- ཉེ་བའི་དུས་ཡུན་ཆུ་ཚོད་ ༢༤ ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༣༨༦༢༥ ཐོན་རྗེས་ཕྱི་ཟླ་ ༢ པ་བར་ཛ་དྲག་མིན་པའི་བཤའ་བཅོས་ཁག་རེ་ཞིག་མཚམས་འཇོག་བྱས།
- ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་ཌོ་མེ་ནིང་ཁི་ Dominic Perrottet མཆོག་གིས་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་སུ་ཞིག་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་རང་ཉིད་ཀྱིས་སྟབས་བདེ་བརྟག་དཔྱད་བྱེད་ཆོག་པའི་ Antigen Test ཐོག་ནས་བརྟག་དཔྱད་བྱས་རྗེས་ན་ཚ་འགོས་ཡོད་པ་ཤེས་རྟགས་བྱུང་ཚེ་ངེས་པར་དུ་གནས་ཚུལ་དེ་འཕྲོད་བསྟེན་ལྷན་ཁང་ལ་སྙན་སེང་ཞུ་དགོས་པ་དང་། གནས་ཚུལ་དེ་ན་ཚ་གསར་པ་འགོས་པའི་གྲངས་ཐོ་ནང་བཅུག་དགོས་ཀྱི་ཡོད་སྐོར་གསལ་བསྒྲགས་བྱས་འདུག
- ནིའུ་སའོ་ཐིཝ་ལ་མངའ་སྡེའི་ནང་མགྲོན་གཉེར་ཞབས་ཞུ་ཁག་གི་ནང་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་དེ་བཞིན་མུ་མཐུད་ཕྱི་ཟླ་ ༡ ཚེས་ ༢༧ བར་གནས་རྒྱུ་ཡིན་སྐོར་གསལ་འདུག
- དེ་རིང་གསར་འགོད་ལྷན་ཚོགས་ཐོག་མངའ་སྡེའི་བློན་ཆེན་ Dominic Perrottet མཆོག་གིས་ཏོག་དབྱིབས་འགོག་ཁབ་རྒྱག་ས་ཁག་ལ་རྗེས་མར་ཤུགས་སྣོན་སྨན་ཁབ་ Boosters བྷུ་སི་ཊར་དེ་ཡང་མཉམ་དུ་རྒྱག་དགོས་ཀྱི་ཡོད་སྐོར་བརྗོད་འདུག
- ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་ཏོག་དབྱིབས་ནད་པ་ ༡༧༣༨ སྨན་ཁང་ནང་ལྷུང་ཡོད་པ་དང་དེ་རིང་མི་གྲངས་ ༡༣༤ ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་སྐོར་མངའ་སྡེའི་ནང་འཕྲོད་བསྟེན་ལྷན་ཁང་གིས་གསུངས་འདུག
- ཝི་ཊོ་རི་ཡའི་ནང་སྨན་ཁང་ནང་ལྷུང་བའི་ཏོག་དབྱིབས་ནད་པ་ ༦༤༤ ལ་ཡར་འཕར་ཡོད་པ་དང་། ནད་པ་ ༥༨ ལ་ཛ་དྲག་ལྟ་རྟོགས་དང་མི་གྲངས་ ༢༤ དབུགས་སྣོན་བསྒར་དགོས་པ་ཆགས་ཡོད་འདུག
- སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་ཨོ་སི་ཊོ་ལི་ཡའི་མི་མང་ཚོས་གཞུང་འཛིན་ཚོགས་པའི་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་དང་གོད་ཆགས་རོགས་དངུལ་གྱི་ཐོབ་ཐང་ཡོད་མེད་སོ་སོས་བརྟག་དཔྱད་བྱེད་དགོས་པ་དང་། རོགས་དངུལ་དེ་བཞིན་ཉིན་བདུན་རིང་མི་གཅིག་ལ་ཟུར་བཀག་དང་ཟུར་སྡོད་བཅས་ལ་དངུལ་འབོར་ཨོ་སྒོར་ ༧༥༠ རེར་ཡོད་སྐོར་བརྗོད་འདུག
- ཁུན་སི་ལན་ཌིའི་མངའ་སྡེ་བློན་ཆེན་ཨ་ནག་སི་ཊ་ཤའ་Annastacia Palaszczuk ལགས་ཀྱིས་ཨོ་མེ་ཁོ་རོན་གྱི་ན་ཚ་ཁྱབ་བརྡལ་ཇེ་སྡུག་ཏུ་ཕྱིན་ཚེ་ཁུན་སི་ལན་ཌིའི་ནང་སློབ་ཆུང་སློབ་གྲྭ་ཁག་འཚོག་རྒྱུར་དུས་ཡུན་བདུན་ཕྲག་ ༢ ཙམ་གྱི་བར་འགོར་འགྱང་བྱེད་དགོས་འཁེལ་སྲིད་སྐོར་ཉེན་བརྡ་བཏང་འདུག
- བྱང་ཕྱོགས་མངའ་སྡེས་འགོག་ཁབ་མ་བརྒྱབ་མཁན་རྣམས་ལ་དམ་བསྒྲགས་བྱེད་བཞིན་ཡོད་འདུག དེ་ཡང་འགོག་ཁབ་མ་བརྒྱབ་མཁན་ལོ་ན་ ༡༦ ཡན་རྣམས་རྒྱུ་མཚན་ ༣ ་གྱི་ཐོག་ནས་མ་གཏོགས་ཕྱིར་ལ་འགྲོ་བསྐྱོད་བྱེད་ཆོག་གི་མེད་པ་དང་། ཕྱིར་ལ་འགྲོ་བསྐྱོད་དེ་ཡང་རང་ཉིད་ཀྱི་ཁྱིམ་ནས་སྤྱི་ལེ་ ༣༠ ལས་བརྒལ་ཆོག་གི་མེད་པ་རེད་འདུག
- འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ (WHO) ཀྱིས་ཨོ་མེ་ཁོ་རོན་ན་ཚ་དེས་འཛམ་གླིང་ཁྱོན་ལ་མི་རྣམས་འཆི་སྐྱོན་བཟོ་བཞིན་ཡོད་སྐོར་བརྗོད་འདུག
ཏོག་དབྱིབས་ནད་པའི་གྲངས་ཐོ།
དེ་རིང་ནིའུ་སའོ་ཐིཝ་ལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༨༦༢༥ ཐོན་འདུག་པ་དང་མི་གྲངས་ ༡༡ འདས་གྲོངས་སུ་ཕྱིན་འདུག དེ་དང་ཆབས་ཅིག་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༡༧༦༣༦ དང་མི་ ༦ འདས་གྲོངས་སུ་ཕྱིན་འདུག
ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༠༩༥༣ དང་ལྷོ་ཕྱོགས་མངའ་སྡེའི་ནང་ནད་པ་གསར་པ་ ༣༠༧༠ ཐོན་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་ལ་ཏོག་དབྱིབས་ནད་པ་གསར་པ་ ༡༢༤༦ དང་ཏཱ་སི་མ་ནིང་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༤༨༩ ཐོན་འདུག
མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག
ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
འགྲིམ་འགྲུལ།
དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
དཔལ་འབྱོར་རོགས་རམ།
མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས།
- གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་གཟིགས་རྒྱུ་ཡོད།
- མངའ་སྡེ་དང་ས་ཁུལ་ཁག་གི་ནང་འབྲེལ་ཡོད་གནས་ཚུལ་ཁག་ཅིག , , , , , , .
- བོད་ཡིག་ནང་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་འདིར་གཟིགས། .