་དུ་ཏོག་དབྱིབས་འགོག་ཁབ་རྒྱག་ས་དྲ་ཐག་འདི་ནས་གཟིགས་  

ཨོ་སི་ཊོ་ལི་ཡ་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་ཏོག་དབྱིབས་ནད་པ་གསར་པ་ ༢༤ ཐོན་ཡོད་པ་དང་། དེའི་ནང་ཉུང་མཐར་མི་ ༦ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་ཕྱིན་པ་ཡིན་འདུག 

འགོ་ཁྲིད་ཚོས་མི་མང་མང་པོ་ཞིག་འགོག་ཁབ་རག་ཆེད་ ཞེས་པའི་དྲ་ཚིགས་དེ་ནས་འགོག་ཁབ་དུས་ཚོད་ཐོ་འགོད་བྱེད་ས་འཕར་མ་གྲངས ༣༠༠༠༠ ཙམ་མཐུན་རྐྱེན་བསྐྲུན་ཡོད་འདུག 

དྲ་ཐག་འདི་ནས་  ཁྱེད་རང་གི་འགོག་ཁབ་ཐོ་འགོད་བྱོས། 

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ།
  • ཁུན་སི་ལན་ཌིའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡ ཐོན་ཡོད་པ་དང་། ན་གཞོན་དེ་གྲོང་ཁྱེར་ Brisbane ནང་ St Thomas More ཞེས་པའི་མཐོ་སློབ་ནང་སློབ་སྦྱོང་བྱེད་མཁན་ཞིག་ཡིན་འདུག
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 
ནིའུ་སོ་ཐི་ཝལ་མངའ་སྡེ། NSW  and ཝི་ཊོ་རི་ཡ་མངའ་སྡེ། VIC  and རྒྱལ་ས་མངའ་ཁུལ། ACT  and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and 


གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་  ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་  ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།




  •   ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས།  .  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག


ནིའུ་སོ་ཐི་ཝལ་ངམའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། 
བྱང་ཕྱོགས་མངའ་སྡེ།  


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། བྱང་ཁུལ་མངའ་སྡེ།  



Share
Published 10 September 2021 7:37pm
Updated 10 September 2021 8:12pm
By SBS/ALC Content
Presented by Sangyal Dorjee
Source: SBS


Share this with family and friends